གྲོགས་མོ་ཞིག་ལ་ཕུལ་བའི་བརྩེ་འཕྲིན།

   ༄༅།།བརྩེ་བའི་གྲོགས་མོ་ལགས།                            
    ད་རེས་ཁོ་བོས་ཁྱེད་ལ་བརྩེ་འཕྲིན་འདི་མ་འབྲི་ཐབས་མེད་དུ་གྱར་སོང་།  ཁྱེད་ཀྱིས་མཁྱེན་གསལ་ལྟར་བཞུད་ཟིན་པའི་ལོ་ཟླ་དེ་དག་གི་ཁྲོད།  ངས་རང་ཉིད་ཀྱིས་རང་ལ་ཚོད་འཛིན་བྱེད་ཐུབ་ཀྱིན་མིན་འདུག་ ལ་ཐ་ན་རང་ཉིད་ཀྱིས་བརྩམས་པའི་ལས་དོན་དེ་དག་ལས་རང་ཉིད་མི་གང་འདྲ་ཞིག་ཡིན་མིན་ ཡང་ཐག་གཅོད་ཐུབ་ཀྱི་མིན་འདུག
ང་ཁྱེད་དང་གྱེས་ཏེ་འདི་གར་ལོ་ངོ་བཞིའི་རིང་། ངས་དུས་ཡུན་དེ་དག་ཇི་ལྟར་སྤྱད་མིན་དང་ངའི་སྐོར་ལ་རྣ་བར་མི་ཟན་པའི་གནས་ཚུལ་མང་དག་ཞིག་ཁྱེད་ཀྱིས་ཐོས་ཡོད་སྲིད།    འོན་ཏང་།    ལོ་ངོ་དེ་དག་གི་ཁྲོད་ངས་ཅི་ཞིག་ལ་སྙེག་པ་ནི་སློབ་སྦྱོང་ལ་ འབད་འབུངས་དང་རང་དབང་རང་སྐྱིད་ཁོ་ནར་རོལ་བ་དེ་ཁོ་ན་ཡིན། དེ་རིང་འཕྲིན་ཡིག་འདི་རྒྱུད་ནས་ཁོ་བོས་ཁྱེད་ལ་གནད་དོན་ཞིག་དྲང་མོར་བཤད་འདོད།
  འདི་ལོ་ནས་རྩིས་པའི་ལོ་བདུན་གྱི་སྔ་རོལ་སྟེ། སྤྱི་ལོ་༢༠༠༥་སྟེ་ཕལ་ཆེར་ང་འཛིན་རིམ་དྲུག་པའམ་བདུན་པ་གང་རུང་ཞིག་རེད། དེ་ལོ་ནས་ངས་ཁྱེད་ལ་བཅངས་པའི་བརྩེ་དུངས་ཀྱི་མྱུ་གུའང་ཐོག་མར་བཞད་སོང་བ་རེད། མཚམས་རེ་ཁྱིམ་ཚང་ནང་ཁྱིམ་གྲོགས་འགས་རྩེད་མཚར་གྱི་ཚུལ་དུ་ང་ལ་ཁྱེད་ཀྱི་མིང་ནས་འབོད་པའི་ཚེ། ད་གཟོད་ངའི་སེམས་ཁོང་ན་བརྗོད་ཀྱི་མི་ལང་བའི་དགའ་བདེའི་རླབས་ཕྲེང་གཡོ་བཞིན་འདུག་མོད། འོན་ཏེ་ངས་ཁོང་ཚོར་ཁྲོ་ཉམས་ཀྱི་རྣམ་འགྱུར་བསྟན་གྱིན་ཡོད།ཕལ་ཆེར་དེ་དང་འདྲ་བའི་གནས་ཚུལ་མང་པོ་ཞིག་ནི་ཁྱེད་ཀྱི་ནམ་ཡང་རྟོགས་ཐབས་བྲལ་བའི་ལྐོག་འགྱུར་གྱི་གསང་བ་ཞིག་རེད།
ངོ་མ། དུས་ཚོད་དེ་དག་གི་ཁྲོད། ངས་བརྩེ་དུངས་ཟེར་བ་ཡང་སྙིང་ཅི་འདྲ་ཞིག་ཡིན་མིན་མ་རྟོགས་ཀྱང་ཁྱོད་མཐོང་ཐེངས་རེར་ངའི་ སེམས་ཁོང་ན་དགའ་བ་བསྟེས་པ་ནི་སུ་ཞིག་གིས་ཀྱང་ནམ་ཡང་རྟོགས་ཐབས་བྲལ་བ་ཞིག་རེད།
  ཁྱེད་དང་ལྷན་དུ་ཁོ་ར་ཁོར་ཡུག་ཆུང་དེའི་ནང་མཉམ་ཟ་མཉམ་འཐུང་དང་། གང་ལ་གང་སྐྱིད་ཀྱིས་དུས་ཚོད་བསྐྱལ་རྒྱུ་མ་བྱུང་ཡང་། ཉིན་ལྟར་སློབ་གླིང་རྭ་བའི་ནང་ཁྱེད་མཇལ་རྒྱུ་ཡོད་པའི་བསྐལ་བ་དེ་བདག་ལ་དབང་ཡོད་པས། ཁྱེད་བདག་གི་གམ་ཡོད་སྙམ་པའི་ཚོར་འདུ་དེ་ནམ་ཡང་བྲལ་མ་མྱོང་། དེ་ལྟར་ཁྱེད་ལ་དབང་བའི་བདག་གི་ཚོར་བ་དྲོན་མོ་དེ། སྐར་ཆ་ནས་སྐར་མ། ཆུ་ཚོད་ནས་ཉིན་མཚན། གཟའ་འཁོར་ནས་ལོ་ཟླ་མཐུད་མོད་ཀྱང་། ཁྱེད་ཅག་ནས་བསྐྲུན་པའི་ཚོར་བ་དེ་ཁྱེད་ལ་སྨྲ་བའི་ སྤོབས་སེམས་ཞིག་ནམ་ཡང་རྙེད་མ་སོང་།
  ངེད་གཉིས་ལྷན་དུ་འདུག་པའི་ལོ་ཟླ་དེ་དག་གི་རིང་། ངའི་སེམས་ནང་གི་འགྱོད་སེམས་ཆེ་ཤོས་ནི། རང་ཉིད་ཁྱེད་ལ་དུང་བའི་ཚོར་བ་དེ་ཁྱེད་ལ་སྨྲ་སྤོབས་བྲལ་བ་དེ་ཁོ་ན་ཡིན། འོན་ཀྱང་། ངའི་ལས་དབང་གི་སྣེ་མོ་ཁ་ཕྱོགས་གཞན་ཞིག་ལ་མཐུད་མཚམས་དེར། ད་གཟོད་ངས་རྣམ་རྟོག་གི་དྲ་རྒྱ་ཡོད་ཚད་ལ་བརྒལ་ཏེ་ཁྱེད་ཅག་ལ་དགའ་བའི་བརྩེ་འཕྲིན་ཞིག་ཕུལ་བ་ནི་ཁྱེད་ཀྱི་ཕྱག་ཏུ་སོན་ཡོད་ངེས་རེད། ལོ་མང་གི་ཚོར་འདུས་བརླན་པའི་བརྩེ་འཕྲིན་དེས་ཁྱེད་ཅག་གི་རྣ་བར་ཟན་པར་བྱས་གྱུར་བས་ ད་གཟོད་ངའི་དྲོད་རླབས་ཀྱི་ཟིན་པའི་ཚོར་བ་དེ་གྲང་རེག་གིས་གཙེས་སོང་། དེ་ལྟར། ཡ་ང་བའི་ས་སྲོད་དེར།བརྩེ་བའི་ཕ་ཚབ་དང་མ་ཚབ། དེ་བཞིན་ཁྱིམ་གྲོགས་དག་དང་བྲལ་བའི་བྲལ་གདུང་དང་།   ཕམ་ཉེས་སུ་གྱུར་བའི་དམར་ཆུང་སེམས་པ་འདི་ལག་པས་བསྐྱོར་བཞིན།   སྐེ་དཀྲིས་སུ་ཁ་བཏགས་དང་།  སྐོམ་པ་སེལ་ཆེད་མིག་ཆུ་དང་། རེ་བའི་ཁ་ཆེམས་ངུ་ངག་ལ་བཅོལ་བཞིན། རི་ཟུར་དེ་ནས་ཁྱེད་ཀྱི་ཆེས་མཐའ་མའི་ངོ་གདོང་ལ་རྒྱང་མཇལ་བྱ་བཞིན། འཚོ་བ་གསར་བ་ཞིག་གི་ཞིང་ཁམས་ན་བཞུད་དགོས་བྱུང་།                                               
    དེ་ལྟར་རྒྱུས་མེད་ཀྱི་ཁོར་ཡུག་གསར་པ་དེའི་ནང་། ཚ་དུབ་ཀྱི་དཀའ་ངལ་དང་འབྲེལ་འདྲིས་མེད་པའི་སློབ་གཉེར་བ་གཞན་དང་གྲོགས་དགོས་པས་ན། ཐོག་མའི་ཟླ་ཤས་ནི་ཁེར་རྐྱང་དང་སེམས་སྡུག་ཁོ་ནའི་ཁྲོད་དུ་བསྐྱལ་དགོས་བྱུང་། ང་ཁྱེད་དང་ཁ་གྱེས་པའི་ལོ་ཟླའི་ཁྲོད། ངས་ངོ་མ་ཁྱེད་ཤིན་ཏུ་དྲན་ལ་ཐེངས་ཤིག་གྲོགས་པོ་ཞིག་གིས་རོགས་རམ་འོག་ཁྱེད་ལ་ཁ་པར་བཏང་བ་ཁྱེད་ཀྱིས་ དྲན་སོས་ངེས་རེད། འོན་ཏེ། ངས་ཁྱེད་ལ། ང་ཡིན་ཞེས་རང་ཉིད་ཡིན་པའི་མིང་ནས་འབོད་ཙ་ན། ད་གཟོད། ཁྱེད་ཀྱི་ཡ་ལན་མེད་པའི་བརྡ་དེས་ངས་ཁྱེད་ལ་བཅངས་པའི་ཚོར་འདུ་ཡོད་ཚད་ཉམས་རྒུད་དུ་ཕྱིན་སོང་། དེ་ལྟར་ངས་སླར་ཕམ་ཉེས་སོང་བའི་ཚོར་བ་དེ་དང་བསྡོངས་ཏེ། སློབ་གྲོགས་གཞན་རྣམས་རྨི་གྲོང་དུ་བཞུད་རྗེས། ཁྱེད་ངའི་ཁོར་ཡུག་ཆུང་ངུ་དེ་ལས་ཡོངས་སུ་བསྐྲད་ཆེད། མལ་ཁང་གི་ཐོག་ཁར་བསྐྱོད་དེ་ཕམ་ཉེས་སུ་སོང་བའི་ཚོར་བ་དེའི་གདུང་བ་ཡོད་ཚད་ཟླ་བར་སྨོས་བཞིན། ང་ལ་ཡོད་པའི་ཁྱེད་ཀྱི་དྲ་པར་གཅིག་པུ་དེ་ཡང་མེར་བསྲེགས་པ་ཡིན།
   དུས་དེ་ནས་བཟུང་། ངས་ཁྱེད་ཀྱི་སྐོར་ལ་བསམ་པའི་མདའ་མོ་འཕེན་མཚམས་བཞག་པ་ཡིན་ལ། ནམ་ཁྱེད་དྲན་ཚེ་མགོ་བོ་གཞན་ཞིག་ལ་གཡེངས་ཐབས་བྱེད་ཀྱིན་ཡོད། འོན་ཏང་། ངས་མི་ཤེས། ངས་ཇི་ཙམ་ཐབས་ཤེས་ཀྱིས་ཁྱེད་བརྗེད་ཐབས་བྱས་ཀྱང་། ཁྱེད་ནི་ངའི་སེམས་ཁོང་ནས་ནམ་ཡང་ འདོར་ཐབས་བྲལ་བའི་དབང་པོ་ལྟ་བུ་ཞིག་ཏུ་འགྱུར་ཟིན་འདུག      ཕལ་ཆེར་ངས་བསམ་པ་ནོར་མེད་ཚེ། རྒྱུ་རྐྱེན་ནི་ཁྱེད་ནི་ངའི་ཆེས་ཐོག་མའི་བརྩེ་དུངས་ཀྱི་ལག་རྡང་བསྲིངས་ས་དེ་ཡིན་པའི་ལན་པར་སེམས།
དེ་ལྟར་ལོ་ཟླ་རིམ་གྱིས་བཞུད་སོང་། ང་དབྱར་ཁའི་གུང་གསེང་རིང་སློབ་གྲྭ་རྙིང་པར་འཁོར་བསྐྱོད་ལ་ཡོང་བ་ཁྱེད་ཀྱིས་ཤེས་ངེས་རེད།མཚམས་རེ་ངས་ཁྱིམ་ཚང་གི་ཨ་མ་ལགས་དང་གྲོགས་པོ་འགའ་ཤིག་ཐུགས་འཕྲད་ཆེད་ཁྱེད་ཀྱི ཁྱིམ་ཚང་ན་ཡོང་གིན་ཡོད། འོན་ཏེ། ང་ཁྱེད་ཀྱི་ཁྱིམ་ཚང་ཕྱོགས་སུ་གོམ་སྟབས་འགྱུར་བའི་ཚེ། ངའི་སེམས་ཁོང་ན་ཁྱེད་ཁོ་ན་ཐུགས་འདོད་པའི་རེ་བའི་རླབས་ཕྲེང་འཕྱུར་བ་ནི་བརྗོད་ཀྱི་མི་ལང་།  ཁྱིམ་དུ་སླེབས་པའི་ཚེ། ཁྱེད་དང་ཁ་བརྡ་རེ་གློད་པའི་སྤོབས་པ་བདག་ལ་དབེན་གྱུར་ཡང་ཁྱེད་མཐོང་བ་ཙམ་གྱི་ངའི་འདོད་བློ་ཡོངས་སུ་ཁེངས་བཞིན་འདུག
   ཕྱིས་སུ་ངས་མནོ་བསམ་ལེགས་པར་བཏང་སྟེ། རང་ཉིད་ལ་ཁྱེད་འཐོབ་ཐབས་བྲལ་བ་འདི་ཉིད་ཡོངས་སུ་རྟོགས་ཏེ། མཚམས་རེ་ལས་དབང་ལ་འཁང་ར་དང་སྐྱོན་བཙུགས་རེ་བྱེད་ཀྱིན་ལོ་ཟླ་ཧྲིལ་པོ་གཉིས་དེ་ལྟར་བཞུད་སོང་། ད་གཟོད་ངས་སེམས་ཐག་ཡོངས་སུ་བཅད་དེ་ཁྱེད་དང་ལས་དབང་གི་ཁ་ཕྱོགས་སོ་སོར་གྱེས་རྒྱུར་དམ་བཅས་པ་ཡིན། འོན་ཀྱང་། སེམས་ནང་བསམ་པ་བཞིན་ལག་ལེན་དུ་བཀོལ་རྒྱུ་ནི་དཀའ་ཚེགས་ཆེ་ཤོས་ཀྱི་འཐབ་རྩོད་ཞིག་རེད། དེ་ལྟར་ཟང་ཟིང་གི་སྤྱི་ཚོགས་དང་སློབ་གླིང་གི་ཁོར་ཡུག་ཆུང་ངུ་དེའི་ནང་ང་འཆི་ལ་ཁད་དུས། ལས་དབང་བཙན་པོིའི་འགྱུར་ཁུགས་ལས་ཁྱེད་ཀྱི་ལྷག་རླུག་དེ་སླར་ཡང་ངའི་ཁོར་ཡུག་ཆུང་ངུའི་དེའི་ནང་ལྡང་བྱུང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་མོ་ཞིག་ལ་ཕུལ་བའི་བརྩེ་འཕྲིན།

2012-03-05 ཉི་གཞོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།