ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། 《ང་ཚོ་སྔར་བཞིན་སོར་ན་གནས་འདུག》

ལྷ་བྱམས་རྒྱལ།(པེ་ཅིང) 琼迈文学网 2023-01-03

                       -------༢༠༢༢ལོའི་བརྗེད་ཐོ།

  ལོ་འདིར། ང་ཚོར་ཐུན་མོང་གི་སེམས་ཚོར་ཞིག་ཡོད་པ་ནི། ཅི་ཞིག་བཤད་འདོད་ཀྱང་ཅི་ཡང་མི་ཤོད་པ་དེ་ཡིན་སྲིད།

  ཇ་ལོ་ཞིག་སྦངས་པའམ་ཚིག་ཇ་ཞིག་སྡེབ་པ། ཡང་ན་འོ་ཇ་ཞིག་བསྐོལ་ནས། ང་ཚོ་ཁུ་སིམ་མེར་གྱུར་ཅིང་ཕྱི་ཚུལ་ལ་ལྷོད་ཉམས་ཤིག་ཤར། ཡིན་ན་ཡང་། ནང་སེམས་ཀྱི་བྲེལ་དངངས་ཀྱིས་སྐད་ཅིག་ཙམ་ལ་ཡང་འདུག་བཟོད་མེད་པར་གྱུར་ཡོད། ང་ཚོ་རང་མལ་ནས་ཕར་འགྲོ་ཚུར་འོང་བྱེད་ཅིང་། མཚམས་རེར་ཆིག་ལབ་རེ་ཡང་ངག་ནས་དབང་མེད་དུ་བརྡོལ་ཡོང་།

  ཁ་པར་ནང་གི་འཇིག་རྟེན་དང་དངོས་ཡོད་ནང་གི་འཇིག་རྟེན་གཉིས་ལ་ས་མཚམས་འབྱེད་པའི་འདུ་ཤེས་ཀྱང་མོག་པོར་གྱུར། མཚམས་རེར་དེ་ནི་འཁྲབ་སྟོན་ཙམ་མོ་ཞེས་རྫུན་དུ་བསྒྲུབས་ཏེ་རང་སེམས་གསོ་ཞིང་། མཚམས་རེར་དེ་ནི་དཔེ་མི་སྲིད་པ་ཞིག་གོ་ཞེས་ཆགས་སྡང་འགོག་མེད་ཅིག་གི་དབང་དུ་གྱུར། ལོ་འདིར་ཁ་པར་དང་ཁ་པར་གྱི་འཇིག་རྟེན་དེ་སྔར་ལས་ཀྱང་གཞི་རྒྱ་ཆེ་ཞིང་ཤིན་ཏུ་མགྱོགས་པའི་ངང་ང་ཚོའི་འཚོ་བའི་ནང་དུ་ཉེ་བར་བཅར་བ་དང་། བཀག་སྡོམ་གྱི་དབང་གིས་རང་དབང་ཤོར་བའི་གནས་སྐབས་དེ་དག་ལ་ཡོད་ངེས་གཏན་གྱི་མི་སྐྱིད་པ་དང་མི་གོམས་པ། མི་བྲོད་པའི་སྡུག་བསྔལ་ལས་བྱུང་པའི་མི་བཟོད་པའི་ཚོར་བ་འཇོམས་བྱེད་ཀྱི་སྦྲིད་སྨན་དུ་གྱུར།

  རྒྱུན་ཤེས་ལ་སྔར་བཞིན་རྨོངས་ཤིང་། ཆོས་ཉིད་ལ་སྔར་བཞིན་བརྩི་སྲུང་མི་བྱེད། དེ་བས་ཀྱང་མིའི་གཉུག་གཤིས་ལ་སྔར་བཞིན་ཁས་ལེན་མི་སྟེར། ང་ཚོའི་ཐུན་མོང་གི་བགྲོ་གླེང་ཡོད་ཚད་ཀྱང་གནད་དོན་འདི་གསུམ་དང་འབྲེལ་བ་ཡོད་ཅིང་། མཁས་མདོག་སྟོན་མཁན་དག་གི་གསལ་འདེབས་དང་བླུན་ཉམས་ཤར་མཁན་དག་གི་རྨོངས་འཐོམ་གྱི་འགལ་ཟླ་ཛ་དྲག་ཏུ་གྱུར།

  གནས་ལུགས་ཀྱི་རྒྱ་ཆེ་ཆུང་གང་གི་ཐད་ནས་ཀྱང་། ལས་རིགས་མི་གཅིག་པ། ལས་གོས་མི་གཅིག་པ། སློབ་གསོ་མི་གཅིག་པ། ས་གནས་མི་གཅིག་པ་སོགས་ཀྱི་མི་ཕན་ཚུན་གྱི་བར་དུ་རེ་ལྟོས་ལྟར་གྱི་གྲོས་འཆམ་བྱུང་བའི་བཟོ་ལྟ་མངོན་རྒྱུ་མ་བྱུང་ཞིང་། གནས་ལུགས་ཀྱི་སྒྲུབ་བྱེད་ཡོད་ཚད་ལ་དེ་ལྟར་ཡོངས་ཁྱབ་ཀྱི་རིན་ཐང་གི་ཚད་གཞི་མེད་པར་གྱུར་ཅིང་། གུ་དོག་པའི་རང་སྒེར་གྱི་ཁ་དོག་ཇེ་གསལ་ནས་ཇེ་གསལ་ཏུ་གྱུར། ཕལ་ཆེར་གྱིས་རང་རང་གི་མཐོང་སྣེ་ཁོ་ན་ཞིག་ནས་སྒེའུ་ཁུང་བརྒྱངས་ཏེ་ཕྱི་རོལ་ལ་སྐད་གསང་སྒྲོག སྐད་སྒྲ་དེ་དག་ལོ་འདིར་རྣ་བ་སུན་སྤྱད་དུ་གྱུར།

  དེ་བས་ཀྱང་སེམས་ལ་གཟན་པ་ཞིག་ནི། ཁེ་ཕན་སྒྲུབ་པ་དེ་ལྟར་མངོན་སུམ་འཛེམ་མེད་དུ་གྱུར་ཅིང་། ངོ་ཚའི་སྒྲིབ་གཡོགས་དང་བྲལ་བར་གྱུར། ཁེ་ཕན་གྱི་ཆེད་དུ་སྨྲ་བའི་གཏམ་དང་། འཁྲབ་པའི་གཡོ། བཅོས་པའི་འཛུམ་སོགས་ཀྱིས་ད་ལྟའི་བར་དུ་རིག་གནས་ཀྱི་ཞིང་ས་ཞིག་ནས་བསྐྱངས་པའི་ཡིད་རྟོན་དང་། ཀུན་སྤྱོད། འཛེམ་བག་སོགས་ཀྱི་ལོ་འདབ་རྒྱས་པའི་ལྗོན་ཤིང་དེ་ཆོམ་སྒྲ་དང་བཅས་འགྱེལ་སོང་། ང་ཚོར་མི་གཤིས་དང་རིག་གནས་ཀྱི་ངོས་ཐད་ནས་མགོ་རྟིང་སློག་པ་ལྟ་བུའི་ཆག་འཇིག་གི་བྲེལ་དངངས་ཤིག་སྐྱེས།

  འཚོ་བའི་ནང་གི་འགྲོ་འདུག་ལ་རང་དབང་ཤོར་བ་ནི་ཅི་འདྲའི་དམིགས་བསལ་གྱི་ཉམས་མྱོང་ཞིག་རེད་ཨང་། ཉམས་མྱོང་འདིའི་དྲིན་གྱིས་ང་ཚོས་ཡར་སྔོན་གྱི་རང་དབང་གི་རིན་ཐང་རྩིས་ཆེ་བ་ཚོར་ཅིང་། གདན་འཛོམས་ཀྱིས་སྐྱིད་པའི་གླུ་ཆུང་ལེན་པ་དེ་ཡང་ཅི་འདྲའི་བསོད་ནམས་ཆེ་བ་ཞིག་ཡིན་པ་ཚོར། དེར་མ་ཟད། བདེ་ཐོག་ན་ཡོད་པ་ནི་མི་ཚེའི་བདེན་པ་གཙོ་བོ་དེ་ཡིན་པ་དང་། རང་དབང་གིས་འགྲུལ་བཞུད་བྱེད་ཐུབ་པ་དེ་ཡང་འཚོ་བའི་བདེ་སྐྱིད་ཆེ་ཤོས་དེ་ཡིན་པ་ཚོར། ལོ་འདིར། ནད་ཡམས་དང་ནད་ཡམས་བཀག་སྡོམ་ལས་བྱུང་པའི་དོན་བྱ་ཆེ་ཆུང་དེ་དག ང་ཚོ་རྒས་པའི་སྐབས་སུ་ཡང་ཕྱིར་དྲན་བྱེད་སྲིད་ལ། ང་ཚོས་གོང་གི་ཐོབ་བྱ་དེ་དག་རང་གི་ཕྱི་རབས་པར་བསྒྲོག་སྲིད།

  བཤད་ཡམས་ནི་སྐྱེས་བུ་ཉོན་མོངས་ཅན་ཞིག་གི་སྨ་ར་བཞིན་ཡང་ཡང་འཛིང་ཡོང་། ཇི་ལྟར་བཞར་ན་དེ་ལྟར་སྒྲིག་མེད་ཁྲིམས་མེད་ཀྱིས་སྐྱེས་ཡོང་། བཤད་ཡམས་ཀྱི་ལྟག་རྒྱབ་ཏུ། ཀུན་སློང་ངན་པ་ཅན་ཞིག་གི་མགོ་བདེ་ངན་འཁྲུལ་གྱི་མིག་ཟུང་རིག་རིག་ཏུ་རྒྱུ། དྲང་བདེན་སྐྱོང་བ་ལ་ཁ་གཡར་ནས་རང་གི་གྲགས་འདོད་ཙམ་སྒྲུབ་པའམ། རང་གི་གྲགས་འདོད་སྒྲུབ་ནས་ཁེ་བཟང་ཉི་ཚེ་བ་ཙམ་རེ་མཁན་ལ། ལོ་འདིར་སྔར་བཞིན་རླུང་རྟ་དར་བཞིན་འདུག

  ཁ་པར་གྱི་རིག་འཕྲུལ་ལ་བརྟེན་ནས། ང་ཚོ་ཆག་གྲུམ་དུ་གྱུར། འཚོ་བ་དང་དུས་ཚོད། བསམ་གཞིགས། ཤེས་པ་སོགས་ཁ་པར་གྱིས་བསྐྲུན་པའི་ཆག་གྲུམ་ཅན་གྱི་འཇིག་རྟེན་དེས་ཚལ་བ་དང་ཚལ་བར་གཏུབས་ཤིང་། ང་ཚོ་གཞི་ནས་དྲན་རིག་རྒོད་ཀྱང་ངང་རྒྱུད་མི་རིང་ལ། ཆ་ཚང་ཅན་དང་མ་ལག་ཅན། ཡོངས་ཁྱབ་ཅན་དང་མིག་རྒྱང་ཅན་གྱི་མི་རྒྱུན་ལྡན་ཞིག་ཏུ་འགྱུར་མ་ཐུབ། ཚལ་བར་གཏུབས་པའི་ཤེས་བྱ་དེ་དག་གིས་ང་ཚོར་རང་ཉིད་ནི་མི་ཤེས་པ་གཅིག་ཀྱང་མེད་པའི་མི་ཞིག་ཡིན་པའི་གདེང་ཡོད་པར་གྱུར་ཅིང་། ང་ཚོས་ཚལ་བ་དེ་དག་གུང་བསྒྲིགས་ནས་རང་གིས་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་མེ་ལོང་ཞིག་ཏུ་བསྒོམས། ལོ་འདིར་འདི་ལྟ་བུའི་མེ་ལོང་ཐོགས་མཁན་གྱི་མི་ཇེ་མང་དུ་གྱུར་ཅིང་། མི་དེ་དག་གི་སྐད་སྒྲ་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར།

  ཕར་བལྟས་ཚོད་ཀྱིས་ངོ་མཚར་ཡང་ཞིབ་ཏུ་བསམ་ན་ངོ་མཚར་རྒྱུ་ཅི་ཡང་མེད་པ་ནི། དཀར་ནག་དང་བདེན་རྫུན། དྲང་འཁྱོག ཡིན་མིན་སོགས་ཀྱི་ས་མཚམས་སྐབས་རེར་གསལ་ཐག་ཆོད་དང་། སྐབས་རེར་མག་མོག་ཏུ་གྱུར་འགྲོ་བ་དེ་རེད། ཁ་ཤས་ཤིག་གིས་དཔྱོད་ཤེས་ཀྱི་སྐད་ཆ་རེ་བཤད་དུས་ཁ་ཤས་ཤིག་གིས་དད་ཞེན་གྱི་ངོས་ནས་ཡ་ལན་རེ་སྤྲད་ཡོང་ལ། ཡང་ཁ་ཤས་ཤིག་གི་དད་ཞེན་ལ་ལུགས་མཐུན་གྱི་བརྩི་བཀུར་ཅི་ཡང་མི་ཐོབ། ཁོར་ཡུག་ཏུ་ལྟོས་ས་ལྟོས་འཇོག་གི་གནས་ལུགས་ཆུང་ཆུང་ཞིག་ལ་བརྟེན་ནས་འཚོ་མཁན་མང་ལ། མཐར་ཐུག་གི་བདེན་པ་ཞིག་སྲོག་ཤིང་དུ་བྱས་ནས་འཚོ་མཁན་ཡང་མང་། གང་ལྟར་ཀྱང་། རྒྱང་རིང་ས་མཐོང་མཁན་གྱིས་ཐག་ཉེ་ས་ཁོ་ནར་ལྟ་མཁན་ནི་སྦལ་བ་ན་ཁུང་ནང་ཞེས་དཔེ་འཇོག་གིས་མཐོང་ཆུང་བྱེད་ཅིང་། ཐག་ཉེ་སར་ལྟ་མཁན་དག་གིས་རྒྱང་རིང་ས་མ་གཏོགས་མི་མཐོང་མཁན་ལ་བསམ་པ་གླིང་དཀར་སྟོད་ཅེས་ཟུར་ཟ་བྱེད། མདོར་ན་འདི་ཡོད་ཚད་ངོ་མཚར་མཚར་ཏུ་གནས་ཀྱང་ཞིབ་ཏུ་བསམས་ན་ངོ་མཚར་རྒྱུ་ཅི་ཡང་མི་འདུག

  འདི་ནི་དམིགས་གསལ་གྱི་ལོ་ཞིག་སྟེ། ང་ཚོའི་དགེ་སྡིག་གི་རྣམ་འགྱུར་ཡོད་ཚད་ནད་ཡམས་ཀྱི་མདུན་ནས་ཆེ་མཐོང་ཕྲ་ཤེལ་དུ་བཞག་པ་ལྟར་གློ་བུར་དུ་ཇེ་གསལ་དུ་གྱུར། དགེ་སྡིག་གང་ཡིན་རུང་། ཁ་ནས་བགྲང་རྒྱུ་ཙམ་ཁོ་ན་ཡིན་པར་ལག་ལེན་དུ་འདེབས་རྒྱུ་ཞིག་ཡིན་པས། ལོ་འདིར་ང་ཚོས་མི་ལོ་སྟོང་ལ་ཁ་ནས་བགྲངས་ཡོང་པའི་དགེ་བ་དང་། གཞན་ཕན། བྱམས་སྙིང་རྗེ་ལ་ལག་ལེན་གྱི་ཚོད་བགམ་ཐེངས་ཤིག་བྱུང་། ཚོད་བགམ་བྱས་པའི་འབྲས་བུ་མི་རེ་རེའི་སེམས་ནས་ལྗིད་ཏིག་གེར་གྱུར་ཅིང་། ང་ཚོས་གཞི་ནས་ས་སྒང་རིལ་མོ་འདིར་གནས་བའི་འགྲོ་བ་མི་ཞེས་པའི་ཐུན་མོང་གི་གཉུག་གཤིས་ནི་སྒེར་འཛིན་ཡིན་ལ། སྒེར་འཛིན་གྱི་མདུན་དུ་མི་རེ་རེའི་མི་གཞི་ལ་ཡང་ཆ་རྐྱེན་ཅི་ཡང་མེད་པར་ཡིད་རྟོན་མི་རུང་པའི་གནས་ལུགས་རྟོགས། དེ་བས། གནད་འགག་གི་སྐབས་སུ། བླ་ན་མེད་པ། ཁྱད་པར་འཕགས་པ། སྐྱབས་ཀྱི་མགོན་པོ་སོགས་ཡོངས་སུ་རྫོགས་ཤིང་བཅུ་ཚང་བཅུ་མཛེས་ཀྱི་སྐྱེ་བུ་ཞིག་ས་སྟེང་འདིར་མེད་པ་རྟོགས། དེ་ལས་ཀྱང་། ང་ཚོས་གནད་འགག་གི་སྐབས་སུ་མི་སོ་སོའི་ཕྱི་གཟུགས་པོའི་ལྷན་སྐྱེས་ཀྱི་སྟོབས་དང་། ནང་སེམས་པའི་ཞུམ་མེད་ཀྱི་དཔའ་ནི་རང་ཉིད་སྐྱོབ་པའི་མགོན་པོ་ཉག་གཅིག་ཡིན་པ་རྟོགས། དེར་བརྟེན། ལོ་འདིར་ང་ཚོས་རང་ཉིད་རང་གིས་བསྐྱབ་དགོས་བྱུང་།

  ལོ་འདིར། ངའི་སྨྲ་བ་འགག་ནས་ཡུན་རིང་འགོར། ཅི་ཞིག་བཤད་དགོས་པ་མ་ཤེས་པར་ཡུན་རིང་ལུས། གང་ལྟར་ཀྱང་། དུས་ཚོད་ཀྱི་མདའ་ཁབ་ཕར་ལྡིང་མཚམས་གཏན་ནས་མི་འཇོག་ཅིང་། ལོ་འདི་དགའ་རུང་སྡུག་རུང་ད་ནི་འདི་ལྟར་ཕར་བུད་འགྲོ། ལོ་གསར་རྙིང་གི་མཚམས་ནས་ངས་ཇ་ཞིག་སྦངས་ཏེ། རོལ་དབྱངས་ཤིག་ལ་ཉན་ནས་ཅི་ཞིག་བཤད་བསམ་དུས། མ་གཞིར་ཕྱི་ཡི་སྣང་ཚུལ་དང་རྣམ་པ་ཅི་ལྟར་འགྱུར་བག་རྒོད་ཀྱང་། ང་ཚོའི་ངོ་བོ་དང་གནས་སྟངས་རྣལ་མ་དེར་འགྱུར་བ་ཅི་ཡང་བྱུང་མེད་པར་སྔར་བཞིན་སོར་ན་གནས་འདུག་པ་ཚོར།
             ༢༠༢༣ལོའི་སྤྱི་༡ཚེས་༡ཉིན་པེ་ཅིན་ནས་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། 《ང་ཚོ་སྔར་བཞིན་སོར་ན་གནས་འདུག》

2023-01-03 ལྷ་བྱམས་རྒྱལ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།