《འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས》ཞེས་པར་མཇལ་རྗེས།

                                    ༡
 ས་སྒང་ནི་མ་གཞི་ནས་ཐེད་ཅིང་རལ་བཞིན་པའི་སྣོད་ཧྲུལ་བོ་ཞིག་སྟེ།དེའི་གས་སྲུབས་སམ་ཨུ་ཁུང་རེ་རེ་ལས་ནམ་ཞར་བཞུར་དོན་མི་འདྲ་བའི་ཁྲག་ཐིགས་གྲངས་མེད་འཛུམ་དང་འཛུམ་གྱིན་གདའ།དེ་ནི་བཅུད་དུ་འབོད་པའི་སེམས་ཅན་དག་གིས་མ་རུང་སྦྱོར་རྩུབ་ཀྱི་འདུ་བྱེད་ལས་བྱུང་བའི་བྱས་ཉེས་ཀྱི་འབྲས་བུ་མ་ཡིན་ནམ།འཇིག་ཉེན་གྱི་དབྱིངས་སུ་དཔྱངས་པའི་གོ་ལ་ཆེན་པོ།ནམ་ཞིག་འབྱུང་བཞིའི་འཇིག་པས་དེད་དེ་གཞི་མེད་དབྱིངས་སུ་འཐིམས་དུས།ས་སྒང་འདིའི་ཉེས་ཅན་དག་གིས་ཀྱང་དཔལ་འབྱོར་ཁོ་ནའི་རལ་གྲི་ཁྱེར་ནས་རང་སྲོག་རང་གིས་བཅད་པར་འགྱོད་བཤགས་བྱ་སྲིད་དམ།
                                       ༢
 རུས་རྐང་དང་རྩ་སྦུབས་རེ་རེར་རྒྱུ་དང་རྒྱུ་བཞིན་པའི་རླུང་གི་ངོ་བོ།དུས་རབས་དང་བསྐལ་བའི་ཀློང་ན་ཤུགས་ཀྱིས་འབར་བཞིན་པའི་མེ་ཡི་རང་བཞིན།འབྲེལ་འདྲིས་དང་མཐུན་འབྲེལ་གྱི་བྱེད་ནུས་འཆང་བའི་ཆུ་ཡི་རང་གཟུགས།ཡུན་གནས་དང་བརྟན་བརླིང་གི་རྣམ་པར་གནས་པའི་ས་ཆེན་ལྟ་བུའི་སྐད་ཡིག་སྟེ།འབྱུང་བཞིའི་ངོ་བོས་བསྐྱེད་ཅིང་འབྱུང་བཞིའི་རྣམ་པར་གནས་པའི་ཕྱིར་ན།མིའི་རིགས་ཀྱི་བླ་སྲོག་གི་གཟུང་ཐག་དང་མཐུན་འབྲེལ་གྱི་ཟམ་པར་ངེས།
                                           ༣
  ཐོག་མ་ནས་རྩོལ་བའི་བསྐྱེད་འབྲས་སུ་སྨིན་ཞིང་དར་ལ།ད་ལྟ་ཡང་རྩོལ་བའི་ལག་ལེན་དུ་འཇིག་ཅིང་འབོར་བཞིན་པ་ནི་ཆོས་ཉིད་དུ་ངེས་མོད།ཡིན་ནའང་གློ་བུར་གློ་བུར་གྱི་སྐད་ཡིག་གི་འཇིག་ཉེན་འདིས་འཛམ་གླིང་གི་མི་རྣམས་ལ་ཉེན་བརྡ་ཐེངས་ཤིག་བརྒྱབ་པ་དང་།ང་ཚོར་ཡང་གོ་བརྡ་གཞན་ཞིག་སྤྲོད་ཀྱིན་མེད་དམ།
                                      ༤
  ཕྱི་རྐྱེན་དང་ནང་རྐྱེན། འཚོ་གནས་དང་དགོས་མཁོ་གང་རུང་གིས་ང་ཚོའི་སྐད་ཡིག་ལ་ཡང་ཉེན་ཁའི་རྦ་རླབས་ཀྱིས་དེད་ནས་འོང་གིན་པ་སུར་མི་གསལ།ཡིན་ཡང་རྒྱང་མཐོང་ཆག་པའི་མི་འདི་དག་གིས་མདུན་གྱི་དཀར་ཡོལ་ཁོ་ནར་རེ་བ་ལས་ཐག་རིང་གི་རིན་པོ་ཆེར་སྣང་དོགས་བྱེད་ཀྱིན་མི་འདུག    རྐྱེན་དེས་འཛམ་གླིང་ན་དཀོན་པའི་རིན་པོ་ཆེའི་བུམ་པ་ཞིག་རང་དགར་འབོར་དོགས་ཀྱི་གྱོང་གུད་དང་།མི་རིགས་ཤིག་གི་རྣམ་ཤེས་བོར་ཏེ་བདག་མེད་བེམ་པོར་འགྱུར་བའི་ཉེན་བརྡ་ཡང་བཏང་དང་གཏོང་བཞིན་པ་མ་ཡིན་ནམ།
                                  ༥
  ཕྱི་ཡིས་ནང་ལ་རྨ་ཁ་བཟོས་ཤིང་ནང་ནས་ཕྱི་ལ་ཁྲག་དམར་བརྡོལ།འདི་ནི་སྐད་དང་ཡི་གེའི་འཇིག་སྟངས་ཏེ།འབྱུང་འགྱུར་གྱི་ཆིག་སྒྲིལ་ཐག་པས་ཡོངས་སུ་བསྡམས་ཚེ།འཛམ་གླིང་དུའང་སྐད་ཡིག་རེ་གཉིས་ལས་མི་ལྷག་ན།ང་ཚོ་ནི་བར་སྣང་དུ་སྤུར་བའི་བྱ་སྤུ་ཞིག་ལས་གཞན་ཅི།
                                ༦
  ཕྱི་རོལ་ན་དྲག་ཏུ་ལྡང་བའི་རླུང་འཚུབ་འདིས་ངའི་དོན་ལྔ་སྣོད་དྲུག་གནས་ངེས་མེད་དུ་མི་ཁུར་བའི་གདེང་ཚོད་མེད་ལ། ངའི་རུས་རྐང་དང་ཟུངས་ཁྲག་གི་གསེབ་ལའང་འཁྱག་དར་མི་ཆགས་པའི་ངེས་པ་ག་ལ་མཆིས། རྐྱེན་དེས་ངའི་སྐད་ཆ་དང་ངའི་ཡི་གེ  མ་འོངས་པར་རྒྱ་མཚོ་འདིར་ཁ་བ་བཞིན་འཐིམས་ཚེ།ང་ཚོས་རང་ཉིད་རྩ་བ་ནས་བོར་ཟིན་པ་མ་ཡིན་ནམ།
           གསལ་བཤད།འདི་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་བརྩམས་པའི་《འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་རིག་པའི་རྣམ་གཞག་དང་འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས》ཞེས་པ་ལས་ཕྱི་མ་བཀླགས་རྗེས།
                                                                                                         ༢༠༡༡ལོའི་ཟླ་༩ཚེས༢༠ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས》ཞེས་པར་མཇལ་རྗེས།

2012-01-10 རྔོག་རུ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།