སློབ་ཕྱིའི་དཔེ་ཀློག་ལ་མི་སྤྲོ་བའི་མཐོ་འབྲིང་སློབ་མ།

  ཁ་བྱང་འདི་མཐོང་མ་ཐག་ནམ་རྒྱུན་དཔེ་ཀློག་ལ་བྲེལ་བའི་སློབ་བུ་ཡ་རབས་དེ་དག་གི་སེམས་ལ་མི་འདོད་པའི་རྨ་ཁ་ཞིག་མི་སྟེར་བར། དེ་ལས་ལྡོག་སྟེ། ནམ་རྒྱུན་སློབ་གྲྭ་ན་སློབ་དེབ་སྣ་གཅིག་པུ་ལས་མིག་གིས་མཐོང་གི་མེད་པ་དང་། སློབ་ཁྲིད་ལས་གཞན་དཔེ་དེབ་དང་རྒྱབ་འགལ་དུ་གྱུར་ཡོད་པའི་མཐོ་འབྲིང་གི་སློབ་མ་མང་ཤོས་ཤིག་ལ་བདག་གིས་བསམ་གཟས་ནས་སེམས་སུ་རྨ་ཁ་བཟོ་འདོད་ཡོད་པར་དམིགས་ཏེ་ཁ་བྱང་འདི་བཏགས་པ་ཡིན། དེང་སང་ཆུ་ཚད་མི་གཙོ་འཁོར་རྒྱུགས་གཙོ་བའི་དུས་རབས་ཡིན་པའི་དབང་གིས། སློབ་གསོའི་སྡེ་ཁག་ནས་འགོ་བརྩམས་ཏེ། མི་བུའམ་སློབ་མ་འདི་དག་ལ་ཤེས་བྱའི་རྨང་གཞི་འཇོག་པར་མི་གཙོ་བར་འཆར་གཞི་འགྲུབ་ཐབས་དང་སློབ་དེབ་ཁྲིད་ནས་ཚར་ཐབས་བྱེད་པ་ལས། སློབ་མའི་རྒྱུད་ལ་ཤེས་བྱ་གསོག་འཇོག་བྱེད་པའི་རྨང་གཞི་ཤེས་བྱ་བརྒྱུད་སྤྲོད་མི་བྱེད་པ་དང་། སློབ་མའི་གཤིས་རྒྱུད་ལ་བཟང་གོམས་ཀྱི་གཤིས་ལུགས་འགོས་སུ་མི་འཇུག་པར་ངན་གོམས་ཀྱི་དུག་རྫས་འགོས་སུ་འཇུག་པ་ལས་ཀུན་སྤྱོད་སློབ་གསོ་གཙོར་མི་འཛིན་པའི་དུས་རབས་ཡ་མ་བརླ་ཞིག་ཏུ་སླེབས་ཡོད་པ་རེད།
   དེང་སང་ལྷག་པར་དུ་འགོས་ནད་ཚབས་ཆེན་ཞིག་ཁྱབ་ཡོད་པ་ནི། མ་འོངས་པའི་བོད་གངས་ཅན་གྱི་བདག་པོ་སྟེ་མཐོ་འབྲིང་གི་བོད་རིགས་བྱིས་པ་འདི་དག་གིས་མ་འོངས་བའི་མདུན་ལམ་རིང་བོ་ལ་འདང་སྤུ་ཙམ་ཡང་མི་རྒྱག་པར། སྐྱིད་བདེ་བག་ཕེབས་ལ་མགོ་གཡེང་ཞིང་སེམས་ཤོར་ནས། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་སློབ་ལ་བརྩོན་མཁན་གྱི་མི་བུ་ཡ་རབས་ཅན་ཉིན་དཀར་གྱི་སྐར་མའི་དོ་ཟླར་འགྲན་དང་འགྲན་བཞིན་པའི་ངང་ཚུལ་འདི་ནི་ཅི་འདྲའི་སེམས་ཕམ་དགོས་པའི་སྐྱོ་གར་ཞིག་མ་ཡིན་ནམ། སློབ་ཁང་གི་སློབ་ཁྲིད་ཁོ་ནས་ད་གཟོད་སློབ་སྦྱོང་གི་འགན་ཡོངས་རྫོགས་འགྲུབ་ཐབས་བྱས་ཏེ་བསྡ྄ད་ཡོད་པའི་ངང་ཚུལ་སྐྱ་བོ་འདིས་མཇུག་འབྲས་ནི་བོད་མི་རིགས་ཀྱི་མ་འོངས་རྒྱུད་འཛིན་གྱི་བདག་པོ་ཚོའི་མདུན་ལམ་གྱི་ཁ་ཕྱོགས་མཐོང་ཐུབ་པས། མ་འོངས་གངས་ལྗོངས་ཀྱི་བདག་པོ་ཚོ་ནི་སྐྱིད་བདེ་བག་ཕེབས་ལ་རོལ་བའི་མི་བུ་སྒལ་ཚིགས་མེད་པའི་ཚོགས་ཁྱུ་ཞིག་ཡིན་པ་ལས། མི་རིགས་ཀྱི་རིག་གནས་ཤེས་བྱའི་ཡར་རྒྱས་གོང་འཕེལ་ལ་གཏོང་བའི་མི་བུ་སྒལ་ཚིགས་དང་མི་བུ་ཤེས་ཡོན་ཅན་མིན་པ་ཐག་གིས་བཅད་དེ་བཤད་ཆོག་པ་རེད་འདོད།
   དེང་སང་རང་ཉིད་ཀྱི་མདུན་ལམ་རང་གིས་བཙལ་བའི་དུས་རབས་ཤིག་ཡིན་པས། མ་འོངས་གངས་ལྗོངས་ཀྱི་བདག་པོའི་རྒྱུད་འཛིན་པ་རྣམ་པ་ཚོ། དུས་རབས་འཕེལ་རྒྱས་ཀྱི་དཀྱོག་མཚམས་འདི་ནས་ཁྱོད་ཚོས་འདི་ལྟར་རང་མགོ་རང་གིས་གཡོག་སྟེ་ཉི་མ་འདའ་ཐབས་དང་དུས་ཚོད་འགྲོ་ཐབས་བྱས་ཏེ་རང་གི་ལང་ཚོ་དང་རང་གི་མི་ཚེ་དཔེ་ཀློག་དང་སློབ་སྦྱོང་བྱེད་པའི་དུས་ཚོད་སྟེང་དུ་མི་བཀོལ་བར། དོན་མེད་པའི་བྱ་བ་སྣ་ཚོགས་ཀྱི་ཁྲོད་ན་འདི་ལྟར་ཆུད་ཟོས་དང་སྟོང་ཟད་དུ་གཏོང་བ་འདི་ནི་ཆེ་ས་ནས་བཤད་ན་མི་རིགས་ཀྱི་གྱོང་གུད་དང་། ཆུང་ས་ནས་བཤད་ན་ཁྱོད་ཚོའི་ཁྱིམ་རྒྱུད་ཀྱི་གྱོང་གུད་དང་རང་ཉིད་ཀྱི་གྱོང་གུད་འབའ་ཞིག་མ་ཡིན་ནམ། མཐོ་འབྲིང་གི་སྐབས་ནི་ད་གཟོད་ཁྱོད་ཚོའི་ངལ་གསོའི་ཚིགས་མལ་དང་།  རང་ཉིད་ཀྱི་མི་ཚེ་དང་ལང་ཚོ་ལང་ཤོར་དུ་གཏོང་བའི་དུས་སྐབས་དང་ལོ་ཟླ་ཡིན་པར་ངོས་བཟུང་ཡོད་ན། རང་ཉིད་ཀྱིས་རང་ཉིད་ཀྱི་མི་ཚེར་སྙིང་བོ་མེད་པར་བཟོས་ཏེ་རྒུད་པའི་ལམ་ལ་བསྐྱོད་དུ་བཅུག་པ་དང་། དེ་མིན་མི་རིགས་ཤིག་གི་མངའ་ཐང་དང་། མི་རིགས་ཤིག་གི་རིག་གནས་ལ་རྩིས་ཐང་མི་བྱེད་པར་རྨེག་མེད་དུ་བཟོ་མཁན་གྱིས་ནག་ཉེས་ཚབས་ཆེན་བཟོ་མཁན་གྱི་མི་བུ་སྐྱག་གཟན་ཞིག་དུ་གྱུར་སོང་བ་ཤ་སྟག་རེད།
   སློབ་ཕྱིའི་སློབ་སྦྱོང་བྱེད་པར་མི་འདོད་པའི་ལང་ཤོར་གྱི་མཐོ་འབྲིང་གི་སློབ་བུ་རྣམ་པ། སློབ་ཐུན་གཅིག་གི་སློབ་ཁྲིད་དེས་ཁྱོད་ལ་རིག་གནས་ཤེས་བྱ་མོད་པོ་ཞིག་སྟེར་མི་ཐུབ་པས། ནམ་རྒྱུན་སློབ་ཁྲིད་ལ་ཉན་པའི་འགན་ཁུར་དེ་ལས་རང་སྦྱོང་ལ་མི་རེམ་པར་མགོ་བདེ་བག་གཡེང་ལ་རོལ་ནས་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་ཡིན་ཚེ། ཁྱོད་ལ་ནམ་ཡང་རིག་གནས་ཤེས་བྱའི་མ་ལག་ཡག་པོ་ཞིག་རྒྱུད་ལ་འབྱོར་མེད་པར། མ་འོངས་ལོ་ཟླའི་ནང་ཁྱོད་ཀྱིས་ཁྱོད་དང་ཁྱོད་འདྲ་བའི་བོད་རིགས་ཀྱི་བྱིས་པ་མང་པོ་ཞིག་ལ་གནོད་ག་འདྲ་སྐྱེལ་རྒྱུ་ཡིན་པ་ལག་པ་བྲང་ཁར་བཞག་སྟེ་འདང་རྒྱག་གི་ཡོད་དམ། དེང་སང་གི་སློབ་མའི་ཁྲོད་ན་སྡུག་རུས་ཀྱིས་སློབ་སྦྱོང་བྱེད་མི་འདོད་པའི་ནད་ཡམས་འདི་སྤྱི་ཚོགས་ཀྱིས་འགོས་སུ་བཅུག་པ་ཡིན་ནམ། ཡང་ན་ཁྱིམ་བདག་གམ་དགེ་རྒན་གྱི་སློབ་གསོས་བྱེད་ཕྱོགས་ཀྱི་ངན་འབྲས་ཡིན་ནམ། དཔེ་ཀློག་བྱེད་མི་འདོད་པའི་ནད་ཡམས་འདི་གཙོ་བོ་དེང་སང་དགེ་རྒན་གྱི་སྡེ་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པའི་ངན་ཤུགས་ཀྱིས་སློབ་མར་ཐེབས་སུ་བཅུག་པ་ཡིན་པར་འདོད། ཚང་མས་བསམ་བློའི་གཏིང་རིམ་ན་དེང་སང་གི་སྤྱི་ཚོགས་ནི་ཤེས་ཡོན་མི་དགོས་པར་རྒྱུ་འབྱོར་དང་ངོ་སོའི་ད་གཟོད་རང་ཉིད་སྐྱོབ་ཐུབ་པའི་ངེས་ཤེས་བག་ལ་ཞ་ཡོད་པའི་འདུ་ཤེས་ཀྱིས་ཀྱང་མི་སུ་ཡིན་ཡང་དཔེ་ཀློག་དང་རང་སྦྱོང་བྱེད་ན་མི་འདོད་པའི་བག་ཆགས་གོམས་སུ་བཅུག་པ་འདྲ།
  ཡིན་ཡང་ཁ་བཤད་རྐྱང་བའི་དོན་བྱ་བསྒྲུབ་པའི་དུས་རབས་འདིའི་ནང་དུ། མཐོ་འབྲིང་གི་སྡེ་ཡི་བོད་རིགས་སློབ་བུ་སྒལ་ཚིགས་ཅན་རྣམ་པ། ཆེ་ས་ནས་མི་རིགས་དང་རྒྱལ་ཁབ། ཆུང་ས་ནས་རང་ཉིད་དང་རང་ཉིད་ཀྱི་ཁྱིམ་རྒྱུད་ལེགས་པོར་སྐྱོང་འདོད་ཡོད་ན། ད་ནས་བཟུང་སྟེ། སྤྱི་ཚོགས་ཀྱི་རུལ་དྲི་མི་སྣོམ་པར་མགོ་བདེ་བག་ཕེབས་བྱེད་འདོད་ཀྱི་འཚོ་བ་དང་རིང་དུ་བྲལ་ནས། དཀའ་སྡུག་གི་འཚོ་བ་ཐོད་ལ་འཁུར་བཞིན་སློབ་ཕྱིའི་སློབ་སྦྱོང་བྱེད་པར་རེམ་པ་དང་། སློབ་ཕྱིའི་དཔེ་ཀློག་ལ་བྲེལ་རྒྱུ་ལས། ད་དུང་མུ་མཐུད་དུ་འདི་ལྟར་སྐྱིད་བདེ་བག་ཕེབས་ལ་རོལ་ནས་རང་ཉིད་རུལ་དུ་བཅུག་ཚེ། འདི་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་གྱོང་གུད་དང་། ཐ་ན་རང་ཉིད་ཀྱི་ཁྱིམ་རྒྱུད་དང་རང་ཉིད་ཀྱི་མདུན་ལམ་རང་ཉིད་ཀྱིས་བརླག་པར་བྱས་པའི་བཟོད་དཀའི་ན་ཟུག་ཅིག་དང་། འགྱོད་གདུང་གི་རྨ་ཁ་ཆེན་པོ་ཞིག་ཡིན་ནོ།།  མཐོ་འབྲིང་གི་སྐབས་ནི་ཁྱོད་ཀྱི་རང་སེམས་ལྷོད་ལ་བབས་ཏེ་སློབ་སྦྱོང་བྱེད་པའི་དུས་ཚོད་ཉུང་དུ་གཏོང་བ་དང་། རང་ཉིད་ལ་ངོ་མ་ཤེས་བྱའི་ཡོན་ཏན་གྱི་ཕྱུག་ཡོད་པའི་ང་རྒྱལ་ཁེངས་དྲེགས་ཀྱི་བཟི་སྣང་གི་ཁྱབ་ཏུ་མི་འཇུག་པར། སྔར་ལས་དཀའ་སྡུག་ལ་གདོང་གཏད་དེ་རང་གི་མི་ཚེ་མདུན་ལམ་གྱི་ལམ་བྲོ་རྒྱགས་ཕྱེ་གྱ་ནོམ་པ་ཞིག་གྲ་སྒྲིག་བྱེད་པར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ། རང་སྦྱོང་གི་གོམས་གཤིས་ཡག་པོ་ཞིག་རྒྱུད་ལ་ཆགས་སུ་བཅུག་ནས། རང་ལ་ཤེས་བྱའི་རྨང་གཞི་མཐུག་པོ་ཞིག་རྒྱུད་ལ་འཇོག་གང་ཐུབ་བྱེད་ན། ད་གཟོད་ཁྱོད་ཀྱིས་རང་ཉིད་ཀྱི་མི་ཚེ་བགྲོད་ལམ་ཡག་པོ་ཞིག་འདེམས་ཐུབ་སོང་བ་དང་། རང་ཉིད་ཀྱི་མི་རིགས་དང་རྒྱལ་ཁབ།  རང་ཉིད་ཀྱི་ཁྱིམ་རྒྱུད་དང་རང་ཉིད་ཀྱི་རང་ཉིད་ལ་ཤ་ཚ་ཤེས་སོང་བ་རེད། ང་ཚོ་ནི་ནམ་ཡང་འགྱོད་པ་རྗེས་ནས་སྐྱེས་མཁན་གྱི་མི་རིགས་ཤིག་མིན་པར་བྱེད་པའི་ཆོད་སེམས་ཤིག་ད་ནས་བཟུང་སྟེ་སེམས་སུ་རྡོ་བརྐོས་རི་མོ་བཞིན་བརྐོས་ཏེ། རང་སྦྱོང་དང་དཔེ་ཀློག་བྱེད་པའི་མཁའ་དབུགས་ཡག་པོ་ཞིག་རང་སེམས་ལ་རྔུབ་རྒྱུ་ནི་ཅི་འདྲའི་མཁོ་གལ་ཆེ་བ་ལའང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཕྱིའི་དཔེ་ཀློག་ལ་མི་སྤྲོ་བའི་མཐོ་འབྲིང་སློབ་མ།

2012-01-07 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།