ངའི་སེམས་ཁོང་གི་དགེ་འདུན་ཆོས་འཕེལ།

                               ___རླབས་ཆེན་མི་སྣ་བྱུང་ཡང་དེ་ལ་གོང་བཀུར་དང་རྩིས་མཐོང་མི་བྱེད་པའི་མི་རིགས་ནི་ཆེས་རེ་བའི་སྟོང་བའི་བྲན་གཡོག་གི་དཔུང་ཚོགས་ཁོ་ནའོ།།
                                                                                                                                                      ཡོ་ཏ་ཧྥུའུ་ནས།

     མུན་ནག་གི་བཙོན་ར་ནས་མ་ཉེས་ཁ་གཡོག་གི་གཡོ་སྒྱུས་བསྐུལ་ཏེ་རིག་པའི་དཔའ་བོ་ཞིག་གི་ཚེ་སྲོག་གི་འཕེན་པ་རྫོགས་པ་ནི་ངོ་མ་ཡ་ང་བ་དང་ཡིད་སྐྱོ་བའི་མི་ཚད།མི་རིགས་ཤིག་གི་ལས་དབང་ལ་ཐུག་པའི་ཆག་སྒོ་ཞིག་ཀྱང་སྟེ།དེ་ནི་ནམ་ཡང་སྐོང་ཐབས་བྲལ་བའི་རིག་གནས་ཀྱི་སྟོང་ཆ་ཞིག་དང་རྒྱུད་མཐུད་བྲལ་བའི་ལོ་རྒྱུས་ཀྱི་དན་རྟགས་ཤིག་ཡིན་སྲིད།ནམ་ཡང་ཨ་འཐས་སྲ་བོ་ཞིག་གི་བྲག་རི་ལ་འཐམ་པའི་སྲོལ་རྒྱུན་གྱི་ལྟ་བ་དེ་དག་བཙན་པོའི་ངོ་སྲུང་དང་ཕྱོགས་རེས་ཀྱི་དྲ་བར་མ་ཚུད་པར་ཐེར་འདོན་བྱས་ཏེ།རྟགས་དཔྱད་ཀྱི་རིག་པ་རྣོན་པོས་ཁྱད་མཚར་གྱི་དཔལ་ཡོན་མང་པོ་གངས་ལྗོངས་རིག་གནས་ཀྱི་གཤིན་སར་དྲངས་དུས་ཁྱེད་ཀྱི་སྐུ་ཚེ་ཡུན་རིང་དུ་མ་བརྟན་ཟེར་བ་བདེན་ནམ།ངོ་མ“ནོར་བུ་རང་ལ་ཡོད་དུས།།ནོར་བུའི་ནོར་ངོ་མ་ཤེས།།ནོར་བུ་གཞན་ལ་ཤོར་དུས།།སྙིང་རླུང་སྟོད་ལ་འཚང་བྱུང་།།”བ་མ་རེད་དམ།ད་ལྟའི་དུས་འདིར་ཁྱེད་ཀྱི་བློ་གྲོས་ལས་ཐོན་པའི་ཞབས་རྗེས་དེས་གངས་ཅན་བོད་ཀྱི་རིག་གནས་ལ་གཟི་འོད་སྤྲོས་ཤིང་རྗེས་རབས་པ་དག་གིས་ད་སོ་མར་གསེར་གསེར་ཡིན་པའི་རིན་ཐང་ཤེས་ཏེ་ཁྱེད་ཀྱི་ཞབས་ཁྲོད་ཀྱི་ཕྲ་རགས་ཀྱི་དངོས་དག་ལས་སྐུ་ཉིད་ཀྱི་དགོངས་པའི་དཔོགས་ཚད་གཞལ་གྱིན་འདུག                               
    མི་ལ་ལས་ཁྱོད་ལ་མི་ལས་ལྷག་པའི་རྣམ་དཔྱོད་དང་བློ་གྲོས་ལྡན་ཞེས་ལྷ་སྒྲུང་གི་རྣམ་པར་སྤྲས་ཤིང་ངོ་མ་རྟོག་དཀའ་བའི་རྟོགས་བརྗོད་ཅིག་ཏུ་བརྩམས་ཡོད་ནའང་།དོན་དུ་ཁྱེད་རང་ཉིད་མི་བུ་ལས་མ་འདས་ཏེ།རྒྱུད་ལ་འཚོལ་སྙེགས་དང་གསར་གཏོད་ཀྱི་སྤོབས་པས་ཁེངས་ཤིང་།མི་ཚེ་ཤེས་རིག་ལ་གཟད་པའི་ངེས་དོན་གྱི་རིག་པའི་དཔའ་བོ་ཞིག་ལགས།གལ་ཏེ་ཁྱོད་ཀྱི་སྙིང་སྟོབས་དང་བརྩེ་ཞེན་དེ་ལྟ་བུ་འཕྱང་བའི་རིག་པའི་དཔའ་བོ་འགའ་ཡོད་ན་ང་ཚོས་ད་ལྟའི་རྗེས་ལུས་དང་གཉའ་གནོན་གྱི་དུས་རབས་འདིའི་མནར་གཅོད་མྱངས་དགོས་མི་སྲིད།ཁྱེད་ཀྱིས་ཡབ་མེས་ཀྱི་ཤུལ་རྫས་ལྷ་རུ་མ་བཀུར་ལ་གསར་རྙེད་ཀྱི་དངོས་པོ་འདྲེ་རུ་མ་མཐོང་བར་དྲང་བདེན་གྱི་བསམ་གཞིགས་རྣལ་མ་དེས་བོད་གངས་ཅན་གྱི་མཁོ་དགུའི་ཆོས་ཀུན་ལ་དཔྱད་པ་དང་དུ་བླངས།དོན་ངོ་མར་ཁྱེད་ཀྱིས་ཕྱོགས་རེས་དང་ངོ་སོ་མེད་པར་རྣམ་དཔྱོད་ཀྱི་རིགས་པས་དོགས་སློང་དང་དགག་སྒྲུབ་ཀྱི་ལྟ་བ་དྲངས་ནས་སྔོན་བྱོན་གྱི་རིག་གཞུང་ཀུན་ལ་རྨོངས་བ་ཡི་མདུད་པ་གྲོལ།ལྷག་པར་དུ་ཐ་སྙད་བདེན་པར་སྨྲ་ལ་ཡིད་མ་ཆེས་པའི་དབུ་མ་བའི་ལྟ་བ་བ་རྗོད་དུས་བོད་ཀྱི་མཁས་དབང་གང་མང་ཞིག་གི་དགག་བཞག་གི་གཏད་སར་གྱུར་ཏེ་ལུང་རིགས་ཐོག་སེར་ཕབས་ཀྱང་།དྲང་བདེན་ནི་ནམ་ཡང་འཇིག་མི་སྲིད་པའི་ཆོས་ཉིད་ལགས་པས།ཁྱེད་ཀྱིས་བོད་ཀྱི་མཚན་ཉེད་རིག་པའི་གཞི་ལ་བསམ་གཞིགས་ཀྱི་དྲི་གཞི་གསར་བ་ཞིག་བཏོན།དེར་མ་ཟད་རིག་པའི་དཔའ་བོ་ཁྱོད་བཞུད་ལམ་ཁྲོད་ཀྱི་མཛད་པ་དང་བྱ་སྤྱོད་ཕྲ་མོ་རེ་རེའི་ཀྱང་ང་ཚོ་ལ་ཧ་ལས་དང་ཧང་སངས་བར་མི་འགྱུར་མི་སྲིད་དེ།ངོ་མ་འཇིག་རྟེན་གྱི་མི་བུ་ཞིག་“མཁས་འདོད་དང་གྲགས་འདོད།སྐྱིད་འདོད”སོགས་གང་ཡང་མ་བསམས་པར་མི་རིགས་འདི་ལ་གན་ཕན་ནམ་འདི་ཕན་ནམ་འདོད་པའི་བརྩེ་ཞེན་གྱིས་ཁོལ་ཏེ་བོད་ཡུལ་སྟོད་སྨད་བར་གསུམ་དུ་མྱུལ་ནས་རིག་པའི་མངར་ཆུ་བསྡུས་ཤིང་།རྟོགས་སད་དང་སྤོབས་པས་ཁེངས་བའི་སེམས་པ་དེ་ནམ་ཡང་གཞུང་ལུགས་ཀྱི་གོ་རྟོགས་ཙམ་གྱིས་མ་ཚིམ་པར་དོནདངོས་ཀྱི་དངོས་མཐོང་ལག་ཟིན་གྱི་བདེན་པ་དེའི་ཆེད་དུ་རྒྱ་གར་གྱི་ཡུལ་དུ་ཆས་ཤིང་།སྙིང་ཁོང་རུས་པའི་གཏིང་ནས་ཉར་བའི་བོད་ཀྱི་ཆོས་དང་རིག་གནས་ཀྱི་འབྱུང་ཁུངས་རྒྱ་གར་འཕགས་ཡུལ་གྱི་གནས་ཆེན་ཁག་ལ་དངོས་མཇལ་གྱི་ངལ་བ་དང་དུ་བླངས།ཁྱེད་ནི་རིགས་པའི་གནས་བསྐོར་བྱེད་པའི་མཁས་པ་ཞིག་ཡིན་པ་ལས་དད་པའི་ཁོ་ནའི་བཟི་བའི་མཇལ་བ་ཞིག་མིན་པས།ཁོང་གིས་གནས་གང་ལ་ཕྱིན་ཀྱང་མཐོང་ཐོས་དྲན་རེག་ཡོད་རྒུ་རྣམ་དཔྱོད་ཀྱི་རིག་པས་བརླན་ཏེ་ཕྱི་རབས་པ་དག་གི་ཆུ་བུར་མིག་གི་མཐོང་ཆོས་སུ་གཏམ་རྒྱུད་ཀྱི་ཐང་མ་བརྡལ།ལོ་ངོ་བརྒྱད་བརྒྱའི་ཡུན་ལ་བོད་ཡུལ་ནས་བྱོན་མྱོང་མེད་པའི་ལོ་ཙྰ་བ་ཁྱོད་རྒྱ་གར་ནས་སྐད་རིགས་དུ་མར་སྦྱངས་འབྲས་ཕུན་སུམ་ཚོགས་པ་བླངས་ཤིང་ལེགས་སྦྱར་བསྟན་བཅོས་དངོས་སུ་བཀླགས་ཏེ་ར་མ་ཎའི་གཏམ་རྒྱུད་དང་ལེགས་ལྡན་ནག་པོའི་གླུ་སོགས་ཀྱིས་མཚོན་པའི་བསྒྱུར་རྩོམ་མང་པོ་མཛད་ཀྱང་ཕྱི་ནང་འགལ་རྐྱེན་མང་པོའི་འོག་ད་ལྟ་རེ་འགའ་ལས་ལྷག་མེད་པ་ནི་ཡིད་ཕང་བའི་གནས་ཤིག་རེད་ཨང་།
   རང་ཅག་མི་རིགས་ལ་སྔོན་བྱོན་མེས་པོ་ཚོས་གཞུང་ལུགས་ཀྱི་གླེགས་བམ་བརྩིགས་ཡོད་ཀྱང་དེ་དངོས་འབྲས་ཀྱི་དཔྱད་པ་དང་དུ་ལེན་མཁན་མང་པོ་མེད།ངོ་མ་ཁྱེད་ནི་སྤྱི་འགྲོས་ཤིག་གི་གསང་རྒྱ་ལས་གྲོལ་ཏེ་རྣམ་དཔྱོད་དང་སྤོབས་པས་བསྐྲུན་པའི་ཕུང་བོ་དེ་ཡུལ་ཕྱོགས་ཀུན་ལ་འཁྱམས་ཤིང་ཚེ་གང་ངེས་དོན་གྱི་ལག་ལེན་ལ་གཞོལ།ལྷག་པར་དུ་དད་འདུན་དང་ཕྱོགས་རེས་ཀྱིས་ཁྱེར་བའི་བོད་ཀྱི་ལོ་རྒྱུས་དེར་དངོས་མཐོང་གི་རྗེས་ཤུལ་དག་ལ་ཞིབ་འཇུག་གི་ཁུངས་བཅོལ་ནས་དོན་དངོས་ཀྱི་གནད་བརྟོལ་བའི་བོད་རང་གི་སྲིད་ལུགས་ལོ་རྒྱུས་ཤིག་རྩོམ་པའི་ཐུགས་འདུན་ཤར་ཞིང་།དེ་དོན་ལ་གཞོལ་བའི་སྒང་ལ་ཁྱེད་རང་བཙོན་དུ་ཁྲིད་ནས་མ་ཉེས་ཁ་གཡོག་གི་ཉེས་དམིགས་དེ་འོག་ཏུ་ཚེ་སྲོག་གི་འཇིག་ཉེན་ཐེབས་པས་བོད་ཀྱི་སྲིད་ལུགས་ལོ་རྒྱུས་དེ་རྩོམ་འཕྲོར་མི་འཇོག་རང་དབང་བྲལ།འདི་ལྟར་སྐྱེས་སྦྱང་གི་ཤེས་བྱས་གཏམས་པའི་རྫ་བུམ་ཆེན་པོ་ཞིག་ང་ཚོ་རང་ཉིད་ཀྱིས་ས་ལ་བརྡབས་པ་ནི་ཡ་ང་བ་དང་ཡིད་སྐྱོ་བ་ཞིག་ཅིས་མ་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སེམས་ཁོང་གི་དགེ་འདུན་ཆོས་འཕེལ།

2011-10-18 འབྲུག་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།