ང་དང་བོད་སྐད་ཡིག་གི་ལས་འཕྲོ།

སྙེ་ཕྲུག(ལྷ་ས) 琼迈文学网 2023-11-28

  མཐོ་སྒང་གི་རླུང་གདོང་གིས་བསུས་ཤིང་མཐོ་སྒང་གི་ལམ་བུ་རྐང་པས་བཅགས་ནས་འཇིག་རྟེན་འདིས་ང་ལ་སྦྱིན་པ་གནང་བའི་དུས་ཚོད་བཅུ་དགུ་ཕྱིར་མི་ལྡོག་པའི་ཐག་རིང་གི་དྲན་འཛིན་མཚོ་མོའི་ཀློང་དུ་གཡུགས་ཟིན། མི་ལོ་བཅུ་དགུའི་གོང་རོལ་ལ་རི་རབ་ལྟ་བུའི་ཨ་ཕ་དང་གཙང་པོ་ལྟ་བུའི་ཨ་མ་གཉིས་པོའི་སྐུ་དྲིན་ལས། ངའི་ལྟེ་ཁྲག་མཐོ་སྒང་དུ་འཕོས་མ་ཐག་ཏུ་ང་དང་བོད་སྐད་ཀྱི་ལས་འཕྲོའི་ལྗོན་ཤིང་མྱུ་གུ་འབུས་པ་རེད། ཡུན་རིང་བོ་མ་འགོར་བར་དབྱར་ཁའི་མཇུག་མ་ཆད་ཅིང་སྟོན་ཁའི་ལག་པ་ནོར་འཛིན་མའི་སྐེ་ལ་འཁྱུད་ཡོང་དུས། ལྗོན་ཤིང་དེར་འབྲས་བུ་བཏགས་པ་རེད་ལ་ངས་བོད་སྐད་བཤད་ཤེས་པ་རེད། དུས་དེ་ནས་ང་ནི་སྙན་མོ་ཕ་སྐད་ཀྱི་དབྱངས་རྟ་ཉན་བཞིན་འཚར་ཞིང་ལོངས།

  རྟའི་རྔོག་མ་ལྟར་གཟེངས་པའི་འཚོ་བའི་བང་རིམ་དུ་འདས་ཟིན་པའི་ལོ་ཟླའི་རོལ་དབྱངས་བསྐྱར་དཀྲོལ་བྱེད་པའང་རང་དབང་གི་འཇིག་རྟེན་དང་འཚོ་བའི་བདེ་སྐྱིད་ཅིག་ཅི་ལ་མིན། ཆུང་དུས་སུ། ཆང་དམ་བི་གང་། རྩམ་པ་རྩམ་ཁུག་ཕྱེད་ཀ། ཤ་མ་རུས་བཅས་ཀྱི་རྫོངས་པ་དང་བཅས་ཏེ་སྤོ་བོ་ལགས་དང་ལྷན་དུ་ཕྱུགས་ཀྱི་རྫི་བོར་ཆས་དུས། ངའི་འགྲོ་དཀའ་བའི་ཉིན་གཅིག་གི་དུས་ཚོད་ནི་ཡར་ཀླུང་གཙང་པོ་ལས་རིང་སྣང་སྐྱེས་མྱོང་ལ། ངའི་མིག་གི་དབང་པོ་ཉི་མ་དང་ནུབ་རིའི་བར་ཐག་ལས་ཁ་བྲལ་མ་མྱོང་། སྐབས་རེ་ངས་འདམ་བག་ཀྱིས་སྦགས་བཙོག་ཤོར་བའི་ལག་ཆུང་ནག་པོ་གཉིས་དགུང་ཨ་སྔོན་གྱི་དབྱིངས་སུ་བསྲིངས་ཏེ། ཉི་མ་དང་ནུབ་རིའི་བར་ཐག་ལ་ཚད་ཡང་འཇལ་མྱོང་། དེ་དུས། ངས་སྡུག་བསྔལ་གྱི་སྨྲེ་ངག་རྣ་ལ་གཟན་པའི་བུང་བའི་སྒྲ་བཞིན་ཐེངས་མང་སྤོ་བོ་ལགས་ཀྱི་ཕྱོགས་སུ་བཏོན་ཡང་། སྤོ་བོ་ལགས་ཀྱིས་དེ་དག་ལ་སེམས་འཛིན་གང་ཡང་མེད་པར། ཁོང་གི་འདས་སོང་འཚོ་བ་ཁྲོད་ཀྱི་སྐྱིད་སྡུག་ང་ལ་བཤད་ནས་སྤྱི་ཚོགས་རྙིང་པའི་བོད་ལ་ཆ་ལོན་རྒྱུས་ལོན་བྱེད་དུ་བཅུགས་ཤིང་། རྒན་རྡོ་མགོན་གསང་བདག་རྡོ་རྗེ་མཆོག་གིས་བོད་ལ་བཞགས་པའི་མཛད་རྗེས་ཀྱི་མེ་ཏོག་རྣམ་པར་བཀྲ་བ་དེ་ཚོ་དང་། སློབ་དཔོན་ཐོན་མིས་བོད་རང་ལ་དབང་བའི་སྐད་ཡིག་གསར་བཟོ་མཛད་གནང་དུས་དཀའ་ཚེགས་ཀྱི་ལ་མོ་ཇི་ལྟར་རྒྱབས་པའི་ལོ་རྒྱུས་སེམས་ལ་ངེས་དགོས་པའི་བསླབ་བྱ་བྱས་མྱོང་། དེ་ནི་རྐྱེན་ངན་གྲོགས་ཤར་རང་རེད། ངས་ཕྱུགས་རྫིའི་འཚོ་བར་བུང་བའི་སྒྲ་བཞིན་རྣ་ལ་གཟན་པའི་སྡུག་བསྔལ་གྱི་སྨྲེ་ངག་བཏོན་ཡང་། བློ་རྒྱ་རྩྭ་ཐང་བཞིན་ཡངས་ཤིང་། ངང་རྒྱུད་མ་ཆུ་བཞིན་རིང་བའི་སྤོ་བོ་ལགས་ཀྱིས་ང་དང་བོད་ཡིག་གི་ལས་འཕྲོ་ལ་ཆེས་ཐོག་མའི་ས་བོན་བཏབ་བོ།

  ང་རང་ལོ་བདུན་ཙམ་ཞིག་ལ་སླེབས་པའི་ཕྱི་དྲོ་ཞིག་ལ། ང་དང་སྤོ་བོ་ལགས་སྔར་རྒྱུན་བཞིན་བ་ཕྱུགས་དང་རྨོན་མཛོ་རོག་པོ་དེད་དེ་ཁྱིམ་ལ་ལོག་པ་ཡིན། འོན་ཏེ་ཉིན་དེར་མི་འདྲ་བ་ཞིག་ལ། ནམ་ཀུན་སྤོ་བོ་ལགས་ཀྱི་མ་ཎི་དང་བྱིས་པའི་འབུམ་ཆུང་གི་དཔེ་ཆ་འཇོག་སའི་ཅོག་ཙེའི་སྟེང་དུ། ཁ་དོག་དཀར་པོ་ཅན་གྱི་ཤོག་བུ་ཞིག་གི་ཐོག་ཏུ་ཁ་དོག་ནག་པོ་ཅན་གྱི་ཡིག་འབྲུ་འགའ་བྲིས་ཡོད་པ་ཞིག་བཞགས་འདུག །སྐབས་དེ་དུས་ང་ནི་ཡིག་རྨོངས་ཤིག་ཡིན་པས། ཤོག་བུ་དེའི་སྟེང་གི་ཡིག་འབྲུ་དེ་དག་གཏན་ནས་ངོ་མ་ཤེས་ལ་ནང་དོན་ཡང་ཧ་རྩ་བ་ནས་གོ་མ་བྱུང་། དོགས་པས་ཁེངས་པའི་བྱིས་བློ་ཟེར་བ་བཞིན་ཤོག་བུ་དེའི་སྟེང་གི་ཡིག་འབྲུ་དེ་ཚོའི་ནང་དོན་ཤེས་འདོད་ཆེ་བས། སྤོ་བོ་ལགས་སུ་བཀའ་འདྲི་ཞུ་དུས། སྤོ་བོ་ལགས་ཀྱིས་“འདི་ནི་ཁྱོད་རང་སློབ་གྲྭར་ཚུད་པའི་བརྡ་ཐོ་རེད་”ཅེས་ལན་དུ་བཏབ་བྱུང་། སླར་ཡང་བྱིས་པའི་དོགས་བློས་ཡིན་སྲིད། ངས་འགྲོ་མ་མྱོང་བའི་སློབ་གྲྭར་དེར། ངང་མོ་མཚོ་འཇུག་གིས་འདུན་པས་ཁེངས་སོང་ལ། ངས་ངོ་མ་ཤེས་ཤིང་དོན་མ་གོ་བའི་བརྡ་ཐོ་དེས། ངས་མ་འོངས་པར་“བོད་ཡིག་”ཞེས་པའི་བུ་མོ་དེའི་ལས་འཕྲོ་ཇེ་ཉེར་ཕྱིན་ཡོད་པ་ངས་གསལ་ལེར་རྟོགས་བྱུང་།

  སློབ་གྲྭར་ཚུད་པའི་བརྡ་ཐོ་མཐོང་བའི་རྗེས་སམ་ངང་མོ་མཚོ་མཇུག་གིས་འདུན་པས་ཁེངས་པ་ནས་བཟུང་། སློབ་གྲྭར་སླེབས་རྗེས་གང་འདྲ་བྱེད་དགོས་མིན་གྱི་གནད་དོན་དང་ཡིད་གཟབ་བྱེད་དགོས་པ་དག་ང་དང་སྤོ་བོ་ལགས་ཀྱིས་གླེང་མོལ་གྱི་ཆ་ཤས་ཤིག་ཏུ་གྱུར་པ་མ་ཟད། འགྲོ་དཀའ་བའི་ཉིན་གཅིག་གི་དུས་ཚོད། ངའི་ཐུང་ལ་ཕྲ་བའི་མཛུབ་མོ་ལྔ་པོའི་གྲངས་སུ་གནས་ཤིང་དེའི་ཀློང་ནས་ཁུ་སིམ་མེར་བུད་སོང་ལ། ཕྱུགས་རྫིའི་འཚོ་བར་སུན་པའི་སྐྱོ་སྣང་གི་གླུ་དབྱངས་ཀྱང་དེའི་ཀློང་ནས་ཡལ་ཞིང་། སྙིང་ཉེ་ཞིང་བྱམས་བརྩེ་ཆེ་བའི་སྤོ་བོ་ལགས་ཀྱི་རྣ་ལམ་དུ་སྔོན་ཡོད་མ་མྱོང་བའི་ལྷིང་འཇགས་ཤིག་ཀྱང་དེའི་ཀློང་ནས་སྐྱེས་ཡོད།

  ནམ་ཞིག་ཡུན་རིང་རེ་སྒུག་བྱས་པའི་བཀྲ་ཤིས་ཀྱི་ཉིན་མོ་དངོས་སུ་ཚེས་ཡོང་དུས། ངས་བྱམས་བརྩེ་དང་དྲོད་སྣང་གིས་བཀང་བའི་སྤོ་བོ་ལགས་ཀྱིས་གཡོགས་པའི་ཁ་བཏགས་དཀར་པོ་སྐེ་ལ་གོན་ཏེ་ཕྱུགས་འཚོ་དུས་ཚོད་དཔག་དང་འཆར་སྣང་ཡང་ཡང་བྱས་མྱོང་བའི་སློབ་གྲྭའི་སྒོ་ཐེམ་དངོས་སུ་བརྒལ་ཞིང་། ས་ཆ་གསར་པ་དེ་ནས་མཐོང་མ་མྱོང་བའི་ངོ་གདོང་དག་ལ་ལྟ་བཞིན་མིག་ཀོང་ན་འོད་འཚེར་བའི་ན་ཟླ་ཁྱུ་གཅིག་དང་ལྷན་དུ་རྨི་ལམ་གྱི་ཞིང་གྲོང་མྱུལ་འགོ་ཚུགས་པ་ཡིན་ལ། དུས་དེ་ནས། ལས་ཀྱི་འཕྲོ་སྨིན་ཏེ་ངའི་ལས་ལ་བརྐོས་པའི་བུ་མོ་དེ་སེམས་སུ་འཁྱིལ་ཞིང་། ལུས་དང་གྲིབ་མ་བཞིན་མཉམ་དུ་འགྲོགས་པའི་བསྐལ་བ་ཡང་དུས་དེ་ནས་ཤར་སོང་།

  སློབ་ཆུང་ལོ་རིམ་བཞི་པའི་གཡས་གཡོན་དུ་སླེབས་དུས། རྒན་ལགས་ཀྱིས་ཁ་བྱང་《ངའི་ཕུགས་བསམ…》ཞེས་པའི་རྩོམ་ཐུང་ཞིག་འབྲི་དགོས་པའི་སྦྱོང་ཚན་ཞིག་བཀོད་སྒྲིགས་བྱས། རྒན་ལགས་ཀྱིས་ལམ་སྟོན་གནང་བཞིན་ཤེས་རིག་གི་ཐང་ཆེན་པོར་འཁྱམས་པའི་ལོ་ཟླ་དེ་དག་ནང་། ངས་གྲོང་རོང་དང་གཡང་གཟར་ཞིག་མ་མཐོང་ལ། ཕུགས་བསལ་ལ་ལྕགས་ཀྱི་གཟེབ་དྲ་ཞིག་བྲི་མཁན་མ་བྱུང་བས། མུ་མཐུད་སེམས་པའི་གཤོག་པ་ལྷོད་ལ་བརྐྱངས་སྟེ་ནམ་མཁའི་མཐའ་ཞིག་དང་འབྲི་ཤོག་གི་སྟེང་ཞིག་ཏུ་《ངའི་ཕུགས་བསམ་ནི་བོད་སྐད་ཡིག་དགེ་རྒན་ཞིག་བྱ་རྒྱུ་ཡིན་》ཞེས་པའི་ཀ་མད་འཁྱར་རེ་འཁྱོར་རེ་ཞིག་སྨྱུག་ཁ་ནས་བསྐྱུགས་ཏེ་སྙིང་ཁ་ལ་འཇོག་ནས་ང་དང་སྤོ་བོ་ལགས་བར་གྱི་ཁ་ཆད་ཅིག་ཏུ་སེམས་ཡོད།

  གླེང་མི་ཚར་བའི་བྱིས་སྒྲུང་དང་ཕུགས་བསམ། ཁ་ཆད་སེམས་སུ་བསྒོམས་ཏེ་ཤེས་རིག་གི་ཐང་ཆེན་པོ་མྱུལ་སྐབས་སློབ་དཔོན་གྱིས་བློ་གྲོས་ཀྱི་རྒྱ་མཚོ་འཐུང་བཞིན་ཤེས་རབ་ཀྱི་རི་བོ་འདེགས་ནས་ཐོབས་པའི་ཤེས་བྱས་ང་ཚོའི་སེམས་ཁོངས་ཀྱི་མུན་པར་སྒྲོན་མེ་སྤར་ནས་སེལ་བར་བྱས་ལ། ཕུགས་བསམ་རུས་རྐང་ལ་ཟུག་ཅིང་ཤ་ཁྲག་གི་གསེབ་ཏུ་འཁྱིལ་ཡོད་པའི་རྟ་ཕོ་ང་ཚོར་བང་རྩལ་བསླབས་ཤིང་། ད་དུང་“འདོ་རིགས་རྟ་ལ་བང་རྩལ་ཡོད་ན། ཨ་ཆེན་ཐང་ལ་ཟད་མཐའ་མེད།”ཅེས་པའི་བོད་ཀྱི་གཏམ་དཔེ་ཞིག་གིས་མུ་མཐུད་བང་རྩལ་ཇེ་ཡག་ནས་ཇེ་ལེགས་སུ་བཏང་སྟེ། ཤེས་རིག་གི་ཐང་ཆེན་པོའི་ཐོག་བསྐྱོད་དགོས་པའི་སྐུལ་ལྕག་གནང་། དེ་ལྟར། ཤེར་རིག་གི་མེ་ཏོག་འཐུ་བཞིན་འཐུ་བཞིན་ལམ་ལ་ཆས། དམིགས་གསལ་ཞིག་ལ། སློབ་འབྲིང་དུ་སྐབས་རེ་མཚན་ཚོགས་སུ་རྒན་ལགས་ཀྱིས་ང་ལ་བཤད་སྟེགས་ཐོག་ཏུ་ལངས་ཏེ་སློབ་ཁྲིད་བྱེད་དུ་བཅུགས་མྱོང་། དེ་ཡང་རྒན་ལགས་ཀྱིས་ངས་འཚོ་བའི་ཁུགས་སོ་ཤིག་ཏུ་བསླས་པའི་ཕུགས་བསམ་གྱི་མེ་ཏོག་དེར་རེ་བའི་མེ་སྟག་འཆོར་བ་ཡིན་པས་བདག་དགའ་སྤྲོས་རབ་ཏུ་བཟི། དེ་ཙམ་མ་ཟད། སློབ་འབྲིང་སྐབས་ང་ལ་རྒན་འཕན་ཕྲུག་ཆོས་འཕེལ་ལགས་ཀྱིས་ཁ་བརྡ་བྱེད་པའི་བསྐལ་བ་ཞིག་ཐོབས་ཤིང་། རྒན་ལགས་ཀྱིས་སྨྱུག་རྩེ་ལས་འཁྲུངས་པའི་སྙན་ངག་གི་རླབས་རིས་དག་དལ་ལྷོད་མེད་པར་རྦ་རླབས་བཞིན་ངའི་འཇིག་རྟེན་དུ་འཕྱོ་ཡོང་དུས།རྩོམ་རིག་པདྨའི་ཚལ་ལ་འཇུག་པའི་སྙིང་སྟོབས་ཤིག་སྟེར་བྱུང་ལ། ང་དང་བོད་སྐད་ཡིག་གི་ལས་འཕྲོ་དམ་དུ་བཅིངས་སོང་བས། རང་སེམས་ཀྱི་ཞིང་སར་བསམ་གྱིས་མི་ཁྱབ་པའི་དགའ་བ་ཁྲི་སྟོང་མང་པོ་སྐྱེས། དགའ་བ་དེ་ཡི་གེས་མཚོན་ཐབས་ཤིག་མེད་ལ། སྐད་ཆས་གླེང་ཐབས་ཤིག་ཀྱང་བྲལ།

  དེ་ཡང་ཆར་པ་ཤག་ཤག་ཏུ་བབས་པའི་དབྱར་ཁ་ཞིག་ལ། ངས་ཀོང་ཡུལ་ལུང་པའི་གཞུང་དུ་མཐོ་འབྲིང་གི་སྒོ་ཐེམ་བརྒལ་ཞིང་། ཡང་ཆར་པ་ཤག་ཤག་ཏུ་དབྱར་ཁ་ཞིག་ལ། ངས་ཀོང་ཡུལ་ལུང་པའི་གཞུང་ནས་མཐོ་འབྲིང་གི་འཚོ་བ་མཇུག་སྒྲིལ་དགོས་བྱུང་། དབྱར་ཁ་དེར། ལྕང་མའི་ལོ་མ་ས་ལ་ལྷུངས་སྐབས་ཀྱི་སྒྲ་ཅི་ཡང་མ་ཐོས་གོང་། བྲེལ་འཚུབ་ཅིག་གི་ཁྲོད་ནས། ཁ་བ་དང་འདྲ་བའི་མི་བུ་དེ་དག །ཁ་བའི་ཞི་འཇམ་དང་འདྲ་བར་དྭངས་གཙང་གི་མིག་ཆུ་བཞུར་བཞིན་རང་གིས་བདམས་པའི་ལམ་བུའི་ཐོག་བུད་སོང་། ངས་རང་གི་མི་ཚེའི་ལམ་བཞི་མདོ་ནས་བོད་སྐད་ཡིག་གིས་ཆེད་ལས་བདམས་པ་ཡིན། དེ་ནི་ངས་ཚེ་འདིར་བྱས་པའི་ཡང་དག་ཤོས་ཀྱི་བདམས་ཁ་ཞིག་རེད་ཅིང་། འཁྲུལ་མེད་ཀྱི་ལམ་བུ་ཉག་ཅིག་ཡིན་ལ། ང་དང་བོད་སྐད་ཡིག་གི་བར་དུ་ཆགས་པའི་བརྩེ་དུངས་ཀྱི་དར་སྐུད་རིང་དུ་བསྐྱོང་བའི་ཐབས་བཟང་ཤོས་ཤིག་ཏུ་བསྒོམ་ཆོག་གོ།

  འཇའ་འོད་ལས་མཛེས་སྡུག་ལྡན་པའི་ལས་འཕྲོ་དེ་དང་འོ་ཆུ་གཅིག་འདྲེས་ཀྱི་བརྩེ་དུངས་དེས་རྐྱེན་པས། སྐྱིད་སྡུག་འདྲེས་མའི་འཁོར་བའི་ཀློང་། བོད་སྐད་ཡིག་གིས་ང་རང་བོར་མ་མྱོང་ལ། ངས་བོད་སྐད་ཡིག་བརླག་མ་མྱོང་བར། ང་དང་བོད་ཀྱི་སྐད་དང་ཡི་གེ་ལུས་དང་གྲིབ་མ་བཞིན་འགྲོགས་པ་ཡིན། མ་འོངས་པར་ཡང་དེ་ལྟར་ཡིན་ངེས་ཤིང་། གངས་རིའི་སུལ་དང་། མཚོ་མོའི་མཐའ། རྩྭ་ཐང་གི་པང་། ཉི་འོད་ཀྱི་ལྷུམས་སུ་གཏམ་རྒྱུད་བསྲེས་ཏེ། བོད་སྐད་ཡིག་གི་ངོ་མཚར་དང་སྤྲོ་སྣང་འཚོལ་བར་ཆས་འགྲོའོ། །

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ང་དང་བོད་སྐད་ཡིག་གི་ལས་འཕྲོ།

2023-11-28 སྙེ་ཕྲུག(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།