སྐྱ་རེངས་ཀྱི་སྨོན་ཚིག

            ——ཡབ་ཆེན་མཆོག་ལ་ཕུལ།
   ཀེ་ལ་ཤ་ཡི་ལྗོངས་འདིར་རིག་གནས་ཀྱི་གར་སྟེགས་ཐོག་རྣམ་དཀར་དགེ་བའི་ལས་ལ་བྲེལ་ཞིང་།     རིག་གནས་ཀྱི་བདུད་རྩི་བུམ་པ་གང་འཇོའི་ཚུལ་གྱི་སློབ་མའི་ཀླད་ཀྱི་རྫིང་བུ་རུ་འདྲེན་མཁན་གྱི་ངའི་ཡབ་ཆེན་ཁྱེད་ངོ་མ་སྐུ་ལས་ཁག་སོང་། དགའ་སྐྱོ་འདྲེས་མའི་འཇིག་རྟེན་གྱི་གྲུ་ཟུར་འདི་ནས་ངས་ལྷིང་འཇགས་ཀྱི་ཁོར་ཡུག་ཞིག་སྲུང་གིན་བསམ་གཞིགས་ཀྱི་མདའ་མོ་འདས་དོན་གྱི་འབེན་དུ་ཕོག་དུས།  ངོ་མ།  ཡབ་ཆེན་ཁྱེད་སྐུ་ལས་ཁག་སོང་།  བགྲང་བྱ་དེ་དག་གི་ནང་ཁྱེད་ཉིད་ཀྱིས་ཤེས་རིག་ཀྱི་ལྡུམ་ར་དེའི་ནང་དཀའ་སྤྱད་ཀྱི་ཡུར་མ་ཡུར་བ་དང་ཆུ་རྒྱབ་པ། བློ་དཀར་གཞུང་དྲང་གི་བླ་ན་མེད་པའི་རང་གཤིས་བཟང་པོས་མཚར་སྡུག་བཀྲ་བའི་མེས་རྒྱལ་གྱི་མེ་ཏོགགང་མང་གསོ་སྐྱོང་ལ་འབད་པའི་སྤྱོད་བཟང་ལ་ཅིས་ནས་ཀྱང་དགའ།      
  ཡབ་ཆེན་ཁྱེད་ཉིད་ནི་རིག་གཞུང་དྲིལ་བསྒྲགས་ཀྱི་བྱེད་པོ།   ཁྲེ་རྩེ་གསུམ་གྱི་འཆད་འཁྲིད་སྟེགས་བུ་ནས་ཕ་སྐད་དྭངས་མ་ཞིག་གིས་ངོ་མཚར་བླ་ན་འཕགས་ པའི་བོད་སྐད་ཡིག་གི་རིག་གཞུང་དུ་མ་བོད་ཕྲུག་མང་པོར་བརྒྱུད་སྤྲོད་བྱེད་ཀྱིན། གངས་ཅན་པའི་རིག་གཞུང་མུ་མཐུད་མ་ཉམས་གོང་དུ་འཕེལ་རྒྱུའི་རེ་བའི་མེ་ཏོག་དུས་ནམ་ཡང་སེམས་ཀྱི་ཁོག་མ་རུ་བཞད་བཞིན་པ་ནི་ཁྱེད་ཉིད་ཀྱི་མི་རིགས་ལ་བཅངས་པའི་ལ་རྒྱ་ཡིན་ལ།  ཕ་སྐད་ལ་བཅངས་པའི་བརྩེ་སེམས་དྭངས་མ་དེ་རང་ངོ་།།
   ཡབ་ཆེན་ད་ངས་ཤེས་སོང་།  ཁྱེད་ཀྱིས་ཁྱིམ་ཚང་དེ་དང་བུ་ཕྲུག་ང་ཚོའི་དོན་དུ་ལྗིད་ཏིག་ཏིག་གི་འགན་འཁྲི་དེ་འཁུར་དགོས་བྱུང་ལ།  འབར་འབུར་མི་སྙོམས་པའི་མི་ཚེའི་ལམ་བུའི་སྟེང་དཀའ་སྡུག་དང་བཀྲེས་ལྟོགས་ཀྱི་སྡུལ་བསྔལ་འབའ་ཞིག་མྱོང་དགོས་བྱུང་།    དེར་རྟེན་ངས་ཤ་གསེང་རུས་པའི་གཏིང་ནས་ཁྱེད་ཉིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
   ཡབ་ཆེན།  སྐྱ་རེངས་ཀྱི་བུ་མོ་འཇིག་རྟེན་འདིར་ལྟད་མོ་རུ་ཡོང་དུས་ཁོ་བོས་སེམས་དབུས་ནས་ཐོན་པའི་སྨོན་ཚིག་གི་མེ་ཏོག་ཆུན་པོ་དེ་ཡབ་ཆེན་ཁྱེད་མཆོག་ལ་བསྐུར་ཡོད།   ཁྱེད་བཀྲ་ཤིས།   ཚེ་རིང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱ་རེངས་ཀྱི་སྨོན་ཚིག

2013-07-16 པད་མ་ཆོས་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།