དུས་འཁོར་དབང་ཆེན་ལ་མཇལ་བ་བསོད་ནམས་ཆེ་ཨང་།

བཞོ་ཟེའུ།(ཅོ་ནེ) 琼迈文学网 2023-11-28

  བློ་བཟང་རྒྱལ་བ་གཉིས་པ་དེ་ཉིད་ཀྱི། །
      ཟབ་རྒྱས་ཆོས་ཚུལ་དགེ་ལེགས་བྱེ་བའི་གཏེར། །
      བསྟན་པའི་གསལ་བྱེད་མཁན་ཆེན་ཐམས་ཅད་ཀྱི། །
      མཛེས་པའི་རྒྱན་དུ་གྱུར་ལ་གསོལ་བ་འདེབས། །

  དེ་ཡང་སྐྱབས་མགོན་བླ་མ་རིན་པོ་ཆེ་བློ་བཟང་རྗེ་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས་མཛད་པའི་རྗེ་བླ་མའི་ཞབས་བརྟན་གསོལ་འདེབས་ལས་ཤོ་ལོ་ཀ་འདིས་འཐུས་པར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཕྱོགས་གསུམ་ནས་བརྗོད་པར་བྱ་སྟེ།

  གཅིག དབང་གནང་ཡུལ་གནས་མཆོག་ངོ་མཚར་ཕུན་སུམ་ཚོགས་པ།

  ས་གཡང་ཆགས་མཛོད་དགེ་ཕྱུག་མོ་ནི་རླབས་ཆེན་སྐྱེས་བུ་དུ་མའི་ཚེ་སྔོན་ལས་ཀྱི་མདུད་པ་ཐེབས་ཡུལ་དང་། སངས་རྒྱས་བསྟན་པའི་བདག་པོ་བླ་སྤྲུལ་མང་པོའི་ཡང་སྤྲུལ་གྱི་ཉིང་མཚམས་སྦྱོར་ཡུལ་རེད། ཁྲི་ཆེན་གུང་ཐང་བསྟན་པའི་སྒྲོན་མེ་དང་། མཛོད་དགེ་ཨ་ཁུ་རིན་པོ་ཆེ་མཁས་གྲུབ་བསྟན་འཛིན་སོགས་དགེ་བཅུ་ཚང་བའི་གཡང་ས་འདི་ནས་ཞབས་སོར་པདྨོའི་བཀོད་པ་མཛེས་པར་སྤུད་ཅིང་། ལས་དང་བསྐལ་བ་བཟང་པོའི་མཐུ་སྨོན་གྱིས་རྒྱལ་བའི་རིང་ལུགས་དྲི་མ་མེད་པའི་རྗེས་འཇུག་མཁན་ཆུ་བུར་བརྡོལ་བ་བཞིན་གནས་འདི་ནས་འཁྲུངས། སྙིགས་མ་ལྔ་བདོའི་དུས་སྐབས་འདི་ལ། ཁྲི་ཆེན་གུང་ཐང་སྐུ་ཕྲེང་བདུན་པ་དང་། བཛྲ་ཚུལ་ཁྲིམས་རྒྱ་མཚོ་སོགས་ཞིང་འདིར་ཐུགས་ཀྱི་བཀོད་པ་ལྷུམ་གེར་བཞེས།

  སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་གྱི་ཡོན་ཏན་གཅིག་ཏུ་བསྡུས་པའི་སྙིང་བོ། རྗེ་བླ་མ་འཇམ་དཔལ་དབྱངས། ཁྲི་ཆེན་གུང་ཐང་ཚང་རྗེ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་གྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཐོག་མ་ཡང་། སྐུ་ཁོང་གི་འཁྲུངས་གཞིས་སྟེ། ཡུལ་མཛོད་དགེ་སྨད་ཀྱི་ཆ། ས་བྱིན་ཆགས་བྱེའུ་སྙིང་ཐང་ནས་གནང་བར་རྟགས་དང་རྟེན་འབྲེལ་གྱི་མཚན་ཁ་འགྲིག

  སྟོན་ཟླ་བརྒྱད་པའི་སྨན་ལྗོངས་ཕྱུག་མོའི་ཡུལ་མཛོད་དགེའི་བྱེའུ་སྙིང་ཐང་ནི། གསེར་གྱི་གཞོང་བ་ཞིག་དང་འདྲ་བར་རྩྭ་རྩི་ཏོག་གི་འདབ་ལོ་ལྡེམ་ལྡེམ་གཡོ་བའི་ཚལ་ན། མཎྜལ་ཕུལ་འདྲའི་འབར་འབུར་མང་པོ་མཆིས། ལ་ལུང་ན་མཚེར་ཤུལ་རེ་འགའ་ཡོད་པའི་མདུན་ས་ན་ལྗང་ཏིག་ཏིག་གི་རྣང་ཞིང་གྲུ་བཞི་འགའ་རེ་ཡང་མཐོང་ཐུབ། ལྗང་སེར་འདྲེས་མའི་མཐའ་ཀླས་པའི་སྤང་ལྗོངས་འདིའི་འཕང་བ་ན། མཎྜལ་ཏོག་ལྟ་བུའི་མཐོ་དམའ་མི་སྙོམས་པའི་ལབ་ཙེ་གོང་འོག་གཉིས་ཏོག་གེར་འགྱིང་ཡོད། བལྟས་པ་ཙམ་གྱིས་སྒར་ཁ་བོར་བའི་མཇལ་བ་ཚོའི་ཕྱོགས་སྟོན་འཁོར་ལོ་ལྟ་བུར་སྣང་།

  ལབ་ཙེ་གཡས་ཕྱོགས་ན་ཁྲི་ཆེན་གུང་ཐང་ཚང་གི་དབང་གནང་སའི་ཚོགས་རས་དང་། གཟིམ་ཆུང་གཙོ་བྱས་པའི་སྒར་ཁ་གྲུ་བཞི་ལྷམ་མེར་བཞུགས་ཤིང་། དད་ལྡན་སེར་སྐྱ་འདུས་པ་རྒྱ་མཚོའི་རས་གུར་ནི་སྐར་ཚོགས་ས་ལ་འཕོས་པའི་ཟླ་ལྟར་དཀར་ལམ་མེར། ཁྲ་ཆིལ་ལེར་མངོན་པས་དགེ་བཅུ་ཚང་བའི་གཡང་ས་འདིའི་ཕྱི་ནང་གསང་གསུམ་ལ་བསོད་ནམས་ཀྱི་དཔལ་ཡོན་འབར། མཐོང་བ་ཙམ་གྱིས་སྨོན་པ་འཆོར་བའི་ཞིང་ཤམྦྷ་ལའི་ཡུལ་གྱི་བཀོད་པ་འདི་ལས་ལྷག་པ་ཞིག་མེད་ཨང་སྙམ་པ་འབྱུང་།

  གཉིས། དབང་གནང་མཁན་ཁྲི་ཆེན་གུང་ཐང་བླ་མ་བྱིན་རླབས་ཆེ་བ།

  དེ་ཡང་ཁྲི་ཆེན་གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་ཡུལ་དང་། མཚན་ཐོགས་ཚུལ། རྗེ་བླ་མར་བསྟེན་ཚུལ། བསླབ་པ་དོན་གཉེར་བྱ་ཚུལ། བསྟན་པའི་འཕྲིན་ལས་རྒྱ་ཆེར་སྤེལ་ཚུལ་སོགས་ཀྱི་རྣམ་ཐར་རགས་ཙམ་བརྗོད་པ་ལས་དབུ་དྲངས་ཏེ། ཁྲི་ཆེན་གུང་ཐང་སྐུ་ཕྲེང་བདུན་པ་ཐོག་མར་ངོ་མཚར་གྱི་བལྟས་དང་བཅས་སྐུ་བལྟམས་ཚུལ་དང་། དེ་ནས་ཡབ་སྲས་དགྱེས་འཛོམས་བྱུང་ཚུལ། བླ་མར་བསྟེན་ཚུལ། མཁྱེན་སྟོབས་ཀྱི་ཡོན་ཏན་འཕེལ་ཚུལ་སོགས་ཀྱི་ཐུན་མོང་མ་ཡིན་པའི་མཛད་པ་དག དད་ལྡན་སེར་སྐྱ་འབུམ་ཁྲི་མང་བོའི་སེམས་སུ་གསལ་ལེར་ཤར་ཐུབ་པ་ཞིག སྒྲ་དག་གསལ་གསུམ་གྱི་བརྙན་ལམ་ནས་ངོ་སྤྲོད་གནང་སྟེ། དབང་གནང་མཁན་རྗེ་བླ་མའི་ཆེ་བ་བརྗོད་པ་ཡ་མཚན་ལ་ཡིད་ཁུལ་བ་ཞིག་གོ།

  སྤྲིན་གྱི་ཚོགས་བཞིན་འདུས་པའི་སེར་སྐྱ་ཁྲི་འབུམ་སེར་ཕྲེང་བསྒྲིགས་ནས་གཟིམ་ཆུང་ལ་སྐོར་བར་འགྲོ་བ་དང་། དད་གུས་ཀྱི་ཕྱག་ཟུང་ཐལ་མོ་སྦྱར་ནས་བརྐྱངས་ཕྱག་འཚལ་ཞིང་། དཔལ་དུས་ཀྱི་འཁོར་ལོའི་དབང་བརྡ་འཕྲོད་པར་གསོལ་བ་རྩེ་གཅིག་ཏུ་འདེབས་ཀྱིན་ཡོད། ལས་ངན་པའི་གང་ཟག་སུ་ཞིག་ཡིན་ཡང་བྱང་ཤམྦྷ་ལའི་ཞིང་བཀོད། དཔལ་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་འདིར་བསླེབ་ཚེ། ཤེས་མཐོང་གི་དད་པ་མི་དམན་པ་ཞིག་འཁྲུངས་པ་སྨྲ་མི་དགོས་སོ།

  ཁྲི་ཆེན་གུང་ཐང་རྗེ་བཙུན་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་ཚང་། ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པདྨོ་ཉེ་བར་བཀོད་པའི་ངང་ཚུལ་ནི་གངས་སེང་གངས་ནས་འགྱིང་བ་ལྟར་ས་ཆེན་པོ་ཟིལ་གྱིས་གནོན་ཞིང་། གདུག་ཅན་སྐྲག་ནས་སྙིང་རྩ་འདར་ལ། དགེ་རྩ་ཅན་རྣམས་དད་པའི་སྤུ་ལོང་གཡོ། དཀར་ཕྱོགས་རྣམས་དབུ་འཕང་མཐོ་ཞིང་། ནག་ཕྱོགས་རྣམས་ཕ་མཐར་བསྐྲད་པས་སྣང་བས་མུན་པ་བཅོམ་པའི་ཟླ་ལ་འཆའ་འོ། །

  དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་སྔགས་དབང་ལ་རིམ་པ་གསུམ་སྟེ། དང་བོ་སློབ་མ་རྗེས་འཛིན་གྱི་དབང་། གཉིས་པ་དབང་གི་སྟ་གོན། གསུམ་པ་དུས་ཀྱི་འཁོར་ལོའི་བྱིས་པ་ལྟར་འཇུག་པའི་དབང་བདུན་ཡོད་པར་གསུངས་པ་ལྟར།

  དབང་གི་སྟ་གོན་ལ། ཁྲི་ཆེན་གུང་ཐང་ཚང་གིས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་སྦྱངས་པ་ལ། ཐོག་མར་བླ་མར་བསྟེན་ཚུལ་ཡང་དག་ཡིན་དགོས་ཚུལ་སྟེ། རྗེ་བླ་མའི་ཡོན་ཏན་གཞི་གྱུར་མའི་ཞལ་ལུང་དྲི་མ་མེད་པ་ནས་སྐྱབས་འགྲོ་དང་། ལས་འབྲས། དཔལ་དུས་ཀྱི་འཁོར་ལོའི་བྱུང་རིམ། ཤར་ལྷོ་ནུབ་བྱང་གི་འཇུག་སྒོ་རེ་རེ་ངོ་སྤྲོད་ཅིང་། ཡི་དམ་རེ་རེའི་ཞལ་གཟུགས་བསྟན་པར་མཛད།ལྷག་པར་རྗེ་ཁོང་གི་བླ་མར་བསྟེན་ཚུལ་གཞན་ལས་ཁྱད་དུ་འཕགས་ཤིང་ཡ་མཚན་པ་ཞིག་སྟེ། སྐུ་གོང་མ་ཚང་གི་ཕྱག་ལེན་ཡིན་ན། དགེ་རྒན་བཀའ་དྲིན་ཅན་ཁོང་གི་ཕྱག་ལེན་གྱི་ཁྲིད་རྒྱུན་ལྟར་ན་ཞེས་སྐུ་གོང་མ་ཁྱབ་བདག་རྡོ་རྗེ་འཆང་ཚང་གི་ཕྱག་ལེན་དང་། དགེ་བའི་བཤེས་གཉེན་ཨ་ཁུ་དཔལ་ལྡན་ཚང་གི་ཁྲིད་རྒྱུན་ལྟར། སྐུ་ཚེགས་ལ་མ་འཛེམས་པར་སྔགས་དང་ཕྱག་རྒྱ་གཅིག་མ་ལུས་གཉིས་མ་ཆད་པར་ཕྲ་ཞིང་ཞིབ་པའི་སྒོ་ནས་ཕྱག་ལེན་གནང་། མཚན་སྔགས་བཟླས་བརྗོད་ལེགས་པར་གསུངས་ཤིང་། དཔུང་སྐུད་དང་ཀུ་ཤ་བཀྲམ་ནས་སྔས་འོག་ཏུ་ཇི་ལྟར་འཇོག་ཚུལ་དང་རྨི་ལམ་ལ་བརྟག་ཚུལ་ལེགས་པར་འདོམས།

  དབང་གི་དངོས་གཞིའི་ཉིན་དང་པོ་ལ་དགེ་འདུན་པ་དང་མཇལ་བ་ཚོར་མིག་དར་དང་མེ་ཏོག་ཙམ་པ་ཀ་གནང་ནས། རྡོ་རྗེའི་སློབ་མ་དག་དཀྱིལ་འཁོར་ནང་དངོས་སུ་ཁྲིད་དེ། མཁའ་འགྲོ་བྱེ་བའི་ཞལ་རེ་རེ་སྟོན་པར་མཛད། དེ་ནས་དུས་ཀྱི་འཁོར་ལོའི་བྱིས་པ་ལྟར་འཇུག་པའི་དབང་བདུན་ཏེ། ཆུ་དབང་དང་ཅོ་པན་གྱི་དབང་། དར་དཔྱངས་ཀྱི་དབང་དང་རྡོར་དྲིལ་གྱི་དབང་། བརྟུལ་ཞུགས་ཀྱི་དབང་དང་མིང་གི་དབང་། ཆོས་འཁོར་སྐོར་བའི་རྗེས་གནང་གི་དབང་སོགས་དབང་བདུན་ལེགས་པར་གནང་། བུམ་དབང་གནང་སྐབས། སྐུ་ཁོང་ཉིད་གྲྭ་གཤར་རེ་རེ་བརྒྱུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་འགྱུར། །དམ་ཚིག་སྲུང་ན་དངོས་གྲུབ་སྟེར། །རྡོ་རྗེའི་བདུད་རྩིའི་ཆུ་འཐུང་ཞིག་ཅེས་དབང་ལུང་མན་ངག་བཟླས་བརྗོད་གནང་བཞིན། སྐུ་ངལ་རབ་ཏུ་གདུང་ན་ཡང་སློབ་མ་འབུམ་ཁྲི་མང་པོར་བུམ་ཆུ་འདྲེན་པའི་ངང་ཚུལ་ནི། སྟོན་པས་རྒྱལ་བའི་རིང་ལུགས་དྲི་མ་མེད་པ་ས་ཆེན་པོའི་པང་དུ་འདྲེན་པ་དང་གཉིས་སུ་མ་མཆིས།

  ཏག་ཏག་སྐབས་དེར་བསིལ་རླུང་གི་རེག་བྱ་འཇམ་པོ་དལ་གྱིས་རྒྱུ་ཞིང་། ལབ་ཙེ་གོང་མའི་མཁའ་དབྱིངས་སུ། སྤྲིན་ཕུང་མང་པོ་ཐོལ་གྱིས་འདུས་ནས་བྱ་རྒོད་ཆེན་པོ་གནམ་ས་གང་བ་ཞིག་ལྷོ་ཕྱོགས་ནས་འཕུར་ཡོང་བའི་རྟགས་ཡ་མཚན་མངོན་ལ། ནམ་མཁར་འཇའ་རིས་ཤར་ཞིང་། ཆར་ཐིགས་ཁ་ཁེར་ཕྱག་གཡས་གཟེད་པའི་མཇལ་བ་ཚོའི་ལག་མཐིལ་ལ་ལྷུང་བས། རྗེ་བླ་མས་བདུད་རྩི་དངོས་སུ་བསྩལ་བ་འཁྲུལ་མེད་དུ་མཐོང་ནས་དགའ་དད་སྐྱོ་གསུམ་སྐྱེས།

  དངོས་གཞིའི་ཉིན་གཉིས་པར་གོང་མ་གོང་ཆེན་གྱི་དབང་བཞི་ཚན་གཉིས་ཏེ། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་སོགས་རིམ་པར་གནང་ཞིང་། སློབ་མ་རྣམས་ལ་དཔལ་དུས་ཀྱི་འཁོར་ལོ་དྲུག་གི་སྟེང་དུ་བཞུགས་པའི་ལྷ་གང་བསྐྱེད་པ་རྣམས། ཆོས་དབྱིངས་གནས་སུ་རྟོགས་པ་ཡེ་ཤེས་སུ་འཆར་དགོས་པ་གསལ་བོར་བསྟན་པར་མཛད། གསང་དབང་གནང་སྐབས། དད་ལྡན་པ་རྣམས་རང་དབང་མེད་པར་དད་གུས་བསྐྱེད་དེ། དམིགས་པ་རྩེ་གཅིག་གིས་རྣ་བ་གླགས། མིག་ཟུང་ཅེར། ཕྱག་ཟུང་ཐལ་མོ་སྦྱར་ནས་ཁུ་སུམ་མེར་བཞུགས་ཡོད་པའི་ངང་ཚུལ་ནི་སྐྱེས་པའི་རབས་ལས། །རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་གསུངས་པ་ལྟར་རྗེས་སུ་ཡི་རངས་བྱ་བའི་གནས་སུ་འཁུམས།

  དངོས་གཞིའི་ཉིན་གསུམ་པར་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་ཟབ་མོ་གནང་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་འགྱུར། །དམ་ཚིག་སྲུང་ན་དངོས་གྲུབ་སྟེར། །རྡོ་རྗེའི་བདུད་རྩིའི་ཆུ་འཐུང་ཞིག་ཅེས་གསུང་བཞིན་བུམ་ཆུ་དང་གསང་རྫས་དྲངས། མཎྜལ་ཕུལ། དེ་ནས་རྗེ་ན་རོ་བའི་རུས་རྒྱན་དང་། སྐུ་གོང་མའི་གཙུག་ཏོར་དང་ན་བཟའ་མནབས་ནས་གསུང་དོན། འདི་ནི་སྐུ་གོང་མ་ཚང་གིས་གསུངས་པའི་རྗེ་ན་རོ་བའི་རུས་རྒྱན་རེད། ཐམས་ཅད་ཀྱིས་ལྟོས། ཡང་ངའི་ལག་གི་རྡོ་རྗེ་ལ་འཇུས་ཏེ་སྐོར་བ་བྱེད་པའི་དམིགས་པ་འགྲུབ་པར་བྱོས་ཞེས་གསང་བསྔགས་བཟླས་བརྗོད་གནང་བཞིན། སྐུ་བརྗིད་ལྷང་ངེར་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་ཕེབས་སྐབས། དད་ལྡན་པ་ཚོའི་དག་སྣང་ལ། སངས་རྒྱས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་བླ་མ་ངོ་བོ་དབྱེར་མེད་ཡིན་པའི་ངེས་ཤེས་བསྐྱེད་དེ། ལུས་ངག་ཡིད་གསུམ་ལ་དབང་བརྡ་འཕྲོད་པར་དང་བ་རྩེ་གཅིག་འདྲེན་པ་བྱུང་།

  གསུམ། དབང་གནང་སའི་རྡོ་རྗེའི་སློབ་མ་བསོད་ནམས་མི་དམན་པ།

  ཁྲི་ཆེན་གུང་ཐང་ཚང་གི་གསལ་དག་བརྗིད་གསུམ་གྱི་ཆ་འདྲེས་པའི་གསུང་སྐད། ཕྱོགས་སོ་སོ་ནས་མཁའ་དབྱིངས་སུ་མཆེད་དུས། ཡུལ་འདིའི་ར་རིས་གོས་པའི་ནག་ནོག་གི་དྲི་མ་ཐམས་ཅད་ཐོལ་གྱིས་ཡལ་ཞིང་ནམ་མཁའ་གཡའ་དག་པའི་རྟགས་མཚན་མངོན།

  ནམ་ཞར་དགེ་འདུན་པའི་གྲས་ན་གྲ་ལྭ་དཀྱུས་མ་མནབས་ནས། ཚོགས་ཆོས་ར་མ་འཆག་པར་འགྲིམ་པའི་དགེ་འདུན་པ་ཕལ་བའི་ངང་ཚུལ་གནང་མཁན། སངས་རྒྱས་མིའི་རྣམ་པར་བྱོན་པ་ཁྲི་ཆེན་གུང་ཐང་ཚང་། དེ་རིང་ཐུན་མོང་ནས་ཐུན་མོང་མ་ཡིན་པའི་མཛད་པ་བསྣམས་ཏེ། མར་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་ཆེད། བྱང་ཕྱོགས་ཤམྦྷ་ལའི་ཞིང་བཀོད་ནས་བསྟན་འགྲོར་ཕན་ཕྱིར་འཇིག་རྟེན་ཁམས་འདིར་ཉིང་མཚམས་སྦྱོར་བར་དད་གུས་དབང་མེད་བསྐྱེད་ལ། རང་གི་སྐྱབས་གནས་གང་ཡིན་པའི་ངེས་ཤེས་མི་འདྲོངས་ཅི་ལ་སྲིད།

  བླ་མ་མཁྱེན། བདག་གི་སྐྱབས་གནས་གཅིག་པུ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་མགོན། ཤེས་རབ་ཀྱི་ལྷ་འཇམ་དཔལ་དབྱངས། རྗེ་ན་རོ་བའི་སྤྲུལ་བ་མིའི་རྣམ་པ་ཅན། འགྲོ་བ་རེ་རེའི་མིག་ལམ་ན་སྐུ་རེ་རེ་མངོན་ལ། སྐུ་རེ་རེའི་སྤྱན་ཟུང་རང་ཉིད་ཁོ་ནར་ཕྱོགས་པ་ལྟ་བུའི་བྱིན་རླབས་ཅན། འགྲོ་བ་མ་ལུས་འཁོར་བའི་སྡུག་བསྔལ་ལས་གྲོལ་སྟེ། ཐར་བའི་ལམ་ལ་འགོད་མཁན་སངས་རྒྱས་བསྟན་པའི་རྒྱལ་སྲས། སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ལ་ལམ་གྱི་རིམ་པ་སྟོན་མཁན་རྗེ་ཙོང་ཁ་བའི་རྣམ་སྤྲུལ། སྐྱབས་མགོན་རིན་པོ་ཆེའི་ཐུགས་སྲས། བྱམས་དང་སྙིང་རྗེའི་བདག་པོ། བྱང་ཆུབ་སེམས་དཔའ་སྐུ་དངོས་ཀྱི་མཛད་པ་ཤེས་མཐོང་ཁམས་ལ་ཡང་ཡང་འཆར་བར་དགའ་དད་ཀྱི་མཆི་མ་དབང་མེད་དུ་འཆོར་རོ།

  སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་དམན་པའི་ཕྱིར། རྗེ་བླ་མས་གནང་བའི་དབང་ལུང་ལས་སུམ་ཆའི་གཅིག་ཙམ་གྱི་གོ་བ་ལོན་མི་ཐུབ་མོད། བླ་མ་ཁོང་གི་སྐུ་བརྗིད་དང་བྱིན་རླབས་ཀྱིས་གསུང་ཚིག་མང་པོ་ནང་སེམས་ལ་ཟུག་འགྲོ་བ་དང་། ཡིད་དབང་གི་རྟ་ཁ་རང་དབང་མེད་པར་ཆོས་ཕྱོགས་ལ་དཀྱུས་འགྲོ་བ་ཞིག་བྱུང་ཞིང་། སྐྱེས་པའི་རབས་ལས། གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། རྗེ་བླ་མར་ཆོས་འབྲེལ་གྱི་མདུད་པ་ཟབ་མོ་འཇོག་ཆེད་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་བརྡ་ལེགས་པར་འཕྲོད་ཆེད། ཉིན་གསུམ་བཞི་བོར་བློ་སེམས་རྩེ་གཅིག་གིས་བླ་མའི་གསུང་གི་བདུད་རྩི་ཧུབ་ཀྱིས་འཐུང་བ་བསྐལ་བ་བཟང་ངོ་། །

  དད་ལྡན་འབུམ་བཅུ་ལྷག་ལ་ཉེ་བའི་ད་ལོའི་ས་ཆེན་གཡོས་པའི་དབང་ཆེན་འདི་འདྲ་མི་སུས་ཀྱང་དུས་དང་བསྐལ་བ་མང་པོར་མཐོང་མྱོང་མེད་དེ། དབང་གནང་ཡུལ་གནས་མཆོག་ངོ་མཚར་ཕུན་སུམ་ཚོགས་པ་དང་། དབང་གནང་མཁན་ཁྲི་ཆེན་གུང་ཐང་བླ་མ་བྱིན་རླབས་ཆེ་བ། དབང་གནང་སའི་རྡོ་རྗེའི་སློབ་མ་བསོད་ནམས་མི་དམན་པའི་རྟེན་དང་འབྲེལ་བར་འབྱུང་བ་ལས། དགུང་ལོ་ཉེར་གཉིས་ལས་ལོངས་མེད་པའི་སྐུ་ན་ཕྲ་བའི་རྗེ་བླ་མ་རྡོ་རྗེ་འཆང་གུང་ཐང་རིན་པོ་ཆེ་ཚང་གི་བླ་མར་བསྟེན་ཚུལ་དང་། མཁའ་ལས་ཡངས་པའི་མཁྱེན་དཔྱོད། རྟོགས་པའི་ཡོན་ཏན། ཤེས་རབ་དང་ཐུགས་དགོངས་སོགས་མི་ཕལ་བའི་བློ་ངོར་ཤོངས་དཀའ་བ་ཞིག་ཡིག་འབྲུ་ཙམ་ལས་མཚོན་ག་ལ་ནུས་ཨང་། །

  རྗེ་བླ་མ་དམ་པས་ཐུགས་བརྩེ་བས་རྗེས་སུ་བཟུང་བ་ནི། རང་ཉིད་ལ་དད་པ་དག་སྣང་རེ་ཡོད་པའི་བསོད་དམས་ཡིན་ལ། བསོད་ནམས་དེས་བསྐྱེད་པའི་འབྲས་བུ་ནི་ཡུལ་དུས་ཀྱི་དཀའ་ངལ་དུ་མ་ཁྱད་དུ་བསད་དེ། གཡང་ལྡན་ཕྱུག་མོའི་སྨན་ལྗོངས་ས་ཡི་ལྟེ་བ། ཡུལ་མཛོད་དགེ་ཐང་ནས་རྗེ་བླ་མའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཐོག་མར་གསན་སྐལ་བྱུང་ལ། དབང་བརྡ་ལེགས་པར་འཕྲོད་པ་བསོད་ནམས་ཆེའོ། །

  ད་ནི་རང་ནུས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྐབས་སུ། ཁས་བླངས་པའི་དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་ཞིང་། དཔལ་རྡོ་རྗེ་འཆང་བླ་མ་རིན་པོ་ཆེ་མ་འོངས་པར། བྱང་ཕྱོགས་ཤམྦྷ་ལའི་རིག་ལྡན་དྲག་པོའི་འཁོར་ལོ་བསྐོར་བར་ཕེབས་པའི་དུས་ན། དབང་བརྡ་འཕྲོད་པའི་འགྲོ་བ་ཐམས་ཅད་འཁོར་གྱི་ཐོག་མར་སྐྱེས་ཏེ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་རློབས་ཤིག །

  སྨྱུག་མཐའ་བ་ངས་རང་གི་ནུས་ཚོད་ཙམ་དང་། དད་པ་དག་སྣང་གིས་ཡིག་ངོར་ཕབ་ཁུལ་བྱས་པ་ལ་ཆད་ལྷག་ནོར་འཆུག་ཡོད་ན། མཐོལ་ལོ་བཤགས་སོ། །

                  སྤྱི་ལོ༢༠༢༣ལོའི་བོད་ཟླ༨པའི་ཚེས༧དང་སྤྱི་ཟླ༩པའི་ཚེས་༢༡ཉིན་གྲུབ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དུས་འཁོར་དབང་ཆེན་ལ་མཇལ་བ་བསོད་ནམས་ཆེ་ཨང་།

2023-11-28 བཞོ་ཟེའུ།(ཅོ་ནེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།