རྐང་རྗེས།

བཀྲ་ཤིས་ཚེ་བརྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-30

           _______དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་དང་ཆབས་ཅིག་སློབ་གྲྭར་གསར་ཞུགས་སློབ་གྲོགས་རྣམས་ལ་ལེགས་སྐྱེས་སུ་ཕུལ།

  སློབ་གྲོགས་ཚོ། དེ་སྔོན་མི་ཞིག་གིས་ང་ལ་འདི་ལྟར་ལབ་མྱོང་སྟེ། ཁོས་རྐང་རྗེས་རེ་རེ་རང་ཁྱིམ་གྱི་གནས་གང་རུང་དུ་ཇི་ལྟར་སྤོས་པ་དེ་ལྟར་དུ་བརྩེགས་ཡོད་པ་མིག་གིས་མཇལ་དུ་ཡོད་སྲིད་ཚེ། དེ་ནི་ཁྲེ་ཙེས་འཇལ་རིན་ལྡན་པའི་མཐོ་ཚད་ཅིག་ཡོད་ཨང་ཞེས་གདེངས་ལྡན་གྱི་ཉམས་དོད་གིན་འདུག་པས་ང་ལ་ནི་རྐང་རྗེས་ཞེས་པའི་ཐ་སྙད་འདི་ལ་ཞིབ་ཏུ་མནོ་བསམ་གཏོང་བའི་གླགས་ཤིག་དབང་མེད་དུ་བསྩལ་བྱུང་།
   རེད་ལགས། སློབ་གྲོགས་ཚོ། ཁྱེད་ཅག་རང་ལོ་བཅུ་ཕྲག་གཅིག་བརྒལ་མཚམས་ནས་ཕ་མའི་བྱམས་བརྩེས་མིག་ཟུང་གི་སྐྱེལ་མ་དང་སྤོ་བོ་རྨོ་མོ་རྣམས་ཀྱིས་ཤ་ཚའི་ཞལ་གདམས་བདུད་རྩི་སྙིང་གི་བཅུད་དུ་བསྣམས་ཏེ། དེ་ཡང་ཇི་སྐད་དུ་ཡང་མེས་དཔའ་བོ་རྣམས་ཀྱིས་མཐའ་མཚམས་ཀྱི་བདེ་འཇགས་ལ་མིག་ཆུ་དང་རྔུལ་ཁྲག་གི་མཆོད་པ་དབུལ་མྱོང་ས། ཤར་ལྷོ་ཕྱོགས་ཀྱི་དར་རྒྱལ་ལྷ་རིའི་མགུལ་ནས་གངས་ཁྲོད་ཀྱི་རྐང་རྗེས་རེ་རེ་སེང་ཕྲུག་དཀར་མོའི་ཁྱུ་ཚོགས་ཀྱི་ཐྲིག་ཐྲིག་གི་རྡོག་སྒྲའི་སྐྱེལ་མ་དང་ཉི་གཞོན་ཟེར་མས་མིག་ཞགས་ཀྱི་སྡོངས་གྲོགས་འོག་རྐང་རྗེས་འདི་རུ་བཞག། ཁ་ཤས་ཤིག་ནུབ་ཕྱོགས་གུང་ཡེ་རྡོ་རྗེ་ཕ་ལམ་གྱི་ཕོ་བྲང་ལོགས་གཉིས་ནས་འབྲོང་ཆུང་དར་མ་དག་གི་སྲ་མཁྲེགས་ཀྱི་རྨིག་ཁ་རྫ་ལ་བརྡར་བའི་སིང་སིང་གི་སྒྲ་དབྱངས་ཁྲོད་རྐང་རྗེས་འདི་རུ་སྤོས། ཡང་ཁ་ཤས་ཤིག་བྱང་ཕྱོགས་བེཊུརྱའི་ཕོ་བྲང་གི་གཡས་ཟུར་ནས་སྟོང་རི་ལྷ་མཚོའི་མེ་ལོང་གིས་སྨག་ཅིང་གནག་པའི་འབའ་འབུར་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་དཀར་གསར་ལེར་བཏང་བའི་འོད་ཞགས་ཀྱི་སྐྱེལ་མ་ཁྲོད་གནས་འདིར་ལྷགས། ཁ་ཤས་ཤིག་བར་གྱི་འཇམ་དཔལ་མིའི་རྣམ་པར་རོལ་བའི་སྐྱེས་མཆོག་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་མཆོག་གི་ཟག་མེད་ཡེ་ཤེས་ཀྱི་ཕོ་བྲང་སྟེ་དགའ་ལྡན་འཕེལ་རྒྱས་གླིང་གི་དགེ་བར་རབ་ཏུ་བསྐུལ་བའི་གནའ་བོའི་ཅོང་སྒྲ་དང་། མདུན་སྐྱོད་ཀྱི་སྤོབས་པས་འཇིགས་རུང་གི་བྲག་རིའི་འགག་འཕྲང་བརྒྱ་ཕྲག་ལས་མཆོངས་བར་སྤོབས་པ་ཨན་གི་ཆུ་འཁོར་གྱི་གླུ་སྐད་ཁྲོད་གནས་འདིར་སླེབས་སོ།  ད་རུང་་་་་་་་ད་རུང་། རེད་ལགས། གཅེས་ཕྲུག་ཚོ།  ཁྱེད་ཚོ་སླེབས་པ་དུས་རབས་ཀྱི་ཁ་གཡང་དང་འགྲིག་སོང་། ཁྱེད་ཚོ་སླེབས་པ་འཛམ་གླིང་གི་ཁ་ཕྱོགས་དང་མཐུན་སོང་། ཁྱེད་ཚོ་སླེབས་པ་ཕ་ཡུལ་གྱི་འབོད་སྐུལ་དང་འབྱོར་སོང་།  ཁྱེད་ཚོ་སླེབས་པའི་རྡོག་སྒྲ་མཁས་མཛངས་ཀྱི་ཡང་མེས་ཚོས་རྒྱང་ནས་གསན་སོང་།     གཅེས་ཕྲུག་ཚོ། ཁྱེད་ཅག་གི་རྐང་རྗེས་དཔར་ས་འདི་ན་གནམ་གྱི་ས་བཀབ་པ་ལྟ་བུའི་ཡང་མེས་མཁས་ཆེན་དག་གི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ཞབས་རྗེས་དང་། བདེན་ཚིག་གི་སེང་གེའི་ང་རོ་དུས་ད་ལྟར་ཡང་ཐོག་རེག་བྲལ་བའི་ནམ་མཁའི་དབྱིངས་སུ་བྲག་ཆར་འཁྱིལ་ཡོད།  ཁྱེད་ཚོ་སླེབས་པའི་གནས་འདི་རུ།  དུས་རབས་ཀྱི་སྣེ་མོར་འགྲེང་བའི་དགེ་རྒན་སྐོར་ཞིག་གིས་ལྷག་བསམ་དང་སྤོབས་པས་ཤེས་བྱའི་ས་བོན་རྒྱབ་ཏུ་འཁུར་ཞིང་། རྣམ་དཔྱོད་ཀྱི་ལག་ཟུང་གིས་བཙན་པོའི་སྔོན་གྱི་ལུགས་མ་ཉམས་པར་རྨོན་མཛོའི་སྐེའི་གཉའ་ཤིང་ལ་ཐོང་གཤོལ་བཀལ་ཏེ་ཀ་ཁའི་རྣོ་ལྕགས་ཀྱིས་སྤྲས་པའི་གཤོལ་སྣེ་མི་རིགས་འདི་ཡི་རྐང་འཛིན་པར་གྱུར་པའི་ཁྱེད་ཅག་གི་ཡིད་ཀྱི་ཞིང་ས་རུ་གཟུག་རྒྱུའི་ལས་གཞི་ལག་བསྟར་བྱེད་གྲབས་ཡོད་པ་ཁྱེད་ལ་སྒུག་སྒུག་ཏུ་ཡོད་པས། ང་ཚོས་མཉམ་དུ་ཤེས་རིག་སྣ་ལྔའི་ས་བོན་མཐོ་སྒང་གི་ཞིང་ས་གཤིན་པོ་འདི་རུ་རྩ་བ་ཚུགས་ཏེ་འབྲས་བུ་སྨིན་པར་ཧུར་བརྩོན་བྱེད།      གཅེས་ཕྲུག་ལགས། མིག་ཟུང་ཕྱེ་ནས་ལྟོས་དང་། སློབ་ར་འདིའི་མཁའ་དབྱིངས་སུ་ཆེམ་ཆེམ་བཀྲ་བའི་སྐར་ཚོམ་ནི་ཕ་མའི་ལྷག་བསམ་དང་། ཁྱེད་ལ་བཅངས་བའི་རེ་སྨོན་དཀར་པོ་མ་ཡིན་ནམ། རྣ་བ་བླགས་ཏེ་གསོན་དང་། རྒྱང་རིང་ནས་མཆེད་འོངས་པའི་ཀ་མད་སུམ་ཅུའི་ཕྲལ་སྦྱོར་ཀློག་གི་དབྱངས་རྟ་སྙན་མོ་དེ་ནི་གསེར་ལྡན་ཆུ་བོའི་རླབས་རྒྱུན་ལ་འགྲན་བཟོད་པའི་ཁྱེད་ཀྱི་རྗེས་རབས་པའི་མིང་སྲིང་དག་རེད། རྩེ་གཅིག་ཡིད་ཀྱིས་མྱོང་དང་། ཁྱེད་ཀྱི་བློ་ཡི་བུམ་པར་སིམ་སིམ་དུ་འཇོ་བཞིན་པའི་ལེགས་བཤད་ཀྱི་བདུད་རྩི་དེ་ནི་ལྷ་དབང་གི་བུམ་པ་ལས་མིན་པར་དགེ་རྒན་གྱི་སྙིང་གི་གཏེར་བུམ་ལས་བྱུང་བའི་རིག་སྟོབས་ཀྱི་ཁོ་ལག་རྒྱས་བྱེད་ཉག་གཅིག་མ་ཡིན་ནམ། ལུས་བདེ་དགས་འཚེངས་བར་མཛོད་  དང་། ཁྱེད་ཀྱི་སྨུག་སྤྲིན་ཀྱིས་ཁྱབ་པའི་སེམས་ལ་གློ་བུར་དུ་ལུས་སེམས་མི་ཕྱེད་པའི་བདེ་དགའི་དཔལ་གྱིས་ཁེངས་བའི་སྐྱིད་སྣང་དེ་ནི་སོས་ཀའི་དྲི་བཞོན་བུ་མོས་ལག་ཟུང་གིས་བྱིལ་བྱིལ་མ་ཡིན་པར་དགེ་རྒན་དམ་པས་ཁྱེད་ཀྱི་འཚོ་བའི་བདེ་སྡུག་ལ་ཐུགས་ཁུར་གནང་བའི་འཛུམ་ཞལ་གྱི་ཉི་མའི་འོད་ཐིགས་ཙམ་རེད། ད་དུང་དྲི་འཛིན་སྣ་བའི་སྣོམས་དང་། དྲི་ཞིམ་སྐྱེས་སུ་བཏེགས་པའི་མེ་ཏོག་གི་ཕྲེང་བ་དེ་ནི་མཛའ་བརྩེའི་ལག་རྡང་སྦྲེལ་བའི་རྟེན་འབྲེལ་མཚོན་བྱེད་དུ་སློབ་གྲོགས་ཤིག་གིས་ཁྱེད་ལ་ཕུལ་བའི་ལག་སྐྱེས་ཐོག་མ་རེད། མེ་ཏོག་ཆུང་འགྲོར་མ་བསམས། །  མཆོད་པའི་རྫས་སུ་འགྲོའོ།  ། དོན་དག་ཆུང་ཆུང་སྒྲུབས་དང་།།  ཡར་ཐོན་ཕྲན་བུ་འབྱུང་ན། །  འདི་ནི་ང་ཚོའི་མཛེས་སྡུག་གི་རྐང་རྗེས་ཡིན་ནོ།  སྤོས་དང་ཉམ་ཆུང་གི་རྐང་རྗེས་རེ་རེ། གནས་འདི་རུ་སྤོ་འགོ་ཚུགས་དང་།  རྐང་རྗེས་ཇི་ལྟར་སྤོས་པ་དེ་ལྟར་དུ་བརྩེགས་ཡོད་པའི་མཐོ་ཚད་ཁྲེ་ཙེས་ཚད་འཇལ་པ་ནི་ཐ་སྙད་ཚད་མའི་གྲུབ་པའི་ལུགས་ལ་རེ་ཞིག་བློ་རྩིང་ནའང་དོན་དམ་བདེན་པའི་གཤིས་ལ་གང་དུ་འགལ། དེ་ལྟ་བས་ན་ཁྱེད་ཚོས་རང་རང་གི་རྐང་རྗེས་རེ་རེ་ནན་ཏན་དང་གཟབ་ནན་གྱིས་སྤོས་ཚེ་མཐོ་ཚད་ཙམ་དུ་མ་ཟད་རྐང་རྗེས་ཀྱི་སྣེ་མོ་ནི་རིང་ནས་རིང་དུ་བསྲིངས་ཐུབ་སྟེ། འདི་ནས་མཐོ་འབྲིང་དང་དེ་ནས་སློབ་ཆེན། སློབ་ཆེན་ནས་སྤྱི་ཚོགས་བཅས་རིམ་གྱིས་བརྒྱུད་ཐུབ་པས། ཡང་ན་འདི་ནས་སློབ་གཉེར་མཇུག་འགྲིལ་རྗེས་ཐད་ཀར་སྤྱི་ཚོགས་སམ། ཡང་ན་་་་་་། སྐབས་དེར་ཁྱེད་ཀྱི་རྐང་རྗེས་ནི་སྟོད་ཀྱི་ཆུ་བོ་གང་གཱའི་འགྲམ་ནས་སྨད་ཀྱི་ཞི་བདེ་རྒྱ་མཚོའི་འགྲམ་རྒྱུད་དུའང་བཞག་ངེས་པས། ཁྱེད་ཀྱི་རྐང་རྗེས་ཇི་ལྟར་བརྩེགས་པ་ཁྲེ་ཙེས་འཇལ་པའི་ཚད་ལས་ཡོངས་སུ་བརྒལ་ཏེ་མིའུ་ཐུང་གོམ་འགྲོས་ཀྱང་ཆེས་ཆེར་དམན་སར་དགོད་ཐུབ་པའི་སར་ཐེགས་ཐུབ་པར་གདོན་མི་ཟའོ།།
  གལ་སྲིད་འདི་ལྟར་ཡིན་ཚེ། ཁྱེད་ཀྱི་དེ་སྔོན་གྱི་རྐང་རྗེས་སྙི་མོ་དེ་ད་ལྟ་སྲ་མཁྲེགས་དང་བརྟན་བརླིང་དུ་གྱུར་ཡོད་པས། ཁྱེད་རང་སླར་ཡང་ཕྱིར་ལོག་དང་། ཕྱིར་ཁྱེད་ཀྱི་མི་ལོ་བཅུ་ཕྲག་གཅིག་བརྒལ་མ་ཐག་པའི་རྐང་རྗེས་དང་པོ་སྤོ་སའི་གནས་འདིར་ཕེབས་ཤོག་དང་།  འདི་ན་དེ་སྔའི་ཁྱེད་རང་མི་ཚེའི་སོན་འདེབས་བྱེད་པར་སྐུལ་མཁན་གྱི་དགེ་རྒན་རྣམས་མགོ་སྐྲ་ཁ་བའི་མེ་ཏོག་ཏུ་གྱུར་ཞིང་ཞལ་འཛུམ་ལྷུག་པོར་གྲོལ་ཏེ་ཁྱེད་ཀྱི་བརྟན་བརླིང་གི་རྡོག་སྒྲར་གསན་འདོད་པས་སྒུག་ཡོད་ལ། དེ་མ་ཟད་ཁྱེར་རང་མྱུར་ཏུ་སོ་སོ་ཐོག་མར་གྱ་ཙེ་གོམ་ཙེ་བསླབ་སའི་གནས་དེར་སོང་དང་།  མི་ཡུལ་གྱི་རྐང་རྗེས་ཐོག་མ་ཕབ་པའི་ཁ་མལ་དེ་རུ་ལོ་ན་རྒས་པའི་ཕ་མ་དང་རྒྱང་རིང་རྒྱང་རིང་དུ་ཡལ་བའི་ཡང་མེས་དག་གིས་ཀྱང་ཁྱེད་ཀྱི་གཟི་བརྗིད་ཀྱི་རྐང་རྗེས་ལ་སྒུག་ཡོད་པས།  ཁྱེད་རང་དེར་སླེབས་ཚར་བ་ན་ད་ནི་ངས་ཁྱེད་ལ་བྲིས་པའི་ཕ་ཡུལ་ནས་རྩྭ་རྐང་གཅིག་སྐྱེས་ན་ང་རང་དགའ་ལ། ཕ་ཡུལ་ནས་སྡོང་ལོ་གཅིག་ས་ལ་ལྷུང་ཚེ་ང་རང་སྐྱོ་ཞེས་པའི་སྙན་ཚིག་འདི་ཁྱེད་ཀྱི་སྙིང་གི་བཅུད་དུ་ངེས་པར་བཟུང་ཡོད་པ་ར་འཕྲོད་པས།ངས་ནི་ནོར་བདག་པོའི་ལག་ན་འོད་དུ་འཚེར་རོ་སྙམ་པའི་དགའ་འཛུམ་ཕྱིར་ལ་མངོན་ཏེ་ཁྱེད་ཀྱི་གཟི་བརྗིད་ཀྱི་རྐང་རྗེས་ལ་ཡི་རང་གི་མེ་ཏོག་གཏོར་ངེས་ཡིན་ནོ།།                                              
                                     ༢༠༠༨་ ༤་ ༢༨  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐང་རྗེས།

2012-08-30 བཀྲ་ཤིས་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།