སྒྱུ་འཕྲུལ་ལྟ་བུའི་ལྷ་ས།

                                                                           ___སྤོ་བོ་འདས་རྗེས་ཀྱི་སྟོད་ཉི་མ་ལྷ་ས།
    ང་ལ་མཚོན་ན་ལྷ་ས་ནི་ཆེས་ཆ་ཡོད་ཆ་མེད་ཀྱི་བརྗོད་བྱ་ཞིག་རེད་ལ།བདག་གི་སྤོ་བོ་ལགས་ལ་མཚོན་ན་ལྷ་ས་ནི་ཆེས་རྒྱུས་ཡོད་ཀྱི་གཏམ་རྒྱུད་ཅིག་ཡིན་པ་སྨོས་མེད་རེད།ད་ལོར་སྤོ་བོས་མིག་ཆུ་ཤམ་ཤམ་ཁྲོད་ལྷ་སའི་འདས་དོན་གླེང་དུས།ང་ཡང་འདུག་མ་བཟོད་པར་མཆོད་རྐོང་དང་ལྷ་ཚོགས་ཀྱི་ཞབས་ཟུང་ལ་མགོ་བོ་བསྔས་ནས་གསོལ་འདེབས་ཡང་ཡང་བགྱིས་པ་ཡིན། ངས་ནི་སྤོ་བོ་དང་ཨ་མྱེས་ཁ་ནས་ལྷ་ས་ཟེར་བའི་གནས་མཆོག་ཅིག་ཡོད་པར་གོ་མྱོང་ལ།དེ་ནི་ང་དང་ངའི་མི་རབས་ལ་མཚོན་ན་ཟེར་སྒྲོས་ཙམ་ལས་དོན་དངོས་ཀྱི་ལྷ་ས་ནི་དོན་དངོས་ཀྱི་དག་ཞིང་ཞིག་དང་འདྲ་བར་ཤིན་ཏུ་རྒྱང་ཐག་རིང་བོར་འདུག ངས་བསམ་ཤེས་པ་ནས་བཟུང་།སྡེ་བའི་ནང་གི་སྐྱ་སེར་ཕོ་མོ་དང་བླ་ཆེན་དཔོན་ཆེན་སོགས་འཚང་ཁ་ཤིག་ཤིག་གིས་ལྷ་སའི་ཕྱོགས་སུ་གཤར་གྱིན་འདུག
    སྐབས་དེར་ང་ཡང་འབྱུང་འགྱུར་གྱི་ཉིན་ཞིག་ལ་ལྷ་སར་ཐོན་ན་ཅི་མ་རུང་སྙམ་པའི་སེམས་ཚོར་རིགས་ཤིག་གིས་རྨང་ནས་སྒུལ་མྱོང་། འོན་ཀྱང་ཆུང་དུས་སུ་ལྷ་སར་འགྲོ་འདོད་པ་ནི་མཚན་མོའི་སྐར་ཚོགས་ལ་ལག་རྙོབས་ཡང་ཡང་བགྱིས་ནས་བཏུ་འོངས་སྙམ་པའི་སྣང་འཕྲུལ་ཞིག་ལས་དེ་ནི་ང་ལ་མཚོན་ན་སྟོང་བསམ་ཁོ་ནར་གྱུར་ཡོད།སྤོ་བོས་བཤད་པ་བདེན་ན་ལྷ་ས་ནི་ལྷ་ཚོགས་ཀྱི་འདུ་འགོད་འཁྲིགས་སའི་གནས་མཆོག་ཁྱད་མཚར་བ་ཞིག་ཡིན་པར་བརྗོད་ལ།ཆོས་ཀྱི་ས་བོན་དཀར་པོ་སྨིན་སའི་དཀོན་མཆོག་གི་མཐུ་སྟོབས་རྒྱས་སའི་བསྟི་གནས་འཕགས་ཤོས་དེ་ཡིན་པར་རྒྱུན་དུ་གླེང་།དེ་ལྟར་ངའི་མཚར་སྣང་ལ་བསྡེབ་པའི་ལྷ་ས་ནི་སྤོ་བོའི་གཏམ་རྒྱུད་ཁྲོད་ནས་ནར་སོན་ཞིང་གསོན་སྟོབས་རབ་ཏུ་འབར།བདག་གིས་སྤོ་བོའི་གཏམ་རྒྱུད་ཀྱི་མཚར་སྡུག་དེའི་ནང་སེམས་ཚོར་རིགས་ཤིག་གི་མཚར་སྣང་གཅུད་དེ་ལྷ་ས་ཟེར་བའི་གནམ་མཁར་མཐོན་པོ་ཞིག་བློ་བཟོ་ཡང་ཡང་བྱས།ཉིན་ཞིག་ངའི་རྨི་ལམ་ཏུ་ལྷ་ས་རྨིས་བྱུང་།ལྷ་སའི་འཇམ་མཉེན་གྱི་ཉི་འོད་དང་དྭངས་གསལ་གྱི་ནམ་མཁའ།ད་དུང་ཞི་འཇམ་དང་བག་ཡངས་ཀྱི་གཡོ་བ་སྣ་ཚོགས་ཀྱིས་ང་རང་རེ་ཞིག་མི་ཡུལ་གྱི་དག་ཞིང་གཞན་ཞིག་ཏུ་འཁྲིད་བརྩིས་ཡང་ཡང་བགྱིས།གློ་རྡེག་ཏུ་གཉིད་ལས་སད་དུས།ང་རང་ཁོ་ན་མལ་ཁང་གི་གདན་སྟེང་ན་ལུས་འདུགསྐབས་དེར་ང་ལ་འགྱོད་སྣང་དང་འཕང་སྣང་ཡུག་ཅིག་གིས་ཤུགས་རིང་རེ་འཐེན་དགོས་བྱུང་།ནངས་མོར་ངས་སྤོ་བོ་ལགས་ལ།མདང་ནུབ་ཀྱི་རྨི་ལམ་ནང་གི་ལྷ་ས་གླེང་བ་ཡིན།སྤོ་བོས་དད་པའི་འཛུམ་བག་གི་མགོ་བ་ལྷ་སའི་ཕྱོགས་སུ་བསྲིངས་ནས་ངའི་མགོ་བོ་ལ་ཕྱག་ཟུང་གིས་བྱིལ་བྱིལ་ཡང་ཡང་བགྱིས་ཚེ།སྤོ་བོའི་ཕྱག་ཟུང་གི་བྱིལ་བྱིལ་ནི་མདང་ནུབ་རྨི་ལམ་ཁྲོད་ཀྱི་ལྷ་སའི་ཉི་འོད་དང་འདྲ་བར་སླར་ཡང་ང་ལ་མཚན་ལྗོངས་ཧྲིལ་པོ་དེས་བསླུ་བྲིད་ཐེངས་གཅིག་བྱས།དེ་རྟར་སྤོ་བོས་ཟབ་ནན་དང་དག་སྣང་གིས་རྒྱུན་དུ་ལྷ་ས་གླེང་བ་ནི་སྤོ་བོ་ལ་མཚོན་ན་རྒྱུན་དུ་གཏམ་རྒྱུད་དེའི་ཁྲོད་ན་བྱུང་བ་གཞན་ཞིག་དང་གཏམ་རྒྱུད་གཞན་ཞིག་སྦས་ཡོད་པའི་སེམས་ཚོར་འདྲ་མིན་རེ་སྟེར་འོང་། སྤོ་བོའི་ཕྱིར་དྲན་གྱི་ཟབ་ས་ཟབ་ས་ཞིག་ན་སུ་ལའང་བཤད་འདོད་པའི་དག་ཞིང་ཞིག་ཉར་ཡོད་པ་ཚོར་ལ ། ཆེས་ཐོག་མའི་གཏམ་རྒྱུད་དེའི་བྱུང་བའི་ངོས་སུ་མདོག་མི་འགྱུར་བའི་དད་པའི་གསེར་ཡིག་ཆེན་པོ་གཉིས་འོད་ལམ་ལམ་གྱི་ཡོད་པའང་རྨང་ནས་ཚོར། འདི་ནི་གཏམ་རྒྱུད་དེའི་དཀྱིལ་སྙིང་སྟེ ། སྤོ་བོའི་ཚེ་གང་བོར་རང་ཉིད་ཀྱི་ཆེས་ཟབ་ས་ཞིག་ན་ཆེས་རྒྱང་རིང་དང་ཆེས་ཐག་ཉེ་ལྟ་བུའི་གཏམ་རྒྱུད་ཅིག་གི་འགྲེལ་བྱང་བཀོད་ཅིང་།སྤོ་བོའི་རེ་སྨོན་ཁྲི་ཕྲག་གི་བམ་ཁ་ཇེ་འཐུག་ནས་ཇེ་འཐུག་ཏུ་སོང་ཚེ།སྤོ་བོའི་འོད་ཟེར་སྦྲུམ་མྱོང་བའི་ཕྱི་མིག་གྲངས་མེད་ཅིག་ལྷ་སའི་རྨི་ལམ་གྱི་སྟོན་ལྗོངས་སུ་སྙེ་མ་བཞིན་མགོ་ལྕོག་ལྡེམ་ཡོད་ལ་གསེར་མདོག་གི་འགྱུར་ཁུགས་གསོན་པོ་ཞིག་ཀྱང་རྡོག་ཕྲེས་སུ་བླངས་ཡོད་ངེས། བདག་གི་སྤོ་བོ་ཚེ་གང་བོར་ལྷ་སར་མཇལ་བཏུབ་མེད་ཀྱང་།ལྷ་སའི་བྱུང་བ་དང་སྒྱུ་འཕྲུལ་ལྟ་བུའི་གཏམ་རྒྱུད་ཅིག་ལ་ཐེངས་མང་མཇལ་མྱོང་།ངའི་སྣང་ངོར་ཞིག་ལ་སྤོ་བོ་རྒས་ཀྱིན་རྒས་ཀྱིན་ཏུ་ངའི་རྨི་ལམ་དང་སྤོ་བོའི་གཏམ་རྒྱུད་ཁྲོད་ཀྱི་ལྷ་སའང་ཉིན་རེ་ལས་ཉིན་རེར་རྒས་ཀྱིན་པ་འདྲ་ལ།སྤོ་བོའི་དབུ་ཉག་རེ་རེ་ཇེ་དཀར་ནས་ཇེ་དཀར་ཏུ་གྱུར་ཚེ།ངའི་རྨི་ལམ་གྱི་ནང་གི་ལྷ་སའི་ཉི་འོད་ཀྱང་སྐམ་པོར་གྱུར་ནས་མདངས་མེད་པའི་འཆར་ནུབ་རིགས་ཤིག་གིས་ང་རང་རྨང་ནས་སྒུལ་གྱིན་འདུགཚེ་གང་བོར་ལྷ་ས་དྲན་མྱོང་བའི་བདག་གི་སྤོ་བོ་ནི་མི་ཡུལ་གྱི་ཆེས་ཉམ་ཆུང་གི་གྲུ་ཟུར་ཞིག་ནས་གཏམ་རྒྱུག་ཅིག་གི་ཞེན་ཆགས་ལ་འཇུས་ནས་རྒྱང་ཏུ་ཆས་སོང་ལ། དེ་ནི་ང་ལ་མཚོན་ན་མི་ཡུལ་ནས་རྣམ་དག་གི་ལྷ་ས་དྲན་མྱོང་བའི་མི་ཞིག་ཇེ་ཉུང་དུ་སོང་བ་དང་མཚུངས་ལ། སྐབས་རེར་དེ་ནི་གཏམ་རྒྱུད་ཅིག་བཀླག་མཚམས་བཞག་ནས་ཕྱིར་ཡོང་མེད་པའི་མི་ཞིག་ཐག་རིང་ཐག་རིང་ཞིག་ཏུ་ཆས་སོང་བ་དང་ཀུན་ནས་མཚུངས།དེ་ལྟར་ལོ་དང་ཟླ་བ་ནི་ཆུ་བོའི་རྒྱུན་ལ་འགྲོགས་ནས་མུ་ནས་མུ་རུ་བཞུར་ཚེ།བདག་གིས་ལྷ་ས་ཟེར་བའི་ལོ་རྒྱུས་ཀྱི་གཟུགས་རིས་ཙམ་ལ་འཕྲད་པའི་གོ་སྐབས་བྱུང་ཞིང་།ངས་ད་ལྟའི་ལྷ་ས་དེ་ལ་སྤོ་བོའི་གཏམ་རྒྱུད་ཁྲོད་ཀྱི་ལྷ་སས་ཇི་ལྟར་བརྡར་ཤ་བཅད་ཀྱང་།མཚུངས་རྟགས་ཤིག་གཏན་ནས་ཐོབ་ཐབས་བྲལ། ང་ནི་ངའི་རྨི་ལམ་ནང་གི་ལྷ་ས་ལ་དགའ་ཞིང་། སྤོ་བོ་ནི་སྤོ་བོའི་གཏམ་རྒྱུད་ཁྲོད་ཀྱི་ལྷ་ས་ལ་དུངས་བས། ངའི་རྨི་ལམ་གྱི་ལྷ་ས་ནམ་རྒྱུན་སྤོ་བོའི་གཏམ་རྒྱུད་ཁྲོད་ཀྱི་ལྷ་ས་དང་ཉེ་སར་བཅར་ཨེ་ཐུབ་བལྟས་པ་ཡིན། དེ་ནི་བདག་ཅག་གི་སྤོ་བོ་དྲན་སྟངས་གཞན་ཞིག་ཀྱང་ཡིན་པར་ངེས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་འཕྲུལ་ལྟ་བུའི་ལྷ་ས།

2011-05-27 སྲིན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།