ཁྱེད་ཅག་ལ་སྤྲིངས་པ།

བྱང་གླིང་བུ།(ལྷ་ས) 琼迈文学网 2024-09-01

  རྨི་་ལམ།

  ཁྱེད་ཅག་སློབ་ཆེན་དང་མཐོ་སློབ་ཀྱི་སྒོ་ཐེམ་དུ་ཐོན་པ་ལ་ཐོག་མར་ཕུ་བོས་རྒྱང་རིང་ནས་རྟེན་འབྲེལ་ཞུ། ཞོར་དུ་གློ་དཀར་བའི་དྲན་པ་འགའ་རེ་ཁྱེད་ཅག་ལ་བགྲོ་བར་བྱ། རིམ་པ་དེ་དག་གི་གྲལ་དུ་ཚུད་པ་ནི་དེ་འདྲ་སླ་མོ་ཞིག་མིན་པར་ཕུ་བོས་ཀྱང་ཤེས་ནས་ཡོད། ང་ཚོའི་ཁྱིམ་རྒྱུད་ཀྱི་དགའ་འོས་པའི་དོན་བཟང་ཞིག་སྟེ། ལོ་གཅིག་གི་དབྱར་རྩྭའི་ཡོང་འབབ་འཕར་བའམ། སྒོ་ཟོག་གི་ཤ་ཤེད་རྒྱས་པའི་གཏམ་སྙན་ལྟ་བུར་མ་ཡིན་པར་ཆེས་སྤྱིར་གཏང་བ་ལས་སྤྱིར་གཏང་མ་ཡིན་པའི་གྲུབ་འབྲས་ཡིན་པ་བརྗོད་ག་ལ་དགོས། འཛམ་གླིང་གི་སྙན་པ་དང་འབྱོར་བ་ཀུན་ལས་ཁྱད་དུ་འཕགས་ཤིང་ཀུན་གྱི་རྩ་བ་ཡང་ཤེས་རབ་འདི་ཉིད་ཡིན་པས་ཤེས་རབ་ལ་གོམ་ཁ་ཕྱོགས་པ་ནི་འཇིག་རྟེན་སྟེང་ཆེས་རིན་དུ་ཆེ་བ་ཡིན། དེར་བརྟེན་སློབ་ཆེན་དང་མཐོ་སློབ་ཏུ་ཆས་པ་ནི་སྒྲིག་གཞི་མེད་པའི་རང་ཉིད་རྒྱ་ཡན་དུ་གཏོང་བའི་མགོ་བཟུང་བ་མ་ཡིན་པར་ཕུགས་བསམ་མམ་རྨི་ལམ་ཞིག་གི་དབུ་ཁྱུད་འབྲི་བ་ཡིན་པ་གཏན་ནས་མ་བརྗེད། སྤྱིར་མི་ཞིག་ལ་རྨི་ལམ་ཡོད་དགོས་ལ་དེ་བས་ཀྱང་སློབ་མ་དག་ལ་མཚོན་ན་ངོ་མཚར་བའི་རྨི་ལམ་ཡོད་དགོས། ཕུགས་བསམ་མེད་པའི་མི་ཡི་བྱ་བྱེད་ནི་ནམ་ཡང་གཉིད་དུ་ཡུར་བའི་སྟོང་བསམ་ལྟ་བུ་ལས་མ་འདས་པས་ཡར་ཐོན་གྱི་འབྲས་བུ་ཅི་ཡང་ཡོད་མི་སྲིད། རང་ཉིད་ལ་ལྗིད་ཏིག་ཏིག་གི་འགན་འཁྲི་ཡིས་སྤྲད་པའི་མཐའ་ཡས་པའི་མཛེས་སྡུག་གི་རྨི་ལམ་ཞིག་ཅིས་ཀྱང་ཡོད་དགོས། སློབ་གྲྭའི་འཚོ་བ་ལ་གོམས་སོང་བ་ཙམ་མ་ཡིན་པར་སློབ་གྲྭའི་དཔེ་མཛོད་ཁང་སོགས་ལས་རང་ཉིད་ཀྱི་མི་ཚེའི་རིན་ཐང་དུ་ངོམས་ཆོག་ཆོག་གི་ཤེས་བྱའི་རྒྱགས་ཕྱེ་ལོན་དགོས་པའང་བརྗེད་གཏན་ནས་མི་རུང་། དེ་ནི་ཕུ་བོས་ཁྱེད་ཅག་ལ་བགྲོས་པའི་སེམས་གཏམ་དང་པོ་ཡིན།

  རང་རྟོན།

  ནུ་མོ་ཁྱེད་ཅག་གིས་མུ་མཐའ་བྲལ་བའི་འཛམ་གླིང་གི་ལོ་རྒྱུས་ལ་སྤྱན་ཟུང་ཕྱེ་ཙམ་གནོངས་དང་། རླབས་ཆེ་བའི་སྐྱེས་ཆེན་ཚོའི་བཞུད་ལམ་དུ་རང་གིས་ཀྱང་མགོ་བོ་ཁྱོགས་དང་། གྲུབ་འབྲས་དང་རྒྱལ་ཁ་ཡོད་ཚད་ནི་དཀོན་མཆོག་གིས་གནང་བ་མིན་ལ། མ་འབད་ལྷུན་འགྲུབ་ཀྱིས་བྱུང་བ་ཡང་ག་ལ་ཡིན། སྒྱིད་ལུག་པའི་མི་གཤིས་ཀྱིས་ནམ་ཡང་གཟི་བརྗིད་དང་རྒྱལ་ཁའི་གྲུབ་འབྲས་ལ་རེག་མི་ནུས། འཇིག་རྟེན་འདིའི་ཐོག་གི་རླབས་ཆེ་བའི་གྲུབ་འབྲས་དང་ངོམས་ཆོག་པའི་མཛད་རྗེས་ནི་རང་ཉིད་ལ་དོན་གྱིས་གཅེས་པའི་རང་རྟོན་ལས་ཐོབ་པ་ཡིན། རང་རྟོན་མེད་པའི་མི་ལ་ནམ་ཡང་ཕུགས་བསམ་དང་འགྲུབ་འབྲས་ཀྱི་རེ་སྙེག་ཡོད་མི་སྲིད་པས་ཅིས་ཀྱང་རང་རྟོན་གྱི་འདུ་ཤེས་ལ་ལོབ་པར་གྱིས། འཚོ་བའི་འཇིགས་དངངས་དང་མི་གཤིས་ཀྱི་བག་འཁུམ། གཉོམ་ཆུང་གི་རྣམ་འགྱུར་དེ་དག་རང་དམན་གྱི་འདུ་ཤེས་ལས་དལ་གྱིས་འབྱུང་གི་ཡོད་པ་ཤེས་པར་གྱིས། ( ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཡར་སྐུལ་གདམས་ངག་ལས་འདི་ལྟར་གདམས་ཏེ་མི་ཞིག་རང་དམན་གྱི་འཆིང་ཐག་གིས་དམ་གྱིས་སྡོམ་དུས། སློབ་སྦྱོང་དང་འཚོ་བ་ནི་ཉབ་ཉོབ་བམ་བཀག་རྒྱའི་ཀློང་དུ་ཚུད་ཡོད། ) ཅེས་བཤད་ཡོད་པ་ཅི་འདྲའི་བདེན་པ་ཞིག དེར་བརྟེན་ཕ་མས་གནང་བའི་ཚེ་སྲོག་གི་ལང་ཚོ་སྨིན་པོ་དེ་ཡང་སྤོབས་པ་དང་ཡིད་ཆེས་ཀྱིས་གྱེན་དུ་འདེགས་ནུས་པར་གྱིས། རང་རྟོན་དང་སྤོབས་པ་ནི་གཞན་ལ་ཅི་མི་སྙམ་པའི་ཁྱད་གསོད་ཀྱི་རྣམ་འགྱུར་མ་ཡིན་པར་རང་ཉིད་ལ་སྒམ་དཀྱེལ་གྱི་སྒེར་ཚུགས་ཆགས་པའི་མི་གཤིས་ཀྱི་སྙིང་སྟོབས་ཤིག་ཡིན་པར་ཅིས་ཀྱང་ཤེས་དགོས། རང་ཉིད་ལ་ཡིད་ཆེས་དང་སྤོབས་སེམས་ཡོད་པར་གྱིས་ཤིག་ཅེས་པ་ནི་ཕུ་བོའི་སེམས་གཏམ་གཉིས་པ་ཡིན།

  ཀུན་སྤྱོད།

  ཤེས་ཡོན་གྱིས་ཀུན་སྤྱོད་ཀྱི་ཚབ་བྱེད་མི་ནུས་ལ། ཀུན་སྤྱོད་ཀྱིས་ཤེས་རིག་གི་ཚབ་མཚོན་ཐོབ་ཅེས་པའང་བྱུང་རྒྱལ་དུ་སྨྲས་པ་ག་ལ་ཡིན། འདི་འདྲའི་སྐད་ཆ་ནི་ཀྱག་ཀྱོག་གི་ལམ་ཕྲན་དུ་མར་བརྒྱུད་བརྒྱུད་པའི་ཉམས་མྱོང་གི་སྡོམ་ཚིག་གཅིག་ཡིན་པར་འདུག ཀུན་སྤྱོད་མེད་པའི་ཤེས་ཡོན་ནི་ཆེས་འཇིགས་སུ་རུང་བ་ཞིག་སྟེ། སྨྱོན་པའི་ལག་ཏུ་རལ་གྲི་བཞག་པ་དང་མཚུངས་ཅེས་པའང་བདེན་པའི་སྐད་ཆ་ཡིན། ཁྱེད་ཅག་ལ་ཡོད་དགོས་པ་ཤེས་ཡོན་ཡིན་ནའང་དེ་བས་ཀྱང་གལ་ཆེ་བ་ནི་ཡིད་དུ་འོང་བའི་ཀུན་སྤྱོད་བཟང་པོ་དེ་ཡིན་པར་སེམས་ལ་ཟུངས། ལུགས་ཀྱི་བསྟན་བཅོས་དག་ལས། ཆེས་མཛེས་པ་ནི་ཕྱིའི་རྣམ་པ་མ་ཡིན་པར་ཀུན་དང་མཐུན་པའི་ཀུན་སྤྱོད་བཟང་པོ་དེ་ཡིན་པར་ཡང་དང་བསྐྱར་དུ་གསུངས་ཡོད། དེ་ཡང་ཅི་འདྲའི་བདེན་པ་ཞིག སྐྱི་ལྤགས་མཛེས་པའི་མིའི་ཉེ་འཁོར་དུ་མཛེས་སྡུག་གི་འཚོ་བ་ཡོད་པའི་ངེས་པ་མེད་མོད། ཀུན་སྤྱོད་བཟང་བའི་མིའི་ཁོར་ཡུག་ཏུ་ནམ་ཡང་བྱམས་བརྩེ་དང་དྲང་བདེན་གྱིས་ཕྱུག་པའི་ལྷིང་འཇགས་ཀྱི་འཚོ་བ་ཞིག་ཅིས་ཀྱང་ཡོད་ངེས། འཚོ་བ་དེ་ནི་རིན་གྱིས་ཉོ་བར་མི་ནུས་ལ་བཙན་གྱིས་འཕྲོག་པའང་ག་ལ་ནུས། ཡིད་དུ་འོང་བའི་སྤྱོད་པ་བཟང་པོ་ཁོ་ན་ལས་བྱུང་བ་ཞིག་ཡིན་པ་ལྷོད་ཀྱིས་འདང་ཕོབ་པར་གྱིས། འོ་ན་སྤྱོད་པ་བཟང་པོ་ཟེར་བ་གང་ལ་གོའམ་ཞེ་ན། དགེ་རྒན་ལ་གུས་ཤིང་། སློབ་གྲོགས་ལ་བརྩེ་བ། ཕ་མ་ལ་བྱམས་ཤིང་། གཉེན་ཉེ་ལ་དུང་བ། སྤྱི་ཚོགས་ཀྱི་སྲོལ་བཟང་དག་ལ་ལག་ལེན་ཅི་ཐོབ་ཏུ་འབད་པ། རྒན་བཀུར་ཆུང་བྱམས་ཀྱི་བསམ་སྤྱོད་གཙང་མ་ཞིག་ཡོད་པ་དེའོ།། འདི་ནི་ཕུ་བོས་ཁྱེད་ཅག་ལ་བཤད་པའི་སྐད་ཆ་གསུམ་པ་ཡིན།

  དད་སེམས།

  སྤྱི་ཚོགས་འདིའི་ཕྱི་ཡི་དངོས་པོའི་དཔལ་ཡོན་ཉིན་རེ་བཞིན་ཡར་རྒྱས་སུ་འགྲོ་བཞིན་མཆིས། འོན་ཀྱང་མིའི་སེམས་ཀྱི་བདེ་སྐྱིད་ཀྱི་དན་གྲངས་དེ་ལྟར་རྒྱས་བཞིན་ཡོད་དམ། འོ་ན་འགྲོ་བ་མི་དང་སྐྱེ་ལྡན་སྲོག་ཆགས་ཀུན་བྲེལ་ཟིང་ཟིང་ངང་གཅིག་འབད་ཀྱིན་ཡོད་པ་ཡང་ཅི་ཡི་ཆེད་དུ་ཡིན་ཟེར་ན། ལ་ལ་རྒྱུ་འབྱོར་གྱི་ཆེད་དང་། ལ་ལ་གྲགས་པ་ཡི་ཆེད། ཡང་འགའ་ཞིག་ཁ་ཟས་དང་ཐོབ་ཐང་གི་ཆེད་དུ་སོགས་མདོར་ན་ཡོད་ཚད་ཀྱིས་ཤ་ཐང་ཆད་ཆད་དུ་འབད་པ་ཡང་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པ་ལོས་ཀྱང་ཤེས། དེ་བཞིན་ཁྱེད་ཅག་སློབ་འབྲིང་དང་སློབ་ཆེན་དུ་འགྲིམ་པའང་མཐར་གཏུགས་ན་བདེ་སྐྱིད་ཀྱི་ཆེད་དུ་ཡིན། ནང་བསམ་བློའི་བདེ་སྐྱིད་མེད་པར་ཕྱིའི་དངོས་པོ་ཁོ་ན་ཐོབ་པར་འདོད་པའི་འབད་པས་བདེ་སྐྱིད་འབྱུང་བ་སྲིད་དམ། དེའང་ཤིན་ཏུ་དཀའ་བར་གོ་བར་གྱིས། འོན་ཏང་བདེ་སྐྱིད་ནི་ཕྱིའི་དཔལ་ཡོན་དང་ནང་བསམ་པའི་ནུས་པ་གཉིས་ལ་བརྟེན་པས་ཁྱེད་ཅག་གིས་ཀྱང་ཕྱིའི་དཔལ་ཡོན་གྱི་ཆེད་དུ་ཅིས་ཀྱང་འབད་བརྩོན་དགོས་མོད། ནང་གི་དད་སེམས་ལ་རལ་ཁ་གཏོང་ག་ལ་རུང་། དད་སེམས་མེད་པའི་མི་ཚེ་ལ་བདེ་སྐྱིད་ཀྱི་སྣང་བ་མེད་ཅེས་བརྗོད་དཀའ་ན་ཡང་། དད་སེམས་ཡོད་པའི་མི་ལ་དཀའ་ངལ་དང་འཕྲད་སྐབས་དམིགས་བསལ་གྱི་བྱིན་རླབས་ཤིག་ཡོད་པ་ཅིས་ཀྱང་མ་བརྗེད། རང་ཅག་ནི་ཤེས་རབ་དང་སྙིང་རྗེའི་རང་གཟུགས་ལ་སྐྱབས་སུ་བསྙེན་པའི་མི་རིགས་ཤིག་ཡིན་པས་ནང་སེམས་ཀྱི་གཏིང་རུམ་ནས་བྱིན་ཆགས་པའི་ལྷ་དེ་དག་ལ་གསོལ་འདེབས་དང་སྐྱབས་འཇུག་གི་ཆོ་གའང་བརྗེད་ག་ལ་རུང་། དཀོན་མཆོག་རྣམ་པ་གསུམ་ལ་སྐྱབས་སུ་བསྙེན་པའི་འདུ་ཤེས་གཙང་མ་ཞིག་ཡོད་དུ་ཆུག་དང་ཁྱེད་ཅག་མི་ཚེ་ལ་བདེ་སྐྱིད་དང་དྲོད་ཁོལ་ལྷག་མ་ཞིག་ཡོད་པ་ཕུ་བོས་ཅིས་ཀྱང་སྨྲ་སྤོབས། ད་དུང་བཤད་འདོད་པ་ཞིག་ལ། དད་པ་ནི་ཆོས་ལུགས་ཀྱི་སྲོལ་རྒྱུན་ཙམ་མ་ཡིན་པར་ནང་སེམས་མཛེས་སྡུག་ཏུ་འཁྲིད་པའི་སེམས་ཀྱི་རྒྱགས་ཕྱེ་ཡིན་པར་ཤེས་པར་གྱིས། དད་པ་ལའང་སྣ་ཚོགས་པ་མཆིས་མོད། ཤེས་རབ་ཀྱིས་བརླན་པའི་དད་པའི་ས་བོན་ནི་བདེ་སྐྱིད་ཀྱི་མྱུ་གུ་འབུས་པའི་ས་བོན་གྲུང་པོ་ཡིན་པ་ངོས་ཟིན་པར་གྱིས། དད་པའི་སྐོར་ནས་བརྗོད་དགོས་པ་མང་དུ་མཆིས་ཀྱང་ཁྱེད་ཅག་གི་མི་ཚེ་ལ་དད་པ་དང་སྙིང་རྗེ་མེད་དུ་མི་རུང་བར་ཤེས་པར་གྱིས་དང་རྗེས་སོར་གོ་སྐབས་རེ་ཡོད་ན་ཕུ་བོས་ཁྱེད་ཅག་ལ་དད་པའི་སྐོར་ནས་རིམ་བཞིན་བགྲོ་བར་བྱ་ཞེས་པ་སེམས་གཏམ་བཞི་པ་ཡིན།

  གྲོགས་པོ།

  དེ་ཡང་ཨའེ་དབྱིན་སི་ཐན་གྱིས། “འཇིག་རྟེན་སྟེང་བདེ་སྐྱིད་ཆེ་ཤོས་ནི་ལྷག་བསམ་དང་བློ་རིག་གསལ་བའི་གྲོགས་མཆོག་འགའ་ཞིག་ཡོད་པ་དེ་ཡིན”ཞེས་བཤད་པ་ལྟར། མི་ཞིག་གི་མི་ཚེར་གྲོགས་པོ་ལས་བགོས་པའི་ཤན་ཞུགས་ནི་མི་དེའི་གོམས་གཤིས་ཀྱི་བརྒྱ་ཆ་ཕྱེད་ལྷག་ཡིན་པར་སྨྲ་བཞིན་པ་བདེན་པ་ཡིན། རང་ཅག་གི་ཁ་དཔེ་ལའང་། མཆོད་རྟེན་དང་འགྲོགས་ན་དཀར་པོ། རྫ་མ་དང་འགྲོགས་ན་ནག་པོ་ཞེས་པ་ལྟར། གྲོགས་པོ་བཟང་ངན་གྱིས་མི་ཚེ་ལ་འགྱུར་བ་བཟང་ངན་དུ་འགྲོ་བ་ནི་མཐོང་ཆོས་མངོན་གྱུར་ལགས་པས་གྲོགས་བཟང་པོ་རེ་བསྟེན་ཤེས་པར་གྱིས། གྲོགས་པོ་བཟང་པོ་ནི་ཟས་ཁ་དང་འུར་ཁ་ནས་རྙེད་ཡོང་བ་ཞིག་མ་ཡིན་པར་དཀའ་སྡུག་དང་འགྲོགས་འདྲིས་ལས་ཐོབ་ཡོང་བ་ཡིན། སྤྱིར་ད་སྐབས་སློབ་གྲྭའི་ནང་དུ་གྲོགས་པོ་བཟང་པོ་ཤིན་ཏུ་དཀོན་ཞེས་པའང་བདེན་ཤས་ཆེ་མོད། མི་གཤིས་བཟང་པོ་དང་ཀུན་སྤྱོད་ཡག་པོ། ཡར་སྐུལ་གྱི་ལྷག་བསམ་གཙང་མའི་སློབ་མ་ཡང་ཡོད་ངེས་པས་དེ་དག་དང་འགྲོག་ཐོབ་པར་གྱིས། གྲོགས་ངན་པ་ཞེེས་པའང་ཕྱིའི་རྣམ་པ་འཇིགས་སུ་རུང་བ། མི་སྡུག་པའི་རྣམ་པ་ཅན་ཞིག་གཏན་ནས་མ་ཡིན། གལ་ཏེ་དེ་ལྟར་ཡིན་ན་སུས་ཀྱང་འགྲོག་འདྲིས་བྱེད་མི་སྲིད་མོད། ཕྱིའི་རྣམ་པ་འཇམ་ལ་ཡིད་དུ་འཐད་པ། གཡེང་ལ་དགའ་ཞིང་དོན་མེད་ལ་ངང་གིས་འཇུག་པ། བྱ་བ་ངན་པའི་རིགས་ལ་འཇུག་པར་ཐེ་མི་ཚོམ་ཞིང་སློབ་སྦྱོང་ལ་ཞེ་མེར་བ། དེ་དང་འགྲོགས་ན་ཁྱོད་ཀྱང་དོན་མེད་ཀྱི་གཡེང་བའི་ལས་སྤྲོའི་ངན་ཤུགས་ཅན་ཟེར་བས་ངེས་པར་དུ་འགོ་བའི་ནད་བཞིན་སྤང་བར་གྱིས་ཤིག དེང་སྐབས་ལྷག་ཏུ་རྟོག་སད་པ་ཟེར་བའི་འགོས་ནད་ཀྱི་ཐེབས་པའི་ན་གཞོན་མང་པོ་ས་ཁྱབ་རྡོ་ཁྱབ་ཡིན་པས་ཅིས་ཀྱང་གྲོགས་ཀྱི་བཟང་ངན་བཀར་ཤེས་པར་གྱིས། ཁོང་ཚོ་ལ་བོད་ཀྱི་རིག་གནས་ཀྱི་གཏིང་ཟབ་པའི་ཤེས་རབ་ཀྱི་སྤྱན་ཡངས་པོ་དེ་ག་ལ་ཡོད་དེ། བོད་ཀྱི་སྐྱིད་སྡུག་ལ་འགན་ཁུར་བའི་ལྷག་བསམ་གཙང་མ་དེ་ཡང་མེད་པ་འདྲ་བས། མི་རིགས་གཞན་གྱི་འགོས་ནད་ཐེབས་ནས་རང་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཟུར་ཟ་བའི་སྣང་བ་མཐོན་པོ་ཅན་རྐྱང་ཡིན། སྤུན་ཟླའི་ཐོག་ཏུ་ཁོང་ཚོ་སྟག་དང་འབྲོང་ལྟ་བུ་ཟིལ་ར་སྡིག་སྡིག་གི་གོམས་གཤིས་ངན་པ་དེ་ཡོད་པ་ལས་ཡོད་དགོས་ས་ཞིག་ལ་ཁོང་ཚོ་འཇམ་ཐིང་ཐིང་ངང་གབ་ཤེས་པའི་ཞི་མི་དང་གཅིག་མཚུངས་ཡིན། རང་མི་རིགས་ཀྱི་རིག་གཞུང་དང་འཚོ་བ་སོགས་ལ་ཁོང་ཚོས་བཞག་པའི་བྱས་རྗེས་ནི་རི་བོང་མགོ་ཡི་རྭ་ལྟར་ཡིན་མོད། བྱས་པ་ཅན་ཚོ་ལ་སྡིག་རྐྱང་དང་སྡོམ་ཚིག་བཀོད་རྐྱང་ནི་ཁོང་ཅག་གི་སྙིང་སྟོབས་ཡིན་པས་དེ་ཚོའི་རིགས་ལ་གཟབ་ཤེས་པར་གྱིས། ཆོས་དང་རིག་གནས་ལ་ཤུགས་སྣོན་རྒྱག་པའི་སྐྱེས་བུ་ཚོ་ལ་དགག་པ་ཁོ་ན་ལས་ཁོང་ཚོ་རང་ལ་སྒྲུབ་ཕྱོགས་ནས་བྱ་བཟང་ཅི་ཡང་བྱས་པ་མེད་མོད། མགོ་བོ་མཐོ་པོས་ང་རྒྱལ་གྱིས་གནམ་སའི་མི་ཆུད་པའི་ཚོད་དུ་ཡོད་པ་ནི་ཁོང་ཚོའི་མི་གཤིས་ཀྱི་ཞན་ཆ་ཆེས་ཆེ་བ་ཡིན། འདི་ནི་ཕུ་བོས་ཁྱེད་ཅག་ལ་བཤད་པའི་སེམས་གཏམ་ལྔ་པ་ཡིན།

  དཔེ་ཀློག

  བདག་ཅག་གི་སྟོན་པའི་ཞལ་ནས། ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་འཐོབ། ། ཅེས་ཐོས་པའི་ཡོན་ཏན་ཤིན་ཏུ་མང་པོ་བརྗོད་པ་བཞིན་ང་ཚོའི་མི་རིགས་འདིའང་རྩ་བའི་ཆ་ནས་ཐོས་པ་ལ་དགའ་ཞིང་ཡོན་ཏན་ཅན་ལ་བཀུར་བའི་མི་རིགས་ཤིག་ཡིན་པ་ཟུར་མང་པོ་ནས་མཐོང་ཐུབ། དཔེ་ཆ་ཡིས་ཁྱོད་ལ་གྱ་ནོམ་པའི་སེམས་ཀྱི་ལོངས་སྤྱོད་སྟེར་བ་ངེས་ལ། དཔེ་ཆ་ཡིས་ཁྱོད་ལ་འཇིག་རྟེན་གསར་བ་མཐོང་བའི་སྤྱན་བཟང་ཡང་བསྩལ་བར་ངེས། དཔེ་ཆ་ནི་རིན་པོ་ཆེའི་བང་མཛོད་ཡིན་ལ། དཔེ་ཆ་ནི་དགོས་འདོད་ཀྱི་ནོར་བུ་ཡིན་པར་ཅིས་ཀྱང་ཤེས་དགོས། འདས་ཟིན་པའི་རང་ཉིད་དང་འཛམ་གླིང་ཡང་དཔེ་ཆའི་མེ་ལོང་ལས་མཐོང་བར་ནུས་ལ། ད་ལྟ་དོན་ལྡན་དུ་བསྒྱུར་བའང་དཔེ་ཀློག་ལས་རྙེད་ཐོབ། མ་འོངས་པའི་རྨི་ལམ་དང་རེ་བསྙེག་ཡང་དཔེ་ཆ་ལས་མཇལ་ནུས་པས་དཔེ་ཀློག་ནི་ཁྱེད་ཅག་གི་དུས་གསུམ་ཀྱི་ལམ་ཡིག་ཡིན་པས་ཅིས་ཀྱང་དཔེ་ཀློག་གི་གོམས་གཤིས་ལོབ་པར་གྱིས། ཁྱེད་ཅག་ནི་དཔེ་དེབ་ལག་ཏུ་ཐོགས་པའི་ཤེས་ཡོན་པ་ཞིག་ཡིན་པ་ལས་མཛེས་བྱད་གཙིགས་སུ་འཛིན་པའི་སྒེག་ཆོས་ཅན་ཚོ་མ་ཡིན་པར་ཤེས་པར་གྱིས། ཁྱེད་ཅག་ནི་འགན་འཁྲི་ཕྲག་ཏུ་འཁུར་བའི་སྣེ་ཁྲིད་མཁན་ཡིན་པ་ལས་ལག་པ་གྱེན་དུ་གཟེད་པའི་སློང་མོ་བ་མ་ཡིན་པར་ཤེས་པར་གྱིས།

  ཁྱེད་ཅག་ནི་ཤེས་རབ་དོན་དུ་གཉེར་བའི་རིག་གནས་པ་ཡིན་པ་ལས་ཡོང་འབབ་ཉུང་ཙམ་རེའི་ཆོག་ཤེས་པའི་ཞོར་ལས་མཁན་མིན་པའང་ཤེས་པར་གྱིས། ཁྱེད་ཅག་ནི་འཛམ་གླིང་གི་ཉེ་སར་གཅར་ནས་རང་རིགས་ཀྱི་ལ་རྒྱ་སྐྱོང་མཁན་དེ་ཡིན་པ་ལས་ས་ཁུག་ལུང་ཁུག་ཏུ་རྒས་འགྲོ་བའི་ང་ཚོ་ལྟ་བུ་མ་ཡིན་པར་ཤེས་པར་གྱིས། དཔེ་ཀློག་ལ་མ་གོམས་པའི་སློབ་མ་ཟེར་བ་ནི་ཡོད་མི་སྲིད་ལ། གལ་ཏེ་མིང་དུ་ཐོགས་ཀྱང་སློབ་གཉེར་པ་མིན་པའང་ཏན་ཏན་ཡིན། གཞུང་ཞབས་ཀྱི་ལས་ཀར་བརྟོད་ཕུར་བཞིན་མི་འདོགས་པར་རང་ཉིད་ལ་ཡོད་པའི་ལྷན་སྐྱེས་ཀྱི་མཚར་སྡུག་དག་ཅིས་ཀྱང་མངོན་ཐུབ་པར་གྱིས། དོན་གྱིས་བཤད་ན་སློབ་སྦྱོང་ནི་སྒོར་མོའི་ཆེད་དུ་མ་ཡིན་ལ། སྒོར་མོས་ཀྱང་ཤེས་རབ་ཉོ་ཐུབ་པར་མིན། སློབ་སྦྱོང་ནི་རང་ཉིད་ཀྱི་ཆེད་དུ་ཡིན་ལ། སློབ་སྦྱོང་ནི་ཤེས་རབ་ཀྱི་ཆེད་དུ་ཡིན། སློབ་སྦྱོང་ནི་ངོ་མཚར་བའི་མ་འོངས་པའི་མཛེས་སྡུག་གི་ཆེད་དུ་ཡིན་ལ། སློབ་སྦྱོང་ནི་དོན་ངོ་མའི་རང་ཉིད་མངོན་གྱུར་གྱི་ཆེད་དུ་ཡིན་པ་ཅིས་ཀྱང་མི་བརྗེད་རོགས། ཁྱེད་ཅག་གིས་ཚིག་འབྲུ་འདི་དག་གི་སྙིང་དོན་ངོས་མི་ཟིན་པ་སྲིད་ཀྱང་། གཤམ་གྱི་དཔེ་དེབ་འདི་དག་དལ་གྱིས་རོལ་མྱོང་གྱིས་དང་། ཕུ་བོའི་བཤད་པའི་སྐད་ཆའི་གཏིང་ཡང་མཐོང་བར་ངེས། དེ་ཡང་། ཝེ་ཞུའུ་ཡེའུ་ཡིས་རྩོམ་སྒྲིག་བྱས་ཤིང་རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར་བའི་< ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ་> ཞེས་པའི་དཔེ་དེབ་ཏུ་དོན་དམ་པའི་སློབ་ཆེན་སློབ་མ་ཞིག་གི་བསམ་བློའི་དཔལ་ཡོན་དང་ལག་ལེན་དོན་འཁྱོལ་གྱི་མན་ངག་མང་པོ་རིན་པོ་ཆེའི་མགུལ་རྒྱན་བཞིན་བསྟར་ལ་བརྒྱུས་ཡོད་པའི་སྙིང་ཉེ་བའི་ཁྱེད་ཅག་གིས་ཅིས་ཀྱང་འདོགས་རྒྱུ་མ་བརྗེད།

  ཡང་མཁན་པོ་བསོད་དར་རྒྱས་ཀྱིས་རྒྱ་ཡིག་ཏུ་བརྩམས་ཤིང་ཡ་མ་རྒྱན་མཚན་གྱིས་བོད་ཡིག་ཏུ་བསྒྱུར་བའི་< མནར་གཅོད་ཀྱི་ལང་ཚོ་> ཞེས་པའི་དཔེ་དེབ་ཏུ་ཅི་འདྲ་ཞིག་ལ་བདེ་སྐྱིད་ཟེར་བ་དང་། ཐབས་ཤེས་སྣ་མང་གིས་རང་ཉིད་ཀྱི་ལང་ཚོ་ལ་མནར་གཅོད་མི་གཏོང་བའི་མན་ངག་གི་བདུད་རྩི་འཁྱིལ་ཡོད་པས་ཁྱེད་ཅག་གིས་སེམས་ཀྱི་ཟབ་ས་ལ་ཡང་དུ་བྲན་པར་གྱིས། ཡང་ཏེ་ཨོ་ཁར་ནིས་བརྩམས་ཤིང་འཇུ་སྐལ་བཟང་གིས་བསྒྱུར་བའི་< མི་གཤིས་ཀྱི་གཉོམ་སོ་> ཞེས་པའི་དཔེ་དེབ་ཏུ་རྙོག་འཛིང་ཆེ་བའི་སྤྱི་ཚོགས་སུ་ཇི་ལྟར་མི་གཤིས་བཟང་པོ་ལམ་ལྷོང་ཡོང་བའི་ཐབས་ལམ་དང་། མི་དང་མིའི་བར་གྱི་འབྲེལ་འདྲིས་ཀྱི་རྣམ་པ་སོགས་ཤིན་ཏུ་ཡིད་འགུལ་ཐེབས་པའི་ནོར་གྱི་བང་མཛོད་གཅིག་ཡིན་པས་རང་ཉིད་ལ་སྐལ་བ་ཆད་དུ་མ་འཇུག ཡང་ཧད་ལེཎ་ཁད་ལེར་གྱིས་བརྩམས་ཤིང་། ཕུན་ནོར་གྱིས་བསྒྱུར་བའི་< ངེད་ཀྱི་མི་ཚེའི་གཏམ་རྒྱུད་> ཅེས་པའི་དཔེ་དེབ་ཏུ་སྙིང་རྗེ་བའི་གཏམ་རྒྱུད་སྣ་ཚོགས་ལས་རིན་ཆེ་བའི་གནས་ལུགས་མང་པོ་གསེད་བཀྲོལ་གྱིས་ཡོད་པའི་ཁྱེད་ཅག་གི་མི་ཚེའི་ལའང་ཡིད་དུ་འོང་བའི་གཏམ་རྒྱུད་མང་པོ་འབྲི་ཤེས་པར་གྱིས། ཡང་ཡུ་བལ་ནོ་ཨ་ཧཱ་ར་རཱིས་བརྩམས་ཤིང་མགོན་པོ་དོན་གྲུབ་དང་ཚེ་རིང་སྒྲོལ་མས་བསྒྱུར་བའི་< མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས་> ཅེས་པ་ནི་ཁོ་བོས་བཀླགས་མ་མྱོང་བས་ཆ་རྒྱུས་མེད་མོད། གྲོགས་དཔེ་ཀློག་བ་ཞིག་གིས་ངོ་སྤྲོད་གནང་བྱུང་བས་དེ་ཡང་བཀླག་རྒྱུ་མ་བརྗེད་པར་གནོངས། ཡང་མཁན་པོ་ཤེས་རབ་བཟང་པོའི་རྒྱ་ཡིག་ཏུ་བྲིས་པའི་< 次第花开> ཞེས་པའང་བཀླག་དགོས་ངེས་ཡིན་འདུག ད་དུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱ་ཡིག་ཏུ་གསར་དུ་བྲིས་པའི་<幸福从心开始> ཞེས་པའི་དེབ་འདིའང་གསར་ཐོན་གྱི་དཔེ་དེབ་ལེགས་ཤོས་གྲས་ཡིན་འདུག་པས་ཁོམ་གསེང་གི་དུས་ཚོད་བཀོལ་ནས་ཀློགས་ཤིག སྤྱིར་དཔེ་དེབ་མང་པོ་ཞིག་ཁྱེད་ཅག་ལ་མཚམས་སྦྱོར་བ་འདོད་ཀྱང་ཐོག་མར་འདིར་བཤད་པའི་དཔེ་དེབ་བདུན་པོ་དག་ལ་ཞིབ་ཀློག་གྱིས་དང་ད་གཟོད་གཞན་རྣམས་ཀྱང་རིམ་པས་བགྲོ་བར་བྱའོ། ། མདོར་ན་དཔེ་དེབ་བཟང་པོ་ལས་ཐོབ་པའི་ཤེས་རབ་ནི་རིན་པོ་ཆེའི་བང་མཛོད་དུ་འགྲོ་བའི་ལྡེ་མིག་ཡིན་ལ། དཔེ་དེབ་བཟང་པོ་ཀློག་པ་རྒྱུར་གོམས་གཤིས་སུ་གྱུར་བ་ནི་རང་ཉིད་མི་ཚེ་དོན་ལྡན་དུ་གྱུར་བའི་ལས་ཀྱི་བསོད་ནམས་ཡིན། འདི་ནི་ཕུ་བོས་ཁྱེད་ཅག་ལ་བཅོལ་བའི་ཆེས་གལ་ཆེ་བའི་སེམས་གཏམ་དྲུག་པ་ཡིན་པས་མ་བརྗེད་པ་གནང་རོགས།

  མཇུག་མཐར་ཤེས་ཡོན་གྱི་ལང་ཚོ་སྨིན་ཞིང་སྤྱོད་བཟང་གི་མྱུ་གུ་འབུས་པའི་ཁ་གཡང་གིས་སྐད་ཆའི་མཇུག་སྐྱོངས་བར་འདོད་དེ་སྤྱིར་ན་ད་དུང་སྐད་ཡིག་དང་སྲོལ་རྒྱུན། རང་ཚུགས་དང་བདེ་ཐང་སོགས་ནས་མང་དུ་གླེང་བྱ་འདུག་མོད། ཕུ་བོ་ཁོམ་པ་བྱུང་ཚེ་རིམ་བཞིན་ཁྱེད་ཅག་ལ་བགྲོ་བར་འདོད་ཅིང་དེ་ལྟར་ལག་ལེན་དུ་ཐེབས་མིན་ནི་ཁྱེད་ཅག་གི་བསམ་གཞིག་དང་དཔེ་ཀློག་ལ་རག་པས་སོ།།

                                     དྲྭ་མིང་དུ་བྱང་གླིང་བུ་འབོད་པས་ཁྱེད་ཅག་ལ་སྤྲིངས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁྱེད་ཅག་ལ་སྤྲིངས་པ།

2024-09-01 བྱང་གླིང་བུ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།