ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། 《སྟོན་ལོ་སེར་པོ།》

ལྷ་བྱམས་རྒྱལ།(པེ་ཅིང) 琼迈文学网 2023-05-13

           ----རྒན་པད་མ་ཚེ་བརྟན་གཤེགས་ནས་བདུན་གཅིག་འགོར་ལ་ཉེ་བར་ཕུལ་བ།

  རབ་བ་རིབ་བེ་དང་ཟང་ང་ཟིང་ངེའི་ཉིན་ཁ་ཤས་འགོར་རྗེས། ང་གཞི་ནས་ཅུང་ལྷོད་ལ་བབས་སོང་། ཉིན་འདི་ཚོར། ང་གཅིག་པུ་པེ་ཅིན་གྱི་བྱང་གི་བསྐོར་ལམ་བཞི་བའི་འགྲམ་ནས་ཡང་ཡང་བསྐྱོད་ཅིང་སྔོན་ཆད་ཁྱེད་རང་འདིར་ཕེབས་དུས་ལྷན་དུ་འཛོམས་མྱོང་སའི་ཚིག་ཇ་ཁང་དང་གསོལ་ཁང་སོགས་སུ་སོང་པ་དང་། སྔོན་ཆད་བསྡད་མྱོང་བའི་སྒྲོག་ཙེ་དེ་དག་གི་མཐའ་ནས་དྲན་པ་འཐོར་བ་ལྟར་དབང་མེད་དུ་ཡུན་རིང་ལ་ལུས། དངན་པ་ཡང་ཡང་ཤོར། ངའི་ཁ་གཏད་དུ་སྟོང་བར་ལུས་པའི་སྟོང་ཆ་དེ་ནི་ཅི་འདྲའི་མིག་ལ་གཟན་ཞིང་ཡིད་ལ་བརྣག་པ་ཞིག་རེད་ཨང་། སྟོང་ལྷང་ལྷང་། སྐྱོ་ལྷང་ལྷང་། པད་མ་ལགས། ཁྱེད་འདི་ལྟར་ངའི་མིག་ནང་གི་བརླན་གཤེར་ཞིག་ཏུ་གྱུར་འགྲོ་བ་ནི་ཅི་འདྲའི་བདེན་ཁ་སྟེར་མི་འདོད་པའི་དོན་དངོས་ཡ་ང་བ་ཞིག་རེད་ཨང་། ཡིན་ན་ཡང་། ང་རང་གིས་ཇི་ལྟར་ཁས་ལེན་སྟེར་མི་འདོད་ཀྱང་། ཁྱེད་ང་ཚོ་དང་དུས་གཏན་དུ་ཁ་གྱེས་ཟིན་ལ། ད་ནི་གྱེས་ནས་ཉིན་ཞག་བདུན་གྱི་དུས་ཚོད་འགོར་འདུག

  ཉིན་འདི་དག་གི་རིང་ལ། ཡུལ་གྲུ་ལ་ས་མཚམས་མེད་པར་གྱུར། མི་རིགས་ལ་དབྱེ་བ་མེད་པར་གྱུར། སྐད་རིགས་ལ་ཧེ་བག་མེད་པར་གྱུར། ཐམས་ཅད་ཁྱེད་གློ་བུར་དུ་གཤེགས་པའི་དོན་འདིའི་སྟེང་ནས་གཞི་གཅིག་ཏུ་བབས་འདུག ཚང་མས་ཐུན་མོང་གིས་ཁྱེད་རང་གླེང་བཞིན་འདུག ཀུན་གྱིས་མྱ་ངན་ཞུ་བཞིན་འདུག ཡོད་ཚད་ཀྱིས་ཕངས་སེམས་སྟོན་བཞིན་འདུག དེ་དག་གི་ཁྲོད་དུ་ཁྱེད་དང་བློ་ཉེ་བ། ཡིད་གཅུགས་པ། འདྲིས་ཆེ་བའི་གྲོགས་པོ་དང་གྲོགས་མོ་འདུག་ལ། ཁྱེད་ལ་དད་འདུན་ཡོད་པ། དགའ་མོས་ཡོད་པ། བརྩི་བཀུར་ཡོད་པའི་ཁྱེད་ཀྱིས་ཕར་ལ་ངོ་མི་ཤེས་ཀྱང་ཁྱེད་རང་ཚུར་ལ་ངོ་ཤེས་པའི་མི་གང་མང་མང་འདུག དེ་བས་ཀྱང་སྔོན་ཆད་ཁྱེད་གསོན་ངོགས་སུ་ཡོད་དུས་ཁྱེད་ལ་དགག་པ་རྒྱག་མཁན། ཟུར་ཟ་བྱེད་མཁན། དམའ་འབེབས་བྱེད་མཁན་སོགས་ཀྱང་འདུག པད་མ། ཉིན་འདི་ཚོར། ཁྱེད་ཀྱིས་མི་རྣམས་ཀྱི་འཚོ་བ་ཟང་ང་ཟིང་ངེར་བཟོས་ཡོད་ཚོད་རེད། རབ་བ་རིབ་བེར་བཏང་ཡོད་ཚོད་རེད། ཀུན་གྱིས་ཁྱེད་རང་འདི་ལྟར་རྟགས་དང་ལྟས་ཅི་ཡང་མེད་པར། ཚོད་ཚོད་ལ་ཁྱེད་དང་འབྲེལ་བ་ཡོད་ལ་འབྲེལ་བ་མེད་པའི་མི་རྣམས་དང་དུས་གཏན་དུ་གྱེས་འགྲོ་བ་དེ་དང་ལེན་བྱེད་དཀའ་བར་གྱུར་ཡོད་པ་འདྲ། འདི་ནི་ད་ལྟའི་བར་དུ་མཐོང་དཀོན་པའི་སྣང་ཚུལ་ཞིག་སྟེ། བྱེ་བྲག་གི་མི་བུ་ཞིག་ལ་སྤྱི་མཐུན་གྱི་དོ་ཁུར་བླ་ལྷག་གིས་ཐོབ་པའི་དཔེ་མཚོན་ཞིག་དང་། རྩ་འཛུགས་བྱེད་མི་དགོས་ཤིང་སྐུལ་སློང་བྱེད་མི་དགོས་པར་རང་འགུལ་དང་རང་མོས་ཀྱིས་མི་སྒེར་བ་ཞིག་ལ་སེམས་གཏིང་ནས་མྱ་ངན་ཞུ་བའི་དཔེ་མཚོན་ཞིག་རེད། པད་མ། ཁྱེད་ཀྱིས་མཐོང་བྱུང་ངམ། གསན་བྱུང་ངམ། འདི་ནི་ཁྱེད་མི་ཡུལ་འདིར་མི་ལོ་ལྔ་བཞིར་འཚོ་བའི་རིན་ཐང་རྩ་ཆེ་བ་དེ་རེད། འདི་ནི་ཁྱེད་ཀྱིས་རང་གི་ཚེ་སྲོག་ཀྱང་བསྟིམས་ཟིན་པའི་བྱ་གཞག་དེའི་ཟིལ་ཤུགས་ངོ་མ་དེ་རེད། འདི་ནི་ད་ལྟའི་བར་དུ་བློ་གཟུ་བོར་གནས་ཤིང་སེམས་གཙང་མར་ཕྱིས་ནས། ཡིད་རྩེ་གཅིག་གིས་ལས་གཅིག་ལ་འཇུས་བའི་གྲུབ་འབྲས་བརྟས་ཆེ་བ་དེ་རེད། འདི་ནི་མི་རང་ག་བ་ཞིག་ལ་ཅིས་ཀྱང་ཐོབ་མི་སྲིད་པའི་གཟི་བརྗིད་དང་ང་རྒྱལ་རེད། པད་མ་ལགས།

  ཁ་སང་། ང་དང་ལས་གྲོགས་རེ་གཉིས་ལྷན་དུ་པེ་ཅིན་གྱི་བསྐོར་ལམ་བཞི་བའི་འགྲམ་བརྒྱུད་ནས་འགྲོ་དུས། ངས་ཁོ་ཚོར་ཨན་ཧེའེ་ཟམ་ཆེན་གྱི་བསྐོར་ཁུག་ཏུ་ཡོད་པའི་ཤིང་སྡོང་དེ་བསྟན་པ་དང་། དེ་ནས་ཁོ་ཚོར་ངེད་གཉིས་ཀྱིས་ལོ་གཉིས་ཀྱི་སྔོན་དུ་ཤིང་སྡོང་དེའི་མདུན་ནས་པར་བླངས་ཏེ་ཆད་བཏབ་པའི་སྐོར་བཤད་པ་ཡིན། ངས་ད་དུང་ཁ་པར་ལས་སྐབས་དེར་ངེད་གཉིས་ཀྱིས་བླངས་པའི་མཉམ་པར་ཁོ་ཚོར་བསྟན། ལོ་གཉིས་ཀྱི་ཡར་སྔོན་གྱི་ཉིན་དེར་ངས་ཁྱེད་ལ་ཀུ་རེ་སྦྲགས་མས་ངེད་གཉིས་ཀྱིས་ལོ་རེར་ཤིང་སྡོང་འདིའི་འོག་ནས་མཉམ་པར་རེ་ལེན་ཡོང་ཞེས་བཤད་པ་ན། ཁྱེད་ཀྱིས་ཀྱང་དེ་ལྟར་བྱ་ཞེས་བཤད། དེ་ནི་སྟོན་མཇུག་ཅིག་སྟེ། ཤིང་སྡོང་གི་ལོ་མ་ཡོངས་སུ་སེར་བོར་གྱུར་འདུག་ལ། ལོ་མ་མང་པོ་ས་རུ་ཟགས་འདུག དྲན་པ་ནོར་མེད་ན། ངེད་གཉིས་པར་དུ་བསྐྱོན་མཁན་ཁྱེད་ཀྱི་བུ་ཡིན། ཐེངས་དེར་ཁྱེད་ཀྱིས་ང་ལ་གློག་བརྙན་དབུགས་ལྒང་ལ་བོད་ཡིག་གི་ལམ་ནས་དཔྱད་བརྗོད་ཅིག་འབྲི་བར་སྐུལ་བ་ལྟར། ངེད་གཉིས་ངའི་ལས་ཁུངས་ཁ་གཏད་ཀྱི་བོད་ལྗོངས་གསོལ་མགྲོན་ཁང་དུ་འཛོམས་ཤིང་། མལ་ཤག་ལས་ཁྱེད་ཀྱི་བུས་རྩིས་འཁོར་ལས་ང་ལ་ད་དུང་ཀུན་ལ་དངོས་སུ་གཟིགས་འབུལ་མ་ཞུས་པའི་གློག་བརྙན་དབུགས་ལྒང་བསྟན། སྐབས་དེར་ངས་ཆེད་དམིགས་སུ་ང་རང་གི་བུ་ཆུང་ཡང་ཁྲིད་ཡོང་ནས་ཁྱེད་ཀྱི་བུ་ལ་ངོ་སྤྲོད་བྱས་ཤིང་། གློག་བརྙན་ལ་ཡང་ང་དང་ལྷན་དུ་མགོ་ནས་མཇུག་བར་དུ་བལྟ་རུ་བཅུག ཕྱིས་སུ་ང་ཚོ་མཉམ་དུ་ཚིག་ཇ་ཁང་དུ་བསྐྱོད། ལམ་བར་ནས་སྟོན་ལོ་སེར་བོ་ཟགས་བཞིན་པའི་ཤིང་སྡོང་དེའི་མདུན་ནས་མཉམ་པར་བསྐྱོན་པ་དང་ཆད་བཏབ། ཡིན་ན་ཡང་། པད་མ་ལགས། འདས་ཟིན་པའི་མི་ལོ་བཅུ་ཕྲག་ལྷག་གི་རིང་ལ། ཁྱེད་འདི་ལྟར་ངའི་ཉེ་འཁོར་དུ་ཡོང་དུས་མཉམ་དུ་ཚིག་ཇ་འཐུང་བའམ་ཟ་མ་བཟའ་བ་སོགས་གྲངས་ཀ་མང་པོ་ཡོད་པས། ངས་སྐབས་དེར་དེ་ནི་ངེད་གཉིས་ཀྱི་ཆེས་མཇུག་མཐའི་མཇལ་འཛོམས་ཡིན་པ་ཡིད་ཀྱི་རྒྱ་ལ་ཡང་དྲན་མ་མྱོང་། སྐད་འཕྲིན་སོགས་ཀྱི་ནང་དུ། ཁྱེད་དང་འདྲིས་ཆེ་བ་མང་པོ་ཞིག་གིས་ཁྱེད་ལ་འཁང་ར་བྱེད་བཞིན་འདུག་སྟེ། ཁྱེད་ཀྱིས་ང་ལ་ཆད་བཏབ་པ་ནང་བཞིན་གྲོགས་པོ་གྲོགས་མོ་མང་པོ་ཞིག་ལ་ཡང་ཁས་ལེན་མང་པོ་བྱས་ཡོད་པ་འདྲ། ཡིན་ན་ཡང་། ད་ནི་ཁྱེད་ཀྱིས་ཆད་བཏབ་པ་ཇི་བཞིན་ཀུན་གྱི་རེ་བ་སྐོང་རྒྱུ་སྣང་སྟོང་དུ་གྱུར་ཡོད། པད་མ་ལགས། ཁྱེད་ཀྱིས་བསྐྱུར་བའི་སྟོང་ཆ་འདི་དག་ད་ནི་ཇི་ལྟར་བསུབ་ཨང་།

  མ་གཞི་ནས་གཤིས་ཀར་ལྷོད་བག་ལྡན་པའི་ཁྱེད་རང་འདི་ལྟར་འཚབ་འཚུབ་ཀྱིས་བུད་འགྲོ་བ་སུ་ཞིག་གི་བློ་ཡུལ་དུ་འགོངས་ཐུབ་ཨང་། དུས་ནམ་ཞིག་ལ་འཕྲད་ཀྱང་ཡུལ་གང་ཞིག་ནས་ཐུག་ཀྱང་ཁྱེད་རང་དལ་ལྷོད་ལྷོད་དུ་གནས། འཛུམ་དམུལ་དམུལ་གྱིས་སྡོད། ཁུ་སིམ་སིམ་གྱིས་འགྲོ། ཡིན་ན་ཡང་། ཁྱེད་དང་ཁ་བརྡ་བྱེད་དུས། དེ་རིང་འདི་ནས་འདུག་ཆོག་ཀྱང་། སང་ཉིན་གྲོང་ཁྱེར་ག་གེ་མོ་ཞིག་ལ་འགྲོ་དགོས། དེ་ནས་སླར་ཡང་འདིར་ཡོང་དགོས། དེ་ནས་རྒྱལ་ཁབ་ག་གེ་གེ་མོ་ཞིག་ལ་འགྲོ་དགོས། དེ་ནས་་་་ཁྱེད་ཀྱིས་འདི་ལྟར་བཤད་ཡོང་། ཁྱེད་ཀྱི་འགྲོ་འདུག་གི་བཀོད་སྒྲིག་དེ་དག་ཐོས་དུས་ངའི་སེམས་སུ་ཅི་འདྲའི་བྲེལ་བ་ཆེ་བའི་མི་ཞིག་རེད་ཨང་། ཅི་འདྲའི་ཐང་ཆད་པའི་མི་ཞིག་རེད་ཨང་བསམས་བྱུང་། དེའི་ཞོར་ལ་ཁྱེད་དང་འདྲིས་ཆ་ཆེ་བའི་གྲོགས་པོ་གཞན་དག་དང་མཚུངས་པར་ཁྱེད་ཀྱི་གཟུགས་པོའི་བདེ་ཐང་ལ་ཡང་སེམས་ཁུར་ཞིག་མངོན་མེད་དུ་སྐྱེས་བྱུང་། ཡིན་ན་ཡང་། ངས་རང་གི་སེམས་ཁུར་དེ་ལྷག་མ་མིན་པ་ཇི་ལྟར་ཤེས་ཨང་། པད་མ་ལགས། མ་གཞིར་ཁྱེད་ཀྱི་ལྷོད་ལྷོད་ཀྱི་ལྟག་རྒྱབ་ཏུ་བྲེལ་ཤ་ཆེ་ཞིང་འབད་འབུངས་ཀྱིས་འཚོ་བའི་པད་མ་གཞན་ཞིག་འཚོ་བཞིན་ཡོད་དེ། དེ་ནི་མི་ཚེ་ཐུང་ཐུང་གི་ནང་དུ་རྩོམ་རིག་དང་གློག་བརྙན་གྱི་བརྩམས་ཆོས་འབོར་ཆེ་བ་ཞིག་བརྩམས་ཡོད་པས་ཁ་གྲགས་ཆོག་སྟེ། མི་རྣམས་ཀྱིས་ཁྱེད་ཀྱི་དེབ་གཟུགས་སུ་གྱུར་བའི་ཡིག་འབྲི་དེ་དག་དང་བརྙན་རིས་སུ་ཕབ་ཟིན་པའི་གློག་བརྙན་དེ་དག་ལ་རོལ་མྱོང་མྱོང་བྱེད་པ་ལས། ཕལ་ཆེ་བ་ཞིག་གིས་དེའི་ལྟག་རྒྱབ་ཏུ་ཉིན་ལ་མཚན་དང་། ལོ་ལ་ཟླ་བསྣན་ནས་མཚན་མོའི་གཉིད་བཅགས་ཉིན་མོའི་ཟས་བརྗེད་པའི་བྲེལ་བ་འཚུབ་འཚུབ་ཀྱི་པད་མ་རྔུལ་ནག་ཁྲོམ་ཁྲོམ་གྱི་པད་མ་ཐོད་པར་གཉེར་མདུད་བརྒྱབ་པའི་པད་མ་གླལ་བརྒྱངས་ཡང་ཡང་བྱེད་པའི་པད་མ་མཐོང་མ་མྱོང་ལ། ད་དུང་སེམས་ཀྱི་སྙི་ས་དེ་ཕ་ས་ཕ་ཡུལ་གྱི་རི་ཆུ་ལ་བརླན་ཞིང་མིག་གི་བརླན་ས་དེར་ཡུལ་མི་སྤུན་ཟླའི་བདེ་སྡུག་འཁྱིལ་བའི་པད་མ་མཐོང་མྱོང་མེད། དེས་མི་ཚད། སྣེ་ཁྲིད་པ་ཀུན་ལ་ཡོད་སྲིད་པའི་མདུན་ཕྱོགས་ནས་གཡུགས་ཡོང་པའི་ལྷག་རླུང་དང་རྒྱབ་ཕྱོགས་ནས་བཙུགས་ཡོང་པའི་མདའ་མདུང་ལ་གདོང་ལེན་བྱེད་པའི་པད་མ་ཅིས་ཀྱང་མཐོང་མྱོང་མེད། དོན་དམ་དུ། ཏག་ཏག་ཁྱེད་རང་གི་ཚེ་སྲོག་གི་མར་མེ་དེར་ཕུ་འདེབས་མཁན་ཡང་ཀུན་གྱིས་ཞིབ་ལྟ་བྱས་མ་མྱོང་ལ་ཀུན་གྱིས་བསམ་ཤེས་གནང་མ་མྱོང་བའི་གནས་ཚུལ་དེ་དག་ཅི་ལ་མིན་ཨང་། པད་མ་ལགས། འདི་ནི་ལུགས་འབྱུང་གི་སྐྱོ་གར་ཞིག་སྟེ། ཀུན་གྱི་མིག་ནང་དུ་མཆི་མར་འཁྱིལ་མཁན་དང་ཀུན་གྱི་སེམས་ནང་དུ་དྲོད་དུ་སྤྲུལ་མཁན། ཀུན་གྱི་ལྕེ་རྩེ་རུ་གླེང་གཞིར་འགྱུར་མཁན། ད་དུང་ཀུན་ལ་རེ་བ་སྩོལ་མཁན། ཁ་ཕྱོགས་སྟོན་མཁན། སྣེ་ཁྲིད་བྱེད་མཁན་ཞིག་ཡིན་ན། འདི་ལྟ་བུའི་བློས་གཏོང་དང་བཟོད་སྒོམ། ཐ་ན་རང་གི་ཚེ་སྲོག་ཀྱང་བསྟིམས་དགོས་པ་ནི་ཅིས་ཀྱང་གཡོལ་དུ་མེད་པ་ཞིག་ཡིན་སྲིད། པད་མ་ལགས། ཁྱེད་ཀྱི་ཤུགས་རྐྱེན་གྱིས་མང་པོ་ཞིག་ལ་དཔའ་སྤོབས་དང་སྒུལ་ཤུགས་ཐོབ་བཞིན་འདུག ཡིན་ན་ཡང་། ངེད་གཉིས་ཀྱིས་སྔོན་ཆད་ཅིག་ལ་ཁ་བརྡ་བྱེད་དུས། ངས་ཁྱེད་ཀྱིས་རང་གི་ལོ་རྒྱུས་ཤིག་འབྲི་བའི་སྐུལ་མ་ཞུས་པ་དྲན། དེ་ལྟར་ཞུས་དོན་ཡང་གོང་གི་གླེང་གཞི་དེ་དང་འབྲེལ་བ་ཡོད་པ་སྟེ། ཁྱེད་ལ་དད་མོས་ཡོད་མཁན་དང་ཁྱེད་ཀྱི་རྗེས་སུ་འབྲངས་མཁན་དག་ལ་ཅིས་ཀྱང་ང་ཚོས་རྣམ་ཀུན་མ་མཐོང་བའི་པད་མ་གཞན་དེ་ངོ་སྤྲོད་ཞུ་དགོས་པའི་སྐོར་ཡིན། དེ་ནི་ཁྱེད་ལྟར་འབྲས་བུ་སྨིན་འདོད་པ་ཁྱེད་ལྟར་སྙན་གྲགས་རྒྱས་འདོད་པ་ཁྱེད་ལྟར་“ལྷོད་ལ་འབབ”འདོད་པ་དག་གིས་ཅིས་ཀྱང་སློབ་སྦྱོང་བྱེད་དགོས་པ། ལད་མོ་བྱེད་དགོས་པ། རྒྱུན་འཁྱོངས་བྱེད་དགོས་པའི་གནད་འགག་དེ་ཡིན་པ་ཤེས་སུ་འཇུག་རྒྱུ་དེ་ཡིན། དེར་མ་ཟད། པད་མ་ལགས། ང་ཚོ་འགྲན་རྩོད་ལས་རྒྱལ་འདོད་པ་དང་ང་ཚོ་མཐོ་ས་ནས་འགྲེང་འདོད་ན། ང་ཚོས་མཐོང་མ་མྱོང་བའི་ཁྱེད་ཀྱི་ངོས་གཞན་ཞིག་སྟེ། ཚེ་སྲོག་གི་གོ་རིམ་ཀུན་དུ་རྩེ་གཅིག་གིས་འཚོལ་སྙེག་བྱེད་པ་དང་། དེའི་དོན་དུ་རང་གི་ཚེ་སྲོག་གི་མར་མེ་ཡང་སྒྲོན་ནས་ཟད་པའི་ཆོད་སེམས་དེ་ཡོད་དགོས་པ་གསལ་འདེབས་བྱེད་དགོས་པ་འདྲ། པད་མ་ལགས། འདི་ནི་ཁྱེད་ཀྱིས་ང་ཚོར་རང་གི་ཚེ་སྲོག་རིན་དོད་དུ་ཕུལ་ནས་གནང་བའི་གསལ་འདེབས་ཏེ། ཉིན་འདི་འགར་ཁྱེད་ལ་རྗེས་དྲན་བྱེད་མཁན་དག་གིས་ཀྱང་གནད་འདི་རྟོགས་ན་ཅི་མ་རུང་ཨང་།

  ཉིན་དེར། སྟོན་ལོ་སེར་བོ་དེ་རླུང་གིས་སྒུལ་ནས་ས་རུ་ཟགས་བཞིན་འདུག ངེད་གཉིས་ལོ་མའི་སྟེང་དུ་སྤོ་དུས་ཧྲག་སྒྲ་གྲགས་བྱུང་། ངས་ཁྱེད་ཀྱི་ཞྭ་མོའི་འདབས་ནས་མངོན་ཡོང་པའི་སྐྲ་ལོ་དཀར་པོ་དེ་དག་མཐོང་བྱུང་། ངེད་གཉིས་ཐོག་དང་པོར་ངོ་འཕྲད་དུས་ཕལ་ཆེར་༢༠༠༣ལོའི་སྦྲང་ཆར་རྩོམ་རིག་བྱ་དགའ་ལེན་པའི་སྐབས་རེད། དེ་དུས་ང་ཚོའི་ལོ་ན་ཧ་ཅང་གཞོན། མིག་བརྡེབས་ཡུན་ཙམ་ལ་མི་ལོ་ཉི་ཤུ་ཕར་ལ་འདས་ཤིང་། ངེད་གཉིས་ཀྱི་མཉམ་པར་ནང་དུ་ངེད་གཉིས་ཀྱི་ན་ཚོད་ཀྱང་མི་ཚེའི་སྟོན་ཀར་སླེབས་འདུག དེར་མ་ཟད་ད་ནི་ཁྱེད་རང་འཇིག་རྟེན་འདིའི་དཀར་ངོགས་ནས་དུས་གཏན་དུ་སྣང་མེད་དུ་གྱུར། པད་མ་ལགས། མི་ཚེ་ཟེར་བ་འདི་སྒྱུ་མ་མཁན་གྱིས་འཕྲུལ་སྟོན་པ་ནང་བཞིན་རེད། མི་མང་པོ་ཞིག་ཐོལ་ཐོལ་ལ་སུ་ཞིག་གིས་སྐུང་ནས་མི་སྣང་བར་གྱུར་འགྲོ། ས་ལ་ཟགས་པའི་སྡོང་ལོ་སེར་བོ་དེ་སང་ལོ་སླར་ཡང་ལྗང་ལོ་ཞིག་ཏུ་སྤྲུལ་ནས་ཤིང་སྡོང་དེའི་ཡལ་ཀར་བཞད་སྲིད་ཀྱང་། ངའི་སྙིང་ཉེ་བའི་གྲོགས་པོ་ཁྱེད། ད་ནི་ཤིང་སྡོང་འདིའི་འོག་ཏུ་ཡོང་ནས་མཉམ་པར་རྒྱག་མི་སྲིད། སེམས་པ་འདིར་ཅི་འདྲའི་ཟུག་གཟེར་ཆེ་ཨང་།

  ཉིན་འདི་འགར། མི་རྣམས་ཀྱིས་ཁྱེད་ཀྱི་གློག་བརྙན་གླེང་བཞིན་འདུག ཁྱེད་ཀྱི་སྒྲུང་གཏམ་གླེང་བཞིན་འདུག མདོར་ན་ཁྱེད་ཀྱིས་མི་ཡུལ་འདིར་བཞག་པའི་ཤུལ་བཞག་དེ་དག་གླེང་བཞིན་འདུག ད་ལྟའི་བར་དུ། ཁྱེད་ཀྱིས་གློག་བརྙན་13ཕབ་བསྐྲུན་གནང་འདུག་ལ། དེ་དག་ལས་གློག་བརྙན་འཁྲབ་གཞུང་7བརྩམས་འདུག ཡིག་རིགས་སྣ་མང་གི་རྩོམ་རིག་བརྩམས་ཆོས་དེབ་16པར་བསྐྲུན་གནང་འདུག པད་མ་ལགས། གྲངས་ཀ་འདི་ཁོ་ནས་ཀྱང་ཡོད་ཚད་གསལ་བཤད་བྱས་ཆོག་པ་འདྲ་སྟེ། ཁྱེད་ཀྱི་སྐམ་རིད་དུ་གྱུར་བའི་གཟུགས་པོ་དེས་འདི་ལྟ་བུའི་ལྗིད་ཏིག་ཏིག་གི་ཁྲེས་པོ་ཞིག་ཁུར་ནས་ཡོང་པས། ཁྱེད་རང་དང་འཕྲད་ཐེངས་རེར་དུས་ནམ་ཡང་ངལ་དུབ་ཀྱི་ཚོར་བ་ཞིག་གིས་བཟུང་ཡོད་པ་ཡང་ཁག་ཅི་ཡོད་ཨང་། ཁྱེད་ཀྱི་གློག་བརྙན་གླེང་མཁན་ཚོས་ཟུར་སྣེ་མང་པོ་ཞིག་ན་བཤད་ན་བཞིན་འདུག བཤད་སྟངས་སྣ་མང་ཅན་དུ་བཏང་བ་འདི་ཡང་མ་གཞི་ནས་ཁྱེད་ཀྱི་གསར་རྩོམ་གྱི་འདྲེན་ཤུགས་ཡ་མེད་ཅིག་ཡིན་ཏེ། ཁྱེད་ཀྱི་སྒྱུ་རྩལ་གྱི་ཤེས་རབ་ཁྱད་འཕགས་བ་ཞིག་ཡིན། ལོ་དེར་ཉི་ཧོང་ནས་ཁྱེད་ཀྱི་གློག་བརྙན་འགྲེམ་སྟོན་བྱེད་དུས། ངས་རྒྱུས་མེད་ཀྱི་ས་མཐའ་ཞིག་ནས་དེ་ལྟར་བརྙན་ཡོལ་ལས་བོད་སྐད་རྣལ་མ་ཞིག་ཐོས་པ་དང་བོད་པའི་ངོ་གདོང་རྒྱུས་ཡོད་དེ་དག་མཐོང་ཡོང་ལ། ཉི་ཧོང་བ་དག་གིས་ཁྱད་མཚར་གྱི་མིག་ཟུང་རྩེ་གཅིག་གིས་གློག་བརྙན་ནང་གི་བོད་ལ་བལྟ་བ་མཐོང་དུས། ངའི་སེམས་སུ་དབང་མེད་དུ་དྲོད་རླབས་ཤིག་རྒྱས་བྱུང་། སྐབས་དེའི་ཚོར་སྣང་དེ་ས་མཐར་འཁྱམ་མཁན་དག་གིས་གཞི་ནས་མངོན་གསལ་དོད་པོས་ཚོར་ངེས་རེད། རེད་ཨང་། པད་མ་ཁྱེད་ཀྱི་སྐུ་དྲིན་གྱིས་ང་ཚོར་རང་ཉིད་རང་གིས་ཕྱི་ལ་འགྲེམ་སྟོན་བྱེད་པའི་སྨྲ་བརྗོད་ཡོད་པར་གྱུར་ཅིང་ང་ཚོར་རང་གི་སྣང་བརྙན་མི་གཞན་པའི་མཐོང་ལམ་དུ་བསྟར་བའི་འཇོན་ནུས་ཡོད་པར་གྱུར། རང་གིས་རང་ཉིད་ལ་འགྲེལ་བརྗོད་བྱེད་ཐུབ་པ་ནི་ཚད་ངེས་ཅན་ཞིག་གི་ཆ་ནས་སྟོབས་ཤུགས་ཡོད་པར་གྱུར་བའམ་ཡང་ན་སྨིན་པར་གྱུར་བ། ཡང་ན་རང་ཚུགས་ཡོད་པར་གྱུར་བའི་རྟགས་མཚན་ཡིན་ཏེ། པད་མ་ཁྱེད་ཀྱིས་བརྙན་མིག་དེ་འདྲ་མང་པོ་ཞིག་གི་ལམ་ནས་གནའ་བོའི་མི་རིགས་འདི་དུས་རབས་གསར་བའི་གར་སྟེགས་སྟེང་ནས་ཐོག་དང་པོར་ཀུན་ལ་ངོམ་སྟོན་བྱས་ཡོད། ཁྱེད་ཀྱི་གློག་བརྙན་གླེང་ཡོང་དུས་ངས་གནས་ལུགས་འདི་ཡང་ཡང་དྲན་ཡོང་ཞིང་། དེ་ནས་ཁྱེད་ཀྱི་གློག་བརྙན་ལ་གློག་བརྙན་རང་སྟེང་ལས་བརྒལ་བའི་དགེ་མཚན་དང་དོན་སྙིང་མང་པོ་ཡོད་པ་རྟོགས་ཡོད། པད་མ་ལགས། མང་པོ་ཞིག་གིས་ད་དུང་ཁྱེད་ཀྱི་སྒྲུང་གཏམ་གསར་རྩོམ་ཡང་གླེང་གིན་འདུག དུས་ཚོད་ཚད་ཡོད་པ་ཞིག་གི་ནང་དུ་ཁྱེད་ཀྱིས་འདི་ལྟར་གྲངས་འབོར་གྱིས་འཁྱོགས་ཐུབ་པའི་བརྩམས་ཆོས་མང་པོ་ཞིག་ཇི་ལྟར་བརྩམས་པ་ཡིན་ནམ། ཁྱེད་རང་དུས་རྒྱུན་དུ་གཉིད་ཀྱང་ཁུག་གིན་མེད་དམ། ཡང་ན་ཁྱེད་རང་ཟང་ཟིང་འཇགས་རྗེས་སུ་གློག་འོད་དེའི་འོག་ནས་ཁེར་རྐྱང་དུ་ཡུན་རིང་ལ་བསྡད་མྱོང་ཡོད་དམ། དེ་མིན་ན་ཁྱེད་རང་གིས་ལས་ཀ་སྣ་མང་གི་བྲེལ་ཟིང་ཁྲོད་ནས་ཇི་ལྟར་འདི་དག་ལྷག་ལུས་མེད་པར་འགྲུབ་པ་ཡིན་ནམ། ཁྱེད་ཀྱི་སྒྲུང་གཏམ་གླེང་ཡོང་དུས། ངས་ཁྱེད་ཀྱི་གདོང་གི་སྐྱོ་འཛུམ་དེ་དྲན་ཡོང་། ཁྱེད་ཀྱི་སྒྲུང་གཏམ་རེ་རེའི་ནང་དུ་སྐྱོ་སྣང་ཕྲན་བུ་ཞིག་གི་ཁ་དོག་རྒྱབ་ལྗོངས་སུ་བྲེས་འདུག ཁྱེད་ཀྱི་སྨྱུག་འོག་གི་མི་སྣ་དེ་དག གཏམ་རྒྱུད་དེ་དག ལས་དབང་དེ་དག ཁྱེད་ཀྱིས་ཅི་ཐུབ་ཀྱིས་ཞི་ལྷོད་དང་བབ་བརླིང་། ཐ་ན་གྲང་ཤུར་ཤུར་གྱི་རྣམ་འགྱུར་ཞིག་བཟུང་ནས་བྲིས་ཀྱང་། ཁྱེད་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་ཚོར་སྣང་དེ་དང་། ཁྱེད་ཀྱི་སེམས་ཁྲེལ་ལྕི་མོ་དེ། ཁྱེད་ཀྱི་སྐྱོ་སྣང་ཟ་ཟི་དེ་འགོག་ཐབས་མེད་པར་བྱུང་རིམ་ཕྲ་མོ་རེ་རེ་དང་ཡིག་འབྲུ་རེ་རེའི་བར་གསེང་ནས་དབང་མེད་དུ་མངོན་ཡོང་། པད་མ་ལགས། སྒྲུང་གཏམ་འབྲི་མཁན་ཞིག་ཡིན་ཚེ། ཁྱེད་ཀྱི་གནས་སྟངས་འདི་ལ་གོ་བ་ཅིས་ཀྱང་ལོན་སྲིད་དེ། སེམས་ནང་དུ་བརྩེ་སེམས་དང་འགན་ཁུར་རྣལ་མ་ཞིག མིག་ནང་དུ་མཆི་མའི་དྲོད་སྣང་འཇམ་པོ་ཞིག དེ་བས་ཀྱང་མི་རིགས་ཀྱི་བདེ་སྡུག་དང་། མི་ཚེའི་སྐྱོ་གར། འཚོ་བའི་དྲོད་འཁྱག་ལ་སེམས་པ་མ་བརླན་ཚེ། གཏམ་རྒྱུད་བཤད་པ་ཡང་རྩེད་མཚར་ཙམ་དུ་འགྱུར་སྲིད་ལ། སྒྲུང་གཏམ་འབྲི་བ་ཡང་དུས་ཚོད་འཕྲོ་བརླག་ཏུ་གཏོང་བའི་རྒྱུ་རུ་འགྱུར་སྲིད། ཁྱེད་ཀྱི་སྒྲུང་གཏམ་དེ་དག་གི་རིན་ཐང་ནི། གཏམ་རྒྱུད་ཙམ་ག་ལ་ཡིན་ཏེ། དེ་ནི་ང་ཚོའི་སྐྱིད་སྡུག་གི་ངོ་རིས་གསལ་བའི་རི་མོ་ཞིག་ཡིན་ངེས། པད་མ་ལགས། མི་ཕལ་བ་ཞིག་གིས་ཡུན་ཐུང་གི་མི་ཚེའི་ནང་དུ་རང་ངོ་རང་གིས་ཤེས་རྒྱུ་ཅིའདྲའི་དཀའ་ཨང་། ཏག་ཏག་ཁྱེད་ཀྱི་སྒྲུང་གཏམ་དུ་མི་རིགས་འདིའི་རང་ངོ་རང་གིས་ཟིན་པར་མཐོང་སྣེ་གསར་བ་ཞིག་སྤྲད་ཡོད།

  ཁྱེད་སོང་ཤུལ་དུ། ཁྱེད་མེད་པའི་སྟོང་ཆ་དེ་མ་ཐག་ཆེ་ནས་ཆེ་རུ་གྱུར། ཡིན་ན་ཡང་། སྟོང་ཆ་དེ་ཡིད་ལ་བརྣག་མཁན་དག་གིས་སྟོང་ཆ་དེ་བསྐོང་བར་འབད་པ་བྱེད་པའི་སྒུལ་ཤུགས་ཡོད་དེ། པད་མ་ལགས། འདི་ནི་ཁྱེད་ཀྱིས་ཀུན་ལ་བཞག་པའི་ཤུལ་བཞག་རྩ་ཆེ་བ་དེ་རེད། ད་ནས་བཟུང་། ཁྱེད་རང་ཁྱེད་ཀྱི་རྗེས་སུ་འབྲངས་མཁན་དག་གི་དར་ཆར་འགྱུར་སྲིད་ལ། མིག་དཔེར་འགྱུར་སྲིད། ཁོ་ཚོས་ཁྱེད་ཀྱིས་བྲིས་མ་ཚར་བའི་ཡིག་འབྲུ་དེ་དག་མུ་མཐུད་དུ་འབྲི་སྲིད་ཅིང་། ཁྱེད་ཀྱིས་ཕབ་མ་ཚར་བའི་བརྙན་གཟུགས་དེ་དག་མུ་མཐུད་དུ་ཕབ་སྲིད། དེ་བས་ཀྱང་ཁྱེད་ཀྱིས་བཤད་འཕྲོར་ལུས་བའི་གཏམ་རྒྱུད་དེ་ཡང་མུ་མཐུད་དུ་བཤད་སྲིད། འདི་ནི་ཁྱེད་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཤ་སྟག་སྟེ། ཕལ་ཆེར་ཁྱེད་ཀྱི་བསམ་ཚོད་ལས་ཀྱང་བརྒལ་སྲིད་པའི་འབྱུང་འགྱུར་ཅིག་ཡིན་སྲིད་པ་དང་། ང་ཚོས་ཁྱེད་ཀྱི་ལུས་སྟེང་ནས་འདི་ལྟ་བུའི་འབྱུང་འགྱུར་ནི་སྟོང་བ་མིན་པའི་གདེང་ཚོད་རྙེད་ཡོད།

  གསར་འགྱུར་ལས། ཁྱེད་ཀྱིས་བར་སྐོར་བརྒྱུད་ནས་གངས་ཅན་བོད་པའི་ལྷ་སྐལ་ཇོ་བོ་ཤག་ཀྱཱ་མུ་ནེ་ལ་བསྐོར་བ་ལན་གསུམ་བརྒྱབ་རྗེས་ཕྱིར་མདོ་སྨད་དུ་ལོག་ཡོང་པ་མཐོང་བྱུང་། ཁྱེད་ཀྱིས་སྒོ་མེ་ལ་མོ་བརྒལ་ནས་ཕ་ཡུལ་ཁྲི་ཀའི་པང་དུ་ལོག་ཡོང་བ་མཐོང་། མཚན་གྱི་མུན་པའི་འོག་ཏུ། ཁྱེད་ལ་བསུ་མ་བྱེད་པའི་མི་ཚོགས་ཀྱི་སྣང་བརྙན་འཚང་ཁ་ཤིག་ཤིག་བྱེད། བདུག་སྤོས་ཀྱི་མེ་སྟག་དམར་འཚུབ་འཚུབ་བྱེད། ཁ་བཏགས་ཀྱི་སྣེ་མོ་ཕར་གཡོ་ཚུར་གཡོ་བྱེད། པད་མ། ངའི་ཕ་ཡུལ་ཁྲི་ཀའི་བུ་རྒོད་ཁྱེད་རང་འདི་ལྟར་ཕ་ཡུལ་གྱི་པང་དུ་ལོག་ཡོང་པ་མཐོང་དུས། ས་མཐར་ལུས་པའི་ངའི་མིག་ནང་གི་མཆི་མ་འགོག་ཐབས་མ་བྱུང་། ངའི་མགྲིན་པ་ཡང་ཡང་བརྣངས་བྱུང་། སྙིང་ཁ་ཡང་ཡང་འཚང་བྱུང་། ཁྱེད་རང་ད་ནི་དུས་གཏན་དུ་ཕ་ཡུལ་གྱི་ཕང་བ་ནས་ངལ་གསོ་གནང་ཆོག གཟིམ་འཇགས་གནང་ཆོག ངེད་གཉིས་སོ་སོ་རྨ་ཆུའི་ཕ་རོལ་དང་ཚུར་རོལ་གྱི་ལུང་བ་གཉིས་ནས་སྐྱེས་པའི་ཕྲུ་གུ་ཡིན་ཏེ། ང་ཕ་ཡུལ་གྱི་ལུང་པའི་རི་མགོ་མཐོ་སར་བུད་ན་ཁྱེད་ཀྱི་ལུང་བའི་མཐོ་ས་དེ་དག་མཐོང་ཐུབ་སྟེ། ཁྱེད་ཀྱི་ཕ་ཡུལ་ཁྲི་ཀའི་ལྷ་ཁང་ཐང་ཡིན། ང་ཡི་ཕ་ཡུལ་ཁྲི་ཀའི་འཕྲང་དམར་ལུང་བ་ཡིན། ཁྱེད་རང་འདི་ལྟར་ཕྱི་ལ་འཁྱམ་འཁྱམ་ནས། ཐག་རིང་ལ་སོང་སོང་ནས། དཀའ་ལས་གང་མང་བརྒྱབ་བརྒྱབ་ནས། མི་ཡི་ལུང་པར་བསྡད་བསྡད་ནས། ད་ནི་འདི་ལྟར་ཆེས་མཐར་མཇུག་ཕ་ཡུལ་ལུང་བར་ལོག་སོང་། ནམ་ཞིག་གི་ཚེ། ང་ཡང་ཁྱེད་ཀྱི་རྐང་རྗེས་བསྙེགས་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་ཀ་འཚོལ་མཁན་ཞིག་ཅིས་ཀྱང་ཡིན་སྲིད་དེ། དེ་དུས་ང་ཡང་འཕྲང་དམར་ལུང་བའི་ས་ཆུ་མེ་རླུང་ལ་འཐིམ་ནས་ཁྱེད་ཀྱི་ཕ་ཡུལ་ལུང་པའི་ཁ་གཏད་དུ་བསྡད་ནས། ཁྱེད་ཀྱི་ལྷོད་ཉམས་ཀྱི་ཁ་གཏད་དུ་བསྡད་ནས། ཇ་ཕོར་བ་གང་མདུན་ལ་བཞག་ནས། ཁྱེད་ཀྱིས་བཤད་མ་ཚར་བའི་གཏམ་རྒྱུད་དེའི་མཇུག་སྐྱོང་དགོས་ཡོད།

  གང་ལྟར་ཀྱང་། པད་མ་ཁྱེད་རང་འདི་ལྟར་ང་ཚོ་དང་གཏན་དུ་གྱེས་སོང་། དེ་ནི་སྟོན་ལོ་སེར་པོ་ཞིག་ས་རུ་ཟགས་པའི་དོ་ཟླ་ག་ལ་ཡིན་ཨང་།

  ༢༠༢༣ལོའི་སྤྱི་ཟླ་༥པའི་ཚེས་༡༣ཉིན།

  རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། 《སྟོན་ལོ་སེར་པོ།》

2023-05-13 ལྷ་བྱམས་རྒྱལ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།