ཁུ་བྱུག་ལ་སྤྲིངས་པ།

ཨེ་མ་སྤྲོ་བས་བརྟས་པའི་ཁྱོད་ཀྱི་གསུང༌།།
རྣ་བར་སིམ་པས་བདག་སེམས་བདེ་དགས་ཁྱབ།།
ཁུ་བྱུག་ཁྱོད་ཉིད་བྱ་རུ་འབོད་པའམ།།
ཡང་ན་དབྱངས་སྙན་འཕྱོ་བར་སེམས་ན་འོས།།

ང་ཡིས་ནེའུ་གསེང་གཞུང་ན་ངལ་གསོ་དུས།།
ཁྱོད་ཀྱི་བརྩེགས་མར་བྱོས་པའི་སྐད་སྙན་ཐོས།།
དེ་ནི་རི་བོ་གཅིག་གིས་གཅིག་བརྒྱུད་ལྟར།།
སྐབས་རེར་རིང་ལ་སྐབས་རེར་ཧ་ཅང་ཉེ།།

ཉི་འོད་མེ་ཏོག་བཀྲ་བའི་རི་ལུང་ལ།།
གཏད་ནས་སྦྲང་ཆར་སིལ་མའི་གདངས་འགྲོས་ཀྱིས།།
རྨི་ལམ་འཕྲུལ་བའི་ལྗོངས་ཀྱི་དོན་བྱ་རེ།།
ང་ཡི་སྙིང་ལ་བརྣག་ཕྱིར་ལྷོད་ཀྱིས་གྱེར།།

ཨེ་མ་དཔྱིད་ཀྱི་གཅེས་ཕྲུག་བྱ་མ་ཡིན།།
ཁྱོད་ནི་མིག་གིས་གཟུང་བར་མི་རིག་སྟེ།།
ཁྱོད་ནི་དབྱངས་སམ་ཁྱོདནི་གབ་ཚིག་ཅིག།
ང་ཡིས་སྤྲོ་བ་འབུམ་གྱིས་ཁྱོད་རང་བསུ།།

ང་ནི་དེ་དུས་དགེ་ཕྲུག་ཡིན་དུས་སུ།།
ཁྱོད་གསུང་རྣ་བར་འདྲེན་པའི་སྐལ་བཟང་ཤར།།
ཚང་ཚིང་ནགས་དང་ཡངས་བའི་མཁའ་དབྱིངས་སུ།།
འཚོལ་བའི་ངལ་བ་མྱངས་བ་ཐེངས་གཅིག་མིན།།

ཁྱོད་ཉིད་འཚོལ་ཕྱིར་ནགས་དང་སྤང་ལ་འཁྱམས།།
འོན་ཀྱང་ཁྱོད་ནི་མཛེས་པའི་སྙེགས་ཡུལ་ལམ།།
ཡང་ན་དུང་བ་ཞིག་གམ་འདྲི་རྟགས་ཤིག།
མིག་གི་ལོངས་སུ་སྤྱོད་པའི་བསོད་ནམ་བྲལ།།

དེ་ལྟ་ནའང་གསུང་སྐད་མི་ཡལ་བས།།
ཁོ་བོ་སྤང་ལ་བསྙེས་ནས་རྣ་བ་གཏད།།
མཛེས་པའི་ཚིག་ཚོགས་གང་གིས་མཚོན་མིན་པའི།།
དུས་བཟང་ཡང་བསྐྱར་ཤར་བའི་སྣང་བ་སྐྱེས།།

ཨེ་མ་བདེ་དགའ་རྫོགས་པའི་འདབ་ཆགས་ཁྱོད།།
འུ་ཅག་སྤྲོ་འཁྱམ་གཏོང་བའི་སྣང་བ་དེས།།
ལྷ་ཡུལ་མངོན་དུ་ཤར་བའི་འཁྲུལ་བ་སྟེར།།
དེ་ནི་ཁྱོད་ཀྱི་སྙེགས་ཡུལ་མ་ཡིན་ནམ།།
                  ༢༠༠༦. ༡༢. ༧ཉིན་རྒྱ་ཡིག་ནས་བསྒྱུར།

             (གཡག་བུ་དཔལ་རྩལ་གྱིས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བའི་གླེང་སྟེགས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུ་བྱུག་ལ་སྤྲིངས་པ།

2009-02-25 བོ་ཚི་ཧྥ་སོལ། ཀློག་གྲངས། མཆན ཡོད།

ཨེ་མ་སྤྲོ་བས་བརྟས་པའི་ཁྱོད་ཀྱི་གསུང༌།།
རྣ་བར་སིམ་པས་བདག་སེམས་བདེ་དགས་ཁྱབ།།
ཁུ་བྱུག་ཁྱོད་ཉིད་བྱ་རུ་འབོད་པའམ།།
ཡང་ན་དབྱངས་སྙན་འཕྱོ་བར་སེམས་ན་འོས།།

ང་ཡིས་ནེའུ་གསེང་གཞུང་ན་ངལ་གསོ་དུས།།
ཁྱོད་ཀྱི་བརྩེགས་མར་བྱོས་པའི་སྐད་སྙན་ཐོས།།
དེ་ནི་རི་བོ་གཅིག་གིས་གཅིག་བརྒྱུད་ལྟར།།
སྐབས་རེར་རིང་ལ་སྐབས་རེར་ཧ་ཅང་ཉེ།།

ཉི་འོད་མེ་ཏོག་བཀྲ་བའི་རི་ལུང་ལ།།
གཏད་ནས་སྦྲང་ཆར་སིལ་མའི་གདངས་འགྲོས་ཀྱིས།།
རྨི་ལམ་འཕྲུལ་བའི་ལྗོངས་ཀྱི་དོན་བྱ་རེ།།
ང་ཡི་སྙིང་ལ་བརྣག་ཕྱིར་ལྷོད་ཀྱིས་གྱེར།།

ཨེ་མ་དཔྱིད་ཀྱི་གཅེས་ཕྲུག་བྱ་མ་ཡིན།།
ཁྱོད་ནི་མིག་གིས་གཟུང་བར་མི་རིག་སྟེ།།
ཁྱོད་ནི་དབྱངས་སམ་ཁྱོདནི་གབ་ཚིག་ཅིག།
ང་ཡིས་སྤྲོ་བ་འབུམ་གྱིས་ཁྱོད་རང་བསུ།།

ང་ནི་དེ་དུས་དགེ་ཕྲུག་ཡིན་དུས་སུ།།
ཁྱོད་གསུང་རྣ་བར་འདྲེན་པའི་སྐལ་བཟང་ཤར།།
ཚང་ཚིང་ནགས་དང་ཡངས་བའི་མཁའ་དབྱིངས་སུ།།
འཚོལ་བའི་ངལ་བ་མྱངས་བ་ཐེངས་གཅིག་མིན།།

ཁྱོད་ཉིད་འཚོལ་ཕྱིར་ནགས་དང་སྤང་ལ་འཁྱམས།།
འོན་ཀྱང་ཁྱོད་ནི་མཛེས་པའི་སྙེགས་ཡུལ་ལམ།།
ཡང་ན་དུང་བ་ཞིག་གམ་འདྲི་རྟགས་ཤིག།
མིག་གི་ལོངས་སུ་སྤྱོད་པའི་བསོད་ནམ་བྲལ།།

དེ་ལྟ་ནའང་གསུང་སྐད་མི་ཡལ་བས།།
ཁོ་བོ་སྤང་ལ་བསྙེས་ནས་རྣ་བ་གཏད།།
མཛེས་པའི་ཚིག་ཚོགས་གང་གིས་མཚོན་མིན་པའི།།
དུས་བཟང་ཡང་བསྐྱར་ཤར་བའི་སྣང་བ་སྐྱེས།།

ཨེ་མ་བདེ་དགའ་རྫོགས་པའི་འདབ་ཆགས་ཁྱོད།།
འུ་ཅག་སྤྲོ་འཁྱམ་གཏོང་བའི་སྣང་བ་དེས།།
ལྷ་ཡུལ་མངོན་དུ་ཤར་བའི་འཁྲུལ་བ་སྟེར།།
དེ་ནི་ཁྱོད་ཀྱི་སྙེགས་ཡུལ་མ་ཡིན་ནམ།།
                  ༢༠༠༦. ༡༢. ༧ཉིན་རྒྱ་ཡིག་ནས་བསྒྱུར།

             (གཡག་བུ་དཔལ་རྩལ་གྱིས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བའི་གླེང་སྟེགས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།