ཁ་བ་དང་བདག་གི་སྐད་ཆ།

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-29

   བདག་གིས་ཁ་བ་གླེང། ཁ་བ་གླེང་ཚེ་ཁ་བར་སིམ་པའི་རྣམ་ཤེས་ཤིག་གི་ལས་དབང་དང་གོད་ཆག་དྲན་འོངས་ལ། དྲན་གྱིན་དྲན་གྱིན་ཁ་བ་རྨི་ལམ་དུ་རྨིས་ཤིང་། རྨི་ལམ་དུ་བརྩེ་བ་དང་སྙིང་རྗེ་ཅི་ཡང་མེད་པར་ཁ་བ་གདུག་རྩུབ་ཀྱིས་འབབ་ཀྱིན་འདུག ལོས་ཡིན་། ཁ་བ་ཡིས་དབང་བསྒྱུར་ཞིང་ཁ་བ་ཡི་འཚོ་བ་རོལ་བའི་རྣམ་ཤེས་ཤིག་ལ་མ་གཞི་ནས་ཁ་བ་ལས་ཁོར་ཡུག་མེད་ལ། ཁ་བ་ལས་ཁོར་ཡུག་མེད་པ་དེ་ལ་མ་གཞི་ནས་ཁ་བའི་རྨི་ལམ་དང་ཁ་བའི་སྐད་ཆ་ལས་གཞན་ཅི་ཞིག་ཡོད།
    ཉིན་རེ་ནས་ཞག་རེར་ཁ་བ་ཇེ་འཐུག་ནས་ཇེ་མཐུག མཚམས་མ་ཆད་པས་རི་ལུང་ཁ་བས་བཀང་ཞིང་ས་གཞི་ཁ་བས་གཡོགས། གནམ་རྒན་མ། སྙིང་གི་ལྷ་མོ། བདག་གི་རྩྭ་ཐང་ན་ནོར་ལུག་ཡོད་ལ། བདག་གི་སྦྲ་གུར་ན་མ་འོངས་པའི་ཁྱིམ་གཞི་བསྐྲུན་པའི་མཛེས་སྡུག་གི་འཚོ་བ་དང་བརྩེ་སེམས་ལྷག་ཡོད་ན། བདག་གི་འཇིག་རྟེན་ན་ལྷད་མེད་པའི་དྭངས་གཙང་གི་སེམས་པ་དང་བརྩེ་དུང་འཁྱིལ་ཡོད་ན། སྙིང་རྗེས་གཟིགས་རོགས་། ཉི་འོད་གཙང་མ་ཞིག་གི་སྤྱན་མིག་ཡངས་པོར་ཕྱེ་སྟེ་། ཁ་བའི་རྨི་ལམ་གྱི་སྒོ་མོ་ཡོངས་སུ་རྒྱག་རོགས་།
     མཛའ་བརྩེའི་ཕྱག་ཟུང་གི་མདུད་པ་ལྷུག་གེར་གྲོལ་ཞིང། བརྩེ་དུང་ཨ་ལུང་ལ་བརྒྱུས་པའི་བདག་གི་ལྕགས་ཀྱུའི་ལུང་ཐག་ཐུང་སོང་བ་མིན་ན། ཁྱོད་ཀྱིས་བདག་ལ་ཡང་ཡང་ཁ་བའི་སྐོར་གྱི་གཏམ་རྒྱུད་གླེང་ཞིང་ནམ་ཟླ་དགུན་གྱི་འཁྱག་ཚུལ་གླེང་དོན་ཅི། གླེང་གིན་གླེང་གིན་འདི་ལྟར་ཁྱོད་ཀྱིས་ཕྱི་ཡི་མགྲོན་པོར་ཁྲེལ་གཞུང་མེད་པར་ནང་གི་གྲོགས་པོར་དུང་བ་ཡོད་ཚུལ་གླེང་དོན་ཡང་། ཁ་བའི་ཁྲོད་ཀྱི་རྣམ་དག་བརྩེ་དུང་དེའི་ཕོ་བྲང་གི་མཛེས་པ་དང་གསེར་ཁྲི་མ་རྙེད་པས་ལན་ནམ་། ཡང་ན་། ཁ་བ་མིན་པའི་ས་རྡུལ་གྱིས་ཕྱགས་ཀྱིན་པའི་ཁ་སང་དེ་རིང་གི་ཤོག་སྒོར་གྱི་མངའ་ཐང་དང་མཛེས་སྡུག་ལ་འཐིམས་སོང་བ་ཡིན།
     གསེར་མདོག་གི་མཛེས་དཔྱོད་དང་མི་གཤིས་ཀྱི་རིན་ཐང་བོར་བརླག་ཏུ་གཏོང་བཞིན་པའི་མི་ཡུལ་ནས་། བོད་མི་རྣམས་ཀྱིས་ཁྱོད་ལ་ཡུལ་གང་གི་ཡིན་ཚུལ་དང་ཕྱིའི་རྒྱལ་ཁབ་ཡུལ་གྲུ་གང་དང་གང་ན། ཁྱོད་ལ་ཕུ་ནུ་ཉེ་དུ་ག་ཚོད་ཡོད་མེད་འདྲི་བཞིན་འདུག་པས་། ཁྱོད་ཀྱིས་གཟབ་གཟབ་བྱེད་རོགས་། ནད་ཡམས་འདི་ལྟ་བུ་ནི་བརྩེ་དུང་རྣལ་མ་ཞིག་གི་ཞིང་སར་མི་མཁོ་བས་། དེས་བསྐྱེད་བའི་ལོ་ཏོག་འབྲས་བུ་ཚང་མའང་ཁ་ཆག་སྣ་རལ་དུ་གྱུར་པའི་རྩྭ་ལྡུམ་དང་ཡུག་པོ་འབའ་ཞིག་ཡིན་ན། སེམས་ཁ་ནང་དུ་གཏད་ཀྱིན་དང་ལེན་མ་བྱེད་། ད་དུང། འུ་གཉིས་ལ་ཕན་ཚུན་གླེང་མོལ་གྱི་གོ་སྐབས་རེ་སྟེས་དབང་གིས་བསྐྱར་དུ་འཕྲད་འོངས་ནའང། འདིའི་སྐོར་གྱི་སྐད་ཆ་དང་དྲི་བ་རྨང་ནས་འདོར་རོགས།
ཕྱི་ནས་བལྟས་ན་ཁྱོད་ཧ་ཅང་རྒྱང་རིང་ཞིག་ན། ནང་ནས་བལྟས་ན་ཁྱོད་ཧ་ཅང་ཐག་ཉེ་ཞིག་ན། དོན་ངོ་མར། འུ་གཉིས་ཀྱི་བར་ཐག་ན་ཤོག་ལྷེ་གཅིག་གི་སྲབ་མཐུག་དང་། ཐ་ན་སྤུ་ཉག་མ་གཅིག་ཙམ་གྱི་གས་སྲུབས་ཀྱང་མེད། རྒྱུ་མཚན་ནི་། ཁྱོད་བདག་གི་སེམས་ཁོང་ན་གནས་ཏེ། སེམས་ཁོངས་ན་མེ་སྦར་ཞིང་ཇ་བསྐོལ་ནས་ཁ་བརྡ་གློད་ཀྱིན་། སེམས་ཤ་གླན་བཞིན་ཡོད། རྒྱུ་རྐྱེན་འདི་དག་གི་དབང་གིས། ཁྱོད་ཀྱིས་ཁ་བ་ལྟ་བུའི་སྐད་ཆ་ཞིག་གིས་འུ་གཉིས་ཀྱི་བར་ཐག་རིང་ཚུལ་མ་གླེང།
     ལྷུན་ཆགས་པའི་ཁྱོད་ཀྱི་གཤིས་ཀ་དང་དྭངས་གཙང་གི་ཁྱོད་ཀྱི་སེམས་རྒྱུད་ལ་གྲོང་ཁྱེར་གྱི་ས་རྡུལ་དང་རྣོ་ལྕགས་ཨར་འདམ་གྱི་དྲི་མས་མ་གོས་བཞིན་བསྡད་ན། ངས་འདི་ལྟར་འཁྱག་སྣང་གོས་སུ་གྱོན་ཏེ་ཁ་བ་ཟས་སུ་ཟ་བཞིན་མི་ཚེ་གང་བོར། ཁྱོད་ཀྱི་ཕྱོགས་ལ་ངང་སྒུག་གི་མིག་ཟུང་ཅེར་ཏེ་ཡིད་ཆེས་ཀྱི་མཚོ་མོ་བསྐྱིལ་དགོས་ནའང་ཅི་སྐྱོན་ཏེ་མི་སྐྱོན་ནོ། གང་ལེགས་ཤེ་ན། ལྷུན་ཆགས་ཀྱི་ཁྱོད་ཀྱི་གཤིས་ཀ་ནི་བདག་གི་ལུས་ཁམས་ན་འཁྱམས་པའི་བླ་ཡིན་ཞིང་། དྭངས་གཙང་གི་ཁྱོད་ཀྱི་སེམས་རྒྱུད་ནི་བདག་གི་བྲང་ཁོག་ན་ལྡིང་བའི་སྲོག་ཡིན།
ལག་པ་དང་རྐང་བ་ཡོད་ཀྱང་སྒྲོ་གཤོག་དང་འཕུར་རྩལ་མེད་པའི་དེ་རིང་གི་བདག་ལ་མཚོན་ན། ཁྱོད་ལ་ཡོད་པའི་མཛེས་སྡུག་དང་འོད་སྣང་གིས་འཚེར་བའི་སྐར་ཚོགས་མོད་པོ་། ས་ཡི་མེ་ཏོག་ལྟར་ལག་ཟུང་གིས་བཏུ་མི་ཐུབ་ནའང་། རྩྭ་ཐང་གི་ལུག་ཁྱི་བཞིན་མིག་ཟུང་གིས་འཚོ་ཆོག་ཆོག་ཡིན། རྒྱུ་མཚན་དེའི་དབང་གིས་། མཚན་མོ་རེ་རེར་བདག་མཁའ་དབྱིངས་ལ་ཅེར་ཞིང། མཁའ་དབྱིངས་ནས་མེ་ཏོག་ལྟ་བའི་ཁྱེད་ཀྱི་མཛེས་སྡུག་འཚོལ་བཞིན་དུས་ཚོད་སྐར་ཆ་རེ་རེ་དཀའ་སྡུག་དང་དྲན་གདུང་གིས་བསྐྱལ་ན། ཁྱོད་ཀྱིས་ཅི་ཞིག་དྲན་གྱིན་འདུག ཅི་ཞིག་བསམ་གྱིན་འདུག
                                                                                                                   ༢༠༠༩ལོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་དང་བདག་གི་སྐད་ཆ།

2011-10-29 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།