རྩོམ་རིག་ལ་འཇུག་དགོས་དོན།

                             ༡
    ཁོར་ཡུག་ལ་རླུང་བཞིན་དུ་དལ་ལྷོད་ལྷོད་ཀྱིས་གཡུགས་པའི་སློབ་སྦྱོང་གི་ལོབས་ཕྱོགས་ཤིག་གིས་ང་རང་རྩོམ་འབྲི་བར་དགའ་དུས་ཕལ་ཆེར་ལོ་བཅོ་ལྔ་ལ་བུད་མ་ཐག་གི་གནས་སྐབས་ཡིན། དུས་དེར་ངས་རྩོམ་འབྲི་དོན་ནི་ཁོར་ཡུག་གི་ཤུགས་རྐྱེན་ཡིན་པ་ལས་ང་རང་ངོས་ནས་རྩོམ་འབྲི་བའི་རིག་གནས་ཀྱི་ཆུ་ཚད་རྩ་བ་ནས་མེད་ཅེས་བརྗོད་ན་ཆོག། ང་ལ་དུས་དེར་སུམ་རྟགས་དག་གསུམ་གྱི་རྨང་གཞི་ཡག་པོ་མེད་ལ་ཐ་ན་འཕྲིན་ཐུང་དང་རེ་ཞུ་རེ་གཉིས་བྲིས་ནའང་དོན་ནོར་དང་ཡིག་ནོར་བརྡ་ནོར་གྱིས་བཀང་སྟེ་ལོ་ཆུང་བྱིས་པ་ཞིག་གི་ཆུ་ཚད་ལས་མེད། ཡིན་ན་ཡང་ངས་སྔར་བཞིན་རང་གི་རིག་གནས་བསླབ་པའི་རྨང་གཞི་ལ་མ་འཇུས་པར་ཚིག་དོན་གཉིས་ཀའི་སྟོང་པའི་ཚིགས་བཅད་རེ་གཉིས་རྡོ་ཆག་བཅན་བསྒྲིགས་བྱས་ཏེ་གསེར་ལས་ཀྱང་ལྷག་པའི་དུས་ཚོད་མང་པོ་ཞིག་དེ་ལ་བསྟིམས། སྐབས་དེར་ངའི་ཁོར་ཡུག་དེ་ན་རྩོམ་འབྲི་བའི་མཐོ་རླབས་ཀྱི་འགྲན་རྩོད་ཅིག་འཕྱུར་ཏེ་ཡི་གེ་ལ་སྦྱོར་ཀློག་ཅུང་ཙམ་ཤེས་པ་ནས་པིར་མིང་ཞིག་བཏགས་ནས་རྩོམ་ཞིག་མ་བྲིས་ན་སློབ་གཉེར་བའི་གྲལ་དུ་མི་ཚུད་པ་དང་ཡང་ན་ཤེས་ཡོན་པའི་དཔུང་སྡེ་ནང་དུ་མེད་པའི་དཔེ་ཆ་བ་གླེན་པ་ཞིག་གི་འདུ་ཤེས་ཟ་མི་ཟི་མེ་ཞིག་ཀུན་གཞིའི་གསེབ་དུ་སྨིག་པ་ཇི་བཞིན་འཐིབས་ཡོད། དེ་བས་ངས་རང་ཉིད་སློབ་གཉེར་བ་ཞིག་བཅའ་བའི་ཆེད་དུ་ཨུ་ཚུགས་ཀྱིས་རྩོམ་འབྲི་བར་ཞུགས་པ་ཡིན།  དུས་དེར་འབྲི་བའི་རྩོམ་ཐམས་ཅད་ནི་མཁས་དབང་དགེ་ཆོས་ཀྱི་རྩོམ་རྩལ་ལད་ཟློས་རྐྱང་ཡིན་ལ་དེ་ལས་ཀྱང་རྒྱུགས་ཆེ་བ་ནི་གསར་དུ་དར་བའི་རྩོམ་ལུས་སྟེ་རང་མོས་སྙག་ངག་ཅེས་པ་དེ་རེད། ང་རང་མོས་སྙག་ངག་འབྲི་བར་ཧ་ཅང་དགའ།  ང་ལ་སྐབས་དེར་ཤེས་བྱའི་སྤུས་ཀ་དང་བསམ་བློའི་ཟབ་ཚད་མེད་སྟབས་ངས་བྲིས་པ་ཕལ་ཆེར་ནི་བརྗོད་སྙིང་ལ་རྣམ་ཤེས་བྲལ་བའི་བརྗོད་བྱེད་ཚིག་ཙམ་ཡིན།
   དེ་ལ་རྒྱུ་མཚན་དུ་མ་ལྡན་ཏེ།   རང་མོས་སྙན་ངག་འབྲི་ན་སྙན་ངག་གི་གཞུང་ཆེན་མོ་ཞིག་རྒྱབ་རྟེན་བྱེད་མི་དགོས་ལ་ཡང་ན་མེད་པ།  ཚིག་བཅད་འབྲི་ན་མ་མཐའ་ཡང་སྙན་གཞུང་མེ་ལོང་མ་རག་མོ་ཞིག་སྦྱངས་དགོས་པའི་བསམ་ཚུལ་ལམ་ལྟ་བ་དེ་འདྲ་ཞིག་ང་ཚོའི་ན་གཞོན་དག་གི་སེམས་སུ་སིམ་ཡོད།
   ང་ལ་གྲོགས་པོ་ཞིག་ཡོད་ལ་ཁོ་ཡང་ང་དང་འདྲ་བར་རྩོམ་ལུས་རང་མོས་སྙན་ངག་འབྲི་བར་ཧ་ཅང་དགའ།  ཁོས་བྲིས་པའི་རང་མོས་སྙན་ངག་དག་ནི་ཚིག་སྦྱོར་སྙན་ཞིང་འཇེབས་ལ་ཀློག་པའི་སྐབས་སུ་ཚོར་བའང་སྐྱིད་པོ་ལྟ་བུ་ཞིག་ཡིན་པས་ངས་བསམ་པར་ཁོ་ནི་སྙན་ངག་པ་ངོ་མ་ཞིག་རེད་སྙམ། ཁོས་བྲིས་པའི་སྙན་ངག་གི་བརྗོད་སྙིང་ནི་ངས་མི་རྟོགས་ལ་ཐ་ན་ཁོ་རང་ཉིད་ཀྱིས་ཀྱང་འགྲེལ་མི་ཤེས། ཡིན་ཡང་ཁོས་དེ་ནི་སྙན་ངག་གི་རྒྱན་ཆ་ཞིག་ཏུ་བསམ་ཡོད། དཔེར་ན་སྙན་ངག་པ་ལྗང་བུ་དང་སྐྱབས་ཆེན་གཉིས་ཀྱི་སྙན་ངག་ཚད་མཐོ་བའི་སྙན་ངག་ཏུ་བགྲང་སྟེ་བོད་ཀྱི་དུས་དེབ་དག་གི་སྐྱབས་མགོན་དུ་གྱུར་ཡོད་སྟབས་ངས་ཁོའི་སྙན་ངག་གི་བརྗོད་སྙིང་མི་རྟོགས་པ་དེ་ནི་རང་གི་བློ་སྐྱོན་དུ་བསམ་ནས་དུས་ནམ་ཞིག་ལ་ངའི་གྲོགས་པོའང་སྙན་ངག་གི་སྙན་པ་འབར་ནས་ཡོང་ཐུབ་པ་རེ་སྨོན་བཅངས། དེ་དང་འདྲ་བར་ངའི་ཁོར་ཡུག་ན་དཔེ་ཆ་ལ་དགའ་བའི་ན་གཞོན་ཞིག་ཡིན་ཚེ་ཀུན་གྱིས་སྙན་ངག་འབྲི་བཞིན་ཡོད།
                                   ༢
   དུས་རབས་འགྱུར་སོང་བ་འདྲ།རྩོམ་པ་པོ་ཞོགས་དུངས་ཀྱི་དཔྱོད་ཤེས་རྒྱང་འབོད་བོད་དུ་བལྟམས་པ་དང་ལྷན་དུ་ང་ཚོའི་སེམས་ཁོང་གི་སྙན་ངག་པ་རེ་གཉིས་མ་གཏོགས་མང་པོ་ཞིག་ལ་ཁའི་ཉི་མ་བཞིན་དུ་ནུབ་སོང་། མཚམས་ཤིག་ནས་སྙན་ངག་འབྲི་མཁན་དག་གི་སྙུག་ཁ་དགག་རྩོམ་གཙོ་བོ་ཡིན་པའི་སྤྱི་ཚོགས་དཔྱད་བརྗོད་ལ་ཕྱོགས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་མཚོན་པའི་ནང་བསྟན་དང་གོམས་གཤིས་སོགས་ལ་དོགས་པ་བསླང་འགོ་བརྩམས་བྱུང་། དུས་དེ་ནས་བཟུང་དཔེ་ཆ་ལ་དགའ་མཁན་ཞིག་ཡིན་ཚེ་ཀུན་གྱིས་བོད་ཀྱི་རིག་གནས་ལ་དོགས་པ་དང་དགག་རྒྱུ་ཞིག་ལོབས་ཏེ་ཐ་ན་བོད་རང་གི་རིག་གནས་ལ་རྒྱུས་ལོན་ཅུང་ཙམ་ཡང་མི་བྱེད་པར་འགོ་བཙུགས་མ་ཐག་ནས་གཞན་མི་རིགས་ཀྱི་རིག་གནས་དང་བསམ་བློ་ལ་སློབ་སྦྱོང་བྱས་ཏེ་མི་རིགས་ཀྱི་འཕེལ་རྒྱས་གླེང་བའི་བསམ་བློ་བ་རུ་གྱུར་སོང་། སྐབས་འདིར་ངས་རང་ཉིད་རྩོམ་ལ་འཇུག་དོན་ལ་ཡང་བསྐྱར་བསམ་བློ་གཏོང་དགོས་བྱུང་། འུར་འདྲོགས་དང་ཞོགས་ལ་དགའ་བའི་བོད་ཀྱི་རིག་གནས་ཀྱི་ཁོར་ཡུག་འདིའི་ཁྲོད་དུ་ན་གཞོན་ཐམས་ཅད་རྩོམ་ལ་འཇུག་དགོས་དོན་གྱི་རྩ་བའི་ཀུན་སློང་ལ་ཅི་ཞིག་འཇོག་དགོས་སམ།
                                                 
                                                   ༢༠༡༡  ༡༠  ༡༠ཉིན་དྲ་ཁང་དུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།