མྱོང་བ་ལས་བྱུང་བའི་དྲན་ཚོར།

སྟག་རིག་འབྲུག་ཐར།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-02

  བཤེས་གཉེན་དམ་པའི་བཀའ་དྲིན་ལ་ལས་ཀྱི་རླུང་བུ་ཞིག་གིས་ང་རང་སློབ་གྲྭ་ཆེན་མོ་ཞེས་པའི་མིང་བྱང་རྫིག་པོའི་སྒོ་ཐེམ་ལ་བརྒལ་ཐུབ་པའི་སྐལ་བ་ཡག་པོ་ཞིག་སྨིན་སོང་།
  ཏག་ཏག་སློབ་མགོ་ཚུགས་མ་ཐག་པའི་ཉིན་གཉིས་ཙམ་རྗེས་ཀྱི་ཟླ་ཕྱེད་ལྷག་གི་རིང་ལ་སློབ་རའི་རྩལ་སྦྱང་ར་བ་ནས་དམག་རྩལ་སྦྱོང་བརྡར་གཙོ་བྱས་པའི་སློབ་ཞུགས་སློབ་གསོའི་ལག་ལེན་དེ་དགེ་སློབ་ཚང་མའི་དཀའ་སྡུག་གི་བརྩོན་པའི་འོག་ནས་དངོས་འབེབས་བྱས་ཚར། མཐོ་འབྲིང་མཐར་ཕྱིན་ནས་སློབ་ཆེན་གྱི་འཚོ་བར་དབུ་ཁྱུད་འབྲི་བའི་སློབ་མ་ཞིག་ལ་མཚོན་ན། ཡོད་ཚད་ཨ་གསར་ནས་མགོ་བརྩམ་དགོས་པ་སྨོས་མེད་རེད། རང་གི་འདོད་བློ་རུའང་སྔོན་ཆད་ཀྱི་ཆད་ལྷག་སྐྱོན་གསུམ་མ་ལུས་ཕྱགས་ལུད་བཞིན་རིང་བོར་དོར་ཞིང་། འཆར་གཞི་གསར་བ། མདུན་ལམ་ཡངས་པོ། བརྩོན་པ་ལྷོད་མེད། ངར་ཤུགས་ཞུམ་མེད་ཀྱི་གོ་ཆ་ཡང་དག་ཅིག་ལུས་སུ་བགོས་ཏེ། སློབ་སྐབས་གསར་བ་ནས་སྲོལ་བཟང་བོ་ཉར་ཞོར་ཚུལ་ལྡན་དང་དཔེ་མེད་ཀྱི་སློབ་ཆེན་པ་ཞིག་བཅའ་རྒྱུ་སེམས་པའི་ཕུ་ལ་ཉར་ཡོད།
  སློབ་གྲྭའི་སྤྱི་སྲོལ་དང་འདྲིས་ལོབས་ཡོད་མ་ཡོད་ཀྱི་མཚམས་དེར་ཤེས་མེད་ཚོར་མེད་ངང་ཟླ་ངོ་གཅིག་གི་དུས་ཚོད་ཀྱི་མདུང་རྩེ་ནི་ལྷུང་ལྷུང་བཞུར་བའི་ཆུ་ཕྲན་ཞིག་ལས་ཀྱང་མགྱོགས་སྙམ་པའི་ཚོར་བ་སྟེར།རྒན་ལགས་ང་ཚོ་དང་ཁ་གཏོད་ཐེངས་རེར་དུས་རྒྱུན་དུ་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ཏུ་གྲུབ་ཉིན་ནས་གཙོ་བོ་རང་ཚུགས་ཡོད་དགོས། དེའི་ཁར་རང་རྟོགས་ཀྱི་འདུ་ཤེས་དེ་རྒྱུད་ལ་གོམས་པར་བྱ་དགོས། ཡར་སྔོན་གྱི་དམའ་འབྲིང་མཐོ་འབྲིང་གི་སློབ་སྦྱོང་འཚོ་བ་ལྟར་དགེ་རྒན་རྣམ་པ་ཁྱེད་ཚོའི་རྫི་བོ་ལྟར་རྗེས་འདེད་བྱེད་པའི་དཔེ་ནམ་ཡང་ཡོད་པ་མ་རེད། སློབ་ཁྲིད་ལས་གཞན་ཁོམ་ལོང་ཡོད་དུས་དཔེ་མཛོད་ཁང་དུ་དཔེ་ཆ་བལྟ་རུ་འགྲོ་བ་དང་ནངས་དུས་སྔ་མོར་ལངས་ནས་བློར་འཛིན་སྐྱོར་སྦྱང་བྱ་རྒྱུ་གོམས་སྲོལ་ཞིག་ཏུ་ཆགས་སུ་འཇུག་དགོས། འོན་ཏེ་ཡིད་འཕངས་པ་ཞིག་ལ་ད་ལྟའི་བོད་རིགས་སློབ་མ་ཚང་མའི་སྦྱང་བརྩོན་གྱི་སྟོབས་ཇེ་ཞན་དང་ཤེས་བྱ་ཡོན་ཏན་ལ་འཇུག་པའི་སྤྲོ་བ་རིམ་བཞིན་ཉམས་དང་ཉམས་ཞན་དུ་འགྲོ་བཞིན་པའི་སྣང་ཚུལ་འདི་རིག་དུས། ངོ་མ་སེམས་ནས་བཟོད་དཀའ་བའི་ན་ཟུག་ཅིག་སྐྱེས་འོང་ཞེས་ཤ་ཚ་བའི་ཚུལ་གྱིས་རྨ་མེད་པའི་ཁ་ཏ་སློབ་གསོ་རྒྱུན་པར་གཏོང་གིན་ཡོད། དངོས་གནས་བདེན་ཏེ། ད་ལྟའི་མི་གྲངས་མང་ཞིང་མི་རིགས་འདྲ་མིན་མོད་པའི་སློབ་གླིང་གི་གྲུ་ཟུར་གང་རུང་དུ་ནངས་སྔ་མོའི་སྐབས་ཡིན་ནའང་འདྲ། གུང་གསེང་གི་དུས་ཡིན་ནའང་འདྲ། དཔེ་ཆ་ལག་ཏུ་བསྣམས་ནས་ལྟ་ཀློག་དང་བློར་འཛིན་བྱེད་པའི་མི་བུ་རེ་གཉིས་ཙམ་ཡང་ཉིན་མོའི་སྐར་མ་ཙམ་དུ་སྲིད། ལྷག་པར་རང་སྦྱོང་གི་སྐབས་སུ་ཁྱེད་ཉིད་སློབ་གྲྭའི་དཔེ་མཛོད་ཁང་དུ་འབྱོར་དུས། བཀའ་བསྟན་འགྱུར་གྱི་ཆོས་ཕུང་རི་ལྟར་བརྩིགས་ཤིང་སྣ་ཚོགས་རིག་གནས་ཆེ་ཆུང་གི་དཔེ་དེབ་བྱུར་བུར་སྤུངས་ཡོད་པའི་ཁྲོད་དུ་ཆེས་མང་ན་སློབ་མ་ལྔ་དྲུག་ཙམ་ལས་མཐོང་དཀོན་པ་རེད། སྣང་ཚུལ་འདི་ལས་ཀྱང་རྒན་གྱིས་བཤད་པའི་སློབ་གསོའི་ཞལ་ཏ་ལ་བདེན་ཁ་ཡང་དག་ཅིག་ལྡན་འདུག    
  མ་ཟད་ཁྱེད་ཀྱིས་དུས་རྒྱུན་གྱི་སློབ་ཆེན་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་མིག་གིས་འཚོ་དུས། མཚམས་རེར་དགོད་བྲོ་ལ་ལན་རེར་ངུའང་བྲོ། ག་རེ་རེད་ཟེར་ན། སྔ་མོའི་ཆུ་ཚོད་བརྒྱད་ཡས་མས་སུ་ཡོད་ཚད་དཔེ་ཆ་མིན་སྙམ་པའི་ལྗིད་ཏིག་ཏིག་གི་དཔེ་ཁུག་དེ་ཞིང་གྲོང་གཞོན་ནུ་མས་སླེ་བོ་རྒྱབ་ལ་ཁུར་བ་ལྟར་ཅུང་ཚད་ལས་འདའ་བའི་ཚུལ་གྱིས་རྒྱབ་གཞོངས་སུ་ཐུར་དུ་དཔྱངས་ནས་འཚང་ཁ་ཤིག་ཤིག་གིས་བ་གམ་ཁང་བརྩེགས་མཐོ་བའི་སློབ་ཁང་གི་ཕྱོགས་སུ་འདུར་བཞིན་ཡོད་ལ། སློབ་ཁྲིད་ཀྱི་དགོས་དབང་གིས་སློབ་ཁང་ལ་ངེས་གཏན་མི་འདུག་པས།  ཁྱེད་རང་སློབ་ཁང་ལ་འབྱོར་དུས། ཡུན་རིང་བོར་གཙང་དག་དང་གད་བདར་མ་བྱས་པའི་མཇུག་འབྲས་ལ་སློབ་ཁང་གི་གྲུ་ཟུར་གང་རུང་ན་ཟས་ཤུན་འཐུང་སྣོད་གཙོ་བྱས་པའི་ཁྱིམ་ཕྱགས་ཕོན་པོ་ཇི་སྙེད་ཅིག་སྤུངས་ཡོད་ཅིང་། སློབ་ཁྲིད་ཀྱི་སྐབས་སུ་རྒན་ལགས་ཀྱིས་སློབ་ཐུན་རེ་རེའི་ཤེས་བྱ་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་འབུལ་སྙམ་ནས་སེམས་ཤུགས་ཡོད་ཚད་བཏོན་དང་འདོན་བཞིན་ཡོད་ནའང་། སློབ་གྲོགས་རེ་འགས་མགོ་བོ་ཐུར་དུ་གུག་ནས་ལག་ཁྱེར་ཁ་པར་ལ་སེམས་གཡེངས་ཤིང་། ལ་ལས་འབྲེལ་མེད་དོན་གཞན་གྱི་དཔེ་ཆར་ལྟ་བ། ཡང་སློབ་གྲོགས་ལ་ཤས་སློབ་ཐུན་ཧྲིལ་བོར་གཏི་མུག་གཉིད་ཀྱིས་བཟི་ནས་དུས་འདའ་བར་བྱེད། ཡིན་ཡང་གནས་བབ་འདི་འདྲའི་འོག་ཏུ་ཐུན་གྲངས་སྐར་མ་བཞི་བཅུ་ལྷག་ལ་ཁྲིད་སྟེགས་སུ་ཀྲོང་ངེར་འགྲེང་བའི་རྒན་དམ་པའི་ཡོད་ངོར་ཚོར་ཤེས་གང་འདྲ་ཞིག་སྦྱིན་འོང་ཨང་།  དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ་སློབ་གྲྭའི་ར་སྐོར་ན་འགྲོ་རོགས་རང་རིགས་ཡིན་ཞིང་རང་སྐད་དོར་ནས་གཞན་སྐད་ལ་གཡམ་རྒྱུགས་ཆེ་བའི་སློབ་གྲོགས་རེ་འགས་ད་མ་དིག་གི་གོ་བརྡ་སྤྲོད་པའི་སྣང་ཚུལ་དེའི་རིགས་རྣ་ཡིས་གོ་བའམ་མིག་གིས་རིག་པའི་བར་གླགས་དེར་སེམས་ཀྱི་ཟབ་ས་ནས་སྐད་ཅིག་ཉིད་ལ་སྦྲོམ་ཐོམ་མེར་འགྲོ་ཞིང་། མྱུར་མྱུར་ཁ་མལ་དེ་རུ་ཁོ་ཚོར་ཤ་ཚ་བའི་སྐད་ཆ་ཞིག་ཤོད་ན་བསམ་བྱུང་། ཡིན་ཡང་སྐབས་ཐོག་དེར་ཕན་ཚུན་གྱི་ངོ་ཐང་གི་རྐྱེན་པས་རེ་ཞིག་མི་བསྐྱུར་ག་མེད་རེད། རྒན་ལགས་ཀྱིས་ཀྱང་རྒྱུན་པར་རྒྱ་སྐད་བཤད་ན་རྒྱ་སྐད་སྤྱི་སྐད་དང་བོད་སྐད་བཤད་ན་བོད་སྐད་གཙང་མ་ལས་རྟ་བོང་གི་གཟན་ཆས་བསྲེས་པ་ལྟ་བུའི་སྦྲགས་སྐད་མི་ཤོད་པར་ཞུ་ཞེས་ང་ཚོར་དེའི་སྐོར་གྱི་བསླབ་བྱ་ཡང་ཐེངས་དུ་མར་བཏང་མྱོང་།  ད་དུང་འདི་ལས་གཞན་པའི་སྐྱུགས་བྲོ་ཞེ་མེར་བའི་དཔེ་མཚོན་མང་པོ་ཞིག་སློབ་ཆེན་གྱི་གྲུ་ཁ་གང་རུང་ནས་མཐོ་ཡེར་རེ་སྣང་རྒྱུ་ཡོད་པ་གོར་མ་ཆག    
འདི་ལྟའི་ཡིད་སྐྱོ་བའི་སྣང་ཚུལ་དག་སློབ་ཆེན་པའི་སློབ་གྲོགས་ཡོད་དོ་ཅོག་ལ་འཛོམས་པ་ག་ལ་ཡིན་ཏེ། དེ་དག་གི་ཁྲོད་དུ་རང་ཚུགས་བོར་ཞིང་། མི་གཞི་ཚུལ་ལྡན་ཞིག་ཆགས་མེད་པའི་མི་བུ་རེ་འགས་སློབ་གྲྭ་སྤྱིའི་མཁའ་དབུགས་དྭངས་མོར་སྐྱོན་གྱི་དྲི་མ་ཤོག་བུ་སྣུམ་གྱིས་ཟོས་པ་ལྟར་ཇེ་ཆེར་གཏོང་བཞིན་པ་ཤེས་རྟོགས་བྲལ་བའི་ཕྱིར་དེའི་རིགས་ལ་ཉི་མ་སྒྲོན་མེའི་ཚུལ་དུ་རྔོ་རེ་ཨེ་ཐོགས་ཀྱི་ཀུན་སློང་གིས་གཡོས་ནས་སྨྱུག་ཁ་དྲང་མོས་ཆབ་བེ་ཆོབ་བེའི་སྐད་ཆ་གསོང་བོར་བཤད་ཁུལ་ཙམ་བྱས་པ་ཡིན་པས་རྣག་ཐོག་ཁབ་གཙག་གི་རྒྱུ་རུ་མི་འགྲོ་བར་སྨོན།
  མདོར་ན་སློབ་བུ་དེའི་རིགས་ཀྱིས་རྣང་ཞིང་གི་བར་གསེང་ན་ལས་ཀར་འཐམས་ཤིང་ཕྱུགས་ཟོག་གི་སུག་རྗེས་ན་གྲང་ལྷགས་འཕྲེད་ཀྱིས་གཅོད་པའི་ཡུལ་མི་དག་གིས་སེན་མགོ་རྣག་དང་སེན་གཏིང་ཁྲག་ལ་བསྒྲེས་པའི་ཡང་སྙིང་གི་དམིགས་ཡུལ་ཡང་གང་ཡིན་པ་ཕལ་ཆེར་གསལ་ཐག་ཆོད་ངེས་མོད། རྒྱུ་རྐྱེན་གང་ཞིག་གིས་འདི་འདྲའི་སེམས་རྨོངས་དམིགས་ཡུལ་བོར་བའི་ཡན་གར་བ་ཞིག་ཏུ་གྱུར་བ་ངོ་མ་ཆ་མ་འཚལ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མྱོང་བ་ལས་བྱུང་བའི་དྲན་ཚོར།

2013-05-02 སྟག་རིག་འབྲུག་ཐར།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།