མེ་འཁོར་གྱི་ཐོག་ནས་འཕྲད་པའི་བུ་མོ།

རླ་སི་ཅིང་པང་དྷི།༼ ཧིན་རྡུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-30

  ང་རང་གཅིག་པུ་འཁོར་ཤག་ཅིག་ཏུ་བསྡད་ནས་མེ་འཁོར་ལོ་ཧྭ་ན་རུ་འབྱོར་ཙ་ན།གཞི་ནས་བུ་མོ་ཞིག་མེ་འཁོར་དུ་འཛེག་བྱུང་།བུ་མོར་སྐྱེལ་མ་བྱེད་མཁན་ཁྱོ་ཤུག་ཟུང་ཡོད་པ་ནི་མོའི་ཕ་མ་ཡིན་པ་འདྲ།དེ་དག་གིས་མོའི་ད་ཐེངས་ཀྱི་འགྲུལ་བཞུད་འདིར་སེམས་ཚེགས་ཆེ་བ་འདུག་སྟེ།བུད་མེད་དེས་བུ་མོར་རྡོག་ཁྲེས་གང་དུ་འཇོག་དགོས་མིན་དང་མགོ་བོ་མེ་འཁོར་གྱི་སྒེའུ་ཁུང་ནས་དབྱུང་མི་རུང་ཚུལ། རྒྱུས་མེད་མི་དང་ཁ་བརྡ་བྱ་མི་རུང་ཚུལ་སོགས་བཅོལ་གདམས་ཞིབ་ཕྲ་བྱས་སོང་།
ང་རང་ལོང་བ་ཡིན་པས་བུ་མོའི་གཟུགས་བྱད་མིག་ཏུ་འཆར་མི་ཐུབ།འོན་ཀྱང་མོའི་ཕྱི་རྟིང་གི་སྒྲ་ལས་མོ་རང་འདྲུད་ལྷམ་ཞིག་གྱོན་ཡོད་པ་མངོན་པར་གསལ།མོའི་སྐད་སྒྲ་ནི་ཅི་འདྲའི་སྙན་ཞིང་འཇེབས་ལ་རྣ་བར་སིམ་པ་ཞིག་རེད།
  "ཁྱོད་རང་ཐ་ལ་ཏིང་དུ་འགྲོའམ"མེ་འཁོར་ཟླ་སྟེགས་ལས་བྲལ་རྗེས་ངས་མོ་ལ་དེ་ལྟར་དྲིས།
  ང་རང་དཀར་ཆ་མི་དོད་པའི་གྲུ་ཁུག་ཞིག་ལ་བསྡད་ཡོད་པས་ཡིན་འདུག་སྟེ།ངའི་སྐད་སྒྲ་ཐོས་མ་ཐག་བུ་མོ་སྐྲག་ནས་དབུགས་ཧར་བའི་སྨྲེ་ངག་ཀྱང་ཤོར་སོང་།དེ་རྗེས་མོས"ངས་འདིར་མི་ཡོད་པ་མ་ཤེས"ཟེར།"རེད་ཡ།དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་རེད།མཐོང་ནུས་མངའ་བའི་མི་ཚོས་རང་གི་ཁ་སྣའི་འགྲམ་གྱི་དངོས་པོ་རྣམས་མི་མཐོང་།ཁོ་ཚོར་མཐོང་བྱ་མང་བའི་རྐྱེན་གྱིས་ཡིན་ཡང་སྲིད།ལྡོག་སྟེ་མཐོང་ནུས་བྲལ་བའི་ལོང་བ་དག་གིས་མིག་དབང་མིན་པའི་དབང་པོ་གཞན་དག་གི་ནུས་པར་རྟེན་ནས་འཆུག་མེད་དུ་རང་གི་ཉེ་འགྲམ་གྱི་དངོས་པོར་དོ་སྣང་བྱ་ཐུབ། ངས་ཀྱང་དང་ཐོག་རང་མ་མཐོང་།འོན་ཀྱང་རང་ནང་དུ་ཡར་འཛུལ་བཞིན་པ་གསལ་པོ་ཐོས་བྱུང"ངས་དེ་ལྟར་བཤད་ནས་སེམས་སུ་མོས་ང་རང་ལོང་བ་ཞིག་ཡིན་པ་རྟོགས་ཡོད་མིན་ཆ་མི་འཚལ་རུང་།ང་རང་གནས་འདིར་འགུལ་མེད་དུ་ཙོག་ཚེ་མོས་ཧ་ལམ་ང་རང་ལོང་བ་ཞིག་ཡིན་པ་རྟོགས་མི་སྲིད་ཀྱང་ངེས་བསམས་བྱུང་།
  "ང་རང་ས་ཧར་ལན་ཕོར་འགྲོ་དགོས། ངའི་སྲུ་མོས་གནས་དེར་ང་བསུ་རུ་ཡོང་སྲིད།ཁྱོད་གང་དུ་འགྲོའམ" ཟེར་བར་ངས་"སྔོན་ལ་ཐ་ལ་ཏིང་དང་དེ་ནས་རྨོ་སོལ་ལི་རུ་འགྲོ་དགོས"སྨྲས།"ཨ་ཙི།ཁྱོད་རང་དངོས་གནས་བསོད་བདེ་ཅན་ཞིག་རེད། ང་ཡང་རྨོ་སོལ་ལི་རུ་སླེབས་ན་འདོད།ང་རང་གནས་དེའི་རི་བོ་ལ་དུང་ཞེན་ཆེ།ལྷག་པར་དུ་ཟླ་བ་བཅུ་པར་ཐོན་སྐབས" "རེད།ཟླ་བ་བཅུ་པ་ནི་དུས་ཚིགས་ཡག་ཤོས་རེད"དེ་ལྟར་ཟེར་བཞིན་ངས་དང་ཐོག་མིག་མ་ཞར་བའི་སྔོན་དུ་གནས་དེར་མཐོང་བའི་རྣམ་པ་ད་ལྟ་ཡང་ཡིད་ལ་གསལ་པོར་འཆར་བཞིན་འདུག "རི་ཀླུང་བྱིབས་ཁེབས་ཀྱི་ཏ་ལི་མེ་ཏོག་ཉི་འོད་འོག་ཏུ་རྣམ་པར་བཞད་ཡོད་ཅིང་ས་སྲོད་ཀྱི་མཚམས་སུ་སླེབས་དུས་མི་རྣམས་མེ་ཕུང་གི་མཐའ་རུ་བསྡད་ནས་པད་ལན་ཏིད་སྦི་རག་ཕྲན་ཙམ་འཐུང་བར་བྱེད།སྐབས་དེར་ཐོན་དུས་འགྲུལ་པ་མང་ཆེ་ལོག་ཟིན། མི་མེད་ལུང་སྟོང་ཞིག་ཏུ་སླེབས་པ་ལྟར་ལམ་འགྲམ་དུ་ཁུ་སིམ་མེར་གནས།"སྐབས་དེར་ངའི་སྐད་ཆས་མོའི་སེམས་བསྒུལ་བ་ཡིན་ནམ་ཡང་ན་མོས་ང་རང་ཤེས་ལྡན་བག་མེད་ཀྱི་སྤྲ་ལག་ཅན་ཞིག་ལ་ངོས་བཟུང་མིན་མི་ཤེས་མོད་མོ་རང་སྨྲ་བ་མེད་པར་ཡུན་ཞིག་བསྡད།གཞུག་ཏུ།ངས་ནོར་འཁྲུལ་ཞིག་སློང་བ་ནི།"ཕྱི་རོལ་གྱི་གནམ་གཤིས་ཅི་འདྲ་རེད"ཅེས་མོ་ལ་དྲིས་པ་དེའོ།དྲི་བ་དེར་མོས་ཧ་ལས་ཧང་སངས་ཕྲན་ཙམ་མི་བྱེད་པར་བསམ་ན་མོས་ང་རང་ལོང་བ་ཞིག་ཡིན་པར་རྟོགས་པ་ཨེ་ཡིན། འོན་ཀྱང་མོའི་གཤམ་གྱི་སྐད་ཆས་ངའི་ཐེ་ཚོམ་གྱི་དྲ་བ་ཡོངས་སུ་ཕྲལ་སོང་།" རང་ཉིད་ཀྱིས་དྲ་མའི་ཕྱི་རོལ་དུ་བལྟས་ན་མི་འགྲིག་གམ"ཕར་ཉན་ན་མོས་ངའི་སྐད་ཆར་རྒྱ་ཡན་སྣང་མེད་དུ་གཏོང་བ་འདྲ།
  ངས་རྐུབ་སྟེགས་སུ་ལོང་ཉུལ་བྱས་རྗེས་བདེ་བླག་ངང་དྲ་མའི་འགྲམ་དུ་འབྱོར།དྲ་མ་ཡངས་པོར་ཕྱེ་ཡོད་པས་ངས་ངོ་གདོང་དྲ་མར་གཏད་ནས་ཕྱི་རོལ་གྱི་ཡུལ་ལྗོངས་སུ་མྱོང་རོལ་བྱེད་པའི་བཟོ་བསྟན། སྐབས་དེར་ངའི་སེམས་སུ་ལམ་འགྲམ་གྱི་གློག་སྡོང་དག་བྱ་འཕུར་བ་བཞིན་རླངས་འཁོར་དང་ལྡོག་ཕྱོགས་སུ་བསྐྱོད་བཞིན་པའི་རྣམ་པ་དེ་འཆར་བར་བྱེད།"ཁྱོད་ཀྱིས་དོ་སྣང་བྱུང་ངམ"ངས་ཉེན་ཁར་མ་འཛེམ་པར་སྨྲས་པར།"ང་ཚོའི་རླངས་འཁོར་མི་འགུལ་བར་ལམ་འགྲམ་གྱི་གློག་སྡོང་འགུལ་བཞིན་ཡོད་པ་འདྲ་འདུག"
  ངས་ངོ་གདོང་དྲ་མ་ལས་གཡོལ་ནས་བུ་མོར་ཁ་ཕྱོགས་པའི་སྐབས་དེར་ངེད་གཉིས་ཀ་སྨྲ་བ་མེད་པར་རེ་ཞིག་ལུས།"ཁྱོད་ཀྱི་ངོ་གདོང་དེ་འདྲའི་སྤྲོ་སྣང་སླ྄ོང་མཁན་ཞིག་རེད"ང་རང་སྔར་བས་སྙིང་སྟོབས་སྐྱེས་པ་འདྲ།འོན་ཀྱང་སྐད་ཆ་འདི་རིགས་ཀྱིས་ནོར་འཁྲུལ་སློང་བ་ཉུང་སྟེ།ངོ་བསྟོད་ལ་མི་དགའ་བའི་བུ་མོ་སུ་ཞིག་ཡོད་ཨང་།མོ་རང་སྤྲོ་སེམས་དོད་པོས་བགད་བྱུང་།དགོད་སྒྲ་དེ་ནི་ཧ་ཅང་སྙན་ཞིང་འཇེབས།"ཁྱོད་ཀྱིས་དེ་ལྟར་སྟོད་ན་ང་རང་ཤིན་ཏུ་དགའ""སུས་ཀྱང་ངའི་ངོ་གདོང་མཛེས་པོ་ཡོད་པར་སྨྲ།དེ་ལ་ང་རང་རྣ་བ་སུན་ནས་ཡོད"མོས་དེ་ལྟར་བཤད་ན་ངས་མོའི་ངོ་གདོང་མཛེས་པར་བགམས་པ་དེ་དོན་ལ་འཁེལ་བ་འདྲ།ངས་མུ་མཐུད་ཚུལ་དང་ལྡན་ཁུལ་གྱིས་བཤད་དོན།"སྤྲོ་སྣང་སློང་མཁན་གྱི་ངོ་གདོང་ཟེར་བ་མཛེས་པར་ཡང་གོ་ཆོག"སྨྲས་པས་"རང་སྨྲ་མཁས་པ་ལ"ཟེར།"འོན་ཀྱང་།རང་མགྱོགས་པོ་རླངས་འཁོར་ལས་འབབ་རན་པས་དེ་ལྟར་ནན་ཏན་བྱ་དོན་ཅི་ཡོད" ངས་གློར་བུར་དུ་དེ་ལྟར་སྨྲས།
  "དཀོན་མཆོག་གིས་མཁྱེན།ད་གཟོད་གཞི་ནས་འབྱོར་སོང་།གལ་ཏེ་ང་རང་གནས་འདིར་མུ་མཐུད་ཆུ་ཚོད་གཉིས་སུམ་ཙོག་དགོས་ཚེ་བཟོད་པར་དཀའ"འོན་ཀྱང་།ངའི་ངོས་ནས་མོའི་སྐད་ཆ་ཐོས་པའི་བསྐལ་བ་ཡོད་ཚེ་མོ་རང་མུ་མཐུད་གནས་འདིར་སྡོད་ཐུབ་ན་འདོད།མོའི་སྐད་སྒྲ་ནི་རི་ལུང་ནས་འབབ་པའི་རྫ་ཆུ་སིལ་མ་ཞིག་དང་འདྲ་བར་སྙན་པ་ལ་ཨང་།གཅིག་བྱས་ན་མོས་རླངས་འཁོར་ནས་བབས་ཟིན་པའི་དེ་མ་ཐག་ནས་ངེད་གཉིས་ཀྱི་དུས་ཐུང་གི་ཐུག་འཕྲད་དེ་བརྗེད་ཟིན་སྲིད་རུང་།ངའི་ངོས་ནས་དོན་དག་འདི་གཤམ་གྱི་འགྲུལ་བཞུད་ཙམ་མ་ཟད་མ་འོངས་པའི་དུས་ཡུན་ངེས་ཅན་ཞིག་ལ་ཡང་བརྗེད་མི་སྲིད།
  འཁོར་དུང་ཡུན་གྱིས་བུས་རྗེས།མེ་འཁོར་རིམ་བཞིན་དལ་བུས་ཁ་བཀག་སོང་།བུ་མོས་རྐུབ་སྟེགས་ལས་ལངས་པནས་རྡོག་ཁྲེས་དག་བསྡུ་གསོག་བྱ་བར་བརྩམས།སྐབས་དེར་ངའི་ངོས་ནས་མོའི་མགོ་སྐྲ་བསྡམས་ཡོད་མེད་དང་ལྷུག་པོར་ཕྲག་གོང་དུ་བསྐྱིལ་ཡོད་མེད་ཡང་ན་པད་སྐྲ་འཕྲེད་དུ་བཞག་ཡོད་མེད་རྟོགས་འདོད་ཅི་འདྲའི་ཆེ"མེ་འཁོར་དལ་བ་དལ་བུས་ཟླ་སྟེགས་སུ་བཅར་བྱུང་།ཕྱི་རོལ་དུ།ཚོང་འབོད་ཀྱི་སྒྲ་གང་སར་སྒྲོག་པར་བྱེད།སྒོ་འགྲམ་དུ།བུད་མེད་ཅིག་གི་སྒྲ་གྲགས་བྱུང་བ་དེ་ནི་བུ་མོའི་སྲུ་མོ་ཡིན་པར་གདོན་མི་ཟ།
"རྗེས་སུ་འཇལ་ཡོང"བུ་མོས་ངའི་འགྲམ་དུ་འགྲེང་ནས་དེ་ལྟར་སྨྲས།མོའི་ལུས་ཐོག་ནས་མཆེད་ཡོང་བའི་ཞིམ་ཆུའི་དྲི་མས་ངའི་སེམས་ཀྱང་སྒུལ་བར་བྱེད། ངས་ལག་པ་བརྐྱངས་ནས་མོའི་སྐྲ་ལ་རེག་འདོད་རུང་མོ་རང་འགྲེང་སའི་གནས་དེར་ཞིམ་ཆུའི་དྲི་ཙམ་ལས་མོ་རང་སྔར་ནས་བདག་དང་གྱེས་ཟིན།
  སྒོ་འགྲམ་དུ་མི་གཉིས་རྡེབ་ཐུག་བྱེད་བཞིན་པ་མངོན་པར་གསལ།རླངས་འཁོར་དུ་འཛུལ་བཞིན་པའི་མི་ཞིག་གིས་ལྡབ་ལྡིབ་ཏུ་"དགོངས་དག"ཅེས་ཤོད།མུ་འཐུད"ཋག"སྒྲ་ཞིག་དང་བསྟུན་ནས་མེ་འཁོར་གྱི་སྒོ་བརྒྱབ་ཟིན།ང་དང་ཕྱི་རོལ་གྱི་འཇིག་རྟེན་དབར་ཅི་ཞིག་གིས་བཀག་ཟིན།
མེ་འཁོར་ཞབས་ཞུ་བའི་ཁ་ཤུའི་སྒྲ་དང་བསྟུན་ནས་མེ་འཁོར་འགུལ་བར་བརྩམས་བྱུང་།
  མེ་འཁོར་རིམ་པས་མྱུར་ནས་མྱུར་བར་བསྐྱོད།འཕུར་སྐྱོད་ལྟ་བུའི་འཁོར་ལོས་གླུ་སྒྲ་ཅི་ཞིག་སྒྲོག་བཞིན་པ་འདྲ།འཁོར་སྒྲོམ་ཡམ་ཡོམ་ཕྲན་ཙམ་བྱེད་བཞིན་"ཁི་ཀྲ་ཁི་ཀྲ"ཞེས་པའི་སྒྲ་འབྱིན།ངས་དྲ་མར་རེག་རེག་བྱས་རྗེས་གདོང་ཕྱི་རོལ་དུ་གཏད་ནས་རྐུབ་སྟེགས་སུ་ཙོག ཕྱི་རོལ་དུ་ཏན་ཏན་ཉི་འོད་ལམ་ལམ་འཆར་ཡོད་སྲིད།འོན་ཀྱང་ངའི་མིག་སྔུན་དུ་སྔར་བཞིན་མུན་པའོ"ད་ལྟ་ང་ལ་འགྲུལ་རོགས་གསར་པ་ཞིག་ཡོད་པས་གཅིག་བྱས་ན་ངའི་ཁ་གཏད་དུ་ཙོག་པའི་འགྲུལ་རོགས་གསར་པ་དེ་དང་ཁ་རྩེད་ཅི་ཞིག་རྩེ་ཆོག
  "དགོངས་པ་མ་ཚོམས། ང་མེ་འཁོར་ལས་བབས་པའི་བུ་མོ་དེ་དང་འདྲ་བར་ཡིད་འཕྲོག་གི་ཆ་ཅི་ཡང་མེད"ཁོས་ང་ལ་དེ་ལྟར་གྲོས་མགོ་བསླངས།
  "བུ་མོ་དེ་ནི་དོན་དང་ལྡན་པ་ཞིག་རེད།འོན་ཀྱང་ངས་མོའི་སྐྲ་བཟོར་དོ་སྣང་མ་བྱས་པས་ཁྱོད་ཀྱིས་མོའི་ཅོ་ཏོའི་རིང་ཐུང་ཅི་འདྲ་ཡིན་མིན་བཤད་ན་འགྲིག་གམ" ངས་དེ་ལྟར་བཤད་པར་ཁོས་གོ་བ་མ་ལོན་པར།" མོ་ལ་ཡིད་དབང་འཕྲོག་པའི་མིག་ཞིག་འདུག་རུང་དེས་མོ་ལ་གོ་ཆོད་ཅི་ཞིག་ཡོད་དམ།མོ་རང་ཡོངས་སུ་ལོང་བ་ཞིག་རེད་འདུག ཁྱོད་ཀྱིས་དོ་སྣང་ཨེ་བྱུང"ཟེར། 

            བསོད་ནམས་རྒྱལ་གྱིས་རྒྱ་ཡིག་ལས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་འཁོར་གྱི་ཐོག་ནས་འཕྲད་པའི་བུ་མོ།

2015-12-30 རླ་སི་ཅིང་པང་དྷི།༼ ཧིན་རྡུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།