འགྲོན་བུ་འཐུ་བའི་མི།

ཨིན་སི་ཐཱེན་ལགས་ཀྱིས“འགྲོ་བ་མིའི་ལོ་རྒྱུས་སྟེང་དངོས་ལུགས་ཀྱི་དངོས་བཤེར་དང་། གྲངས་རིག་གི་གཞུང་ལུགས། འཕྲུལ་ཆས་ཀྱི་གསར་བཏོད་བཅས་ཚན་རིག་སྒྱུ་རྩལ་དུ་གོང་བུར་སྒྲིལ་མཁན་གཅིག་མ་གཏོགས་བྱུང་མ་མྱོང་སྟེ། དེ་ནི་ཉིའུ་ཏུན་ཡིན།”ཞེས་གསུངས་མྱོང་།

ཉིའུ་ཏུན་གྱིས་ཀུན་ལྡན་འགུགས་ཤུགས་ངེས་སྲོལ་གཏན་ལ་ཕབ་ཅིང་། ཆ་ཕྲན་བསགས་ཀྱི་ཤེས་བྱ་གསར་བཏོད་གནང་བར་མ་ཟད། ཁོས་ཐོག་དང་པོར་འོད་ནི་ཁ་དོག་དམར་ལི་སེར་ལྗང་སྔོ་མཐིང་སྨུག་བཅས་སྣ་ཁ་བདུན་གྱིས་གྲུབ་པའི་བསམ་ཚུལ་བརྗོད་པ་རེད། ཁོས་གྲངས་རིག་ཤེས་བྱ་ཚན་རིག་ཁྲོད་དུ་དྲངས་ཏེ། དངོས་ལུགས་དང་རྫས་འགྱུར་གྱི་ཤེས་བྱ་སྔར་བས་ཞིབ་ཚགས་ལྡན་པ་ཞིག་ཏུ་བསྒྱུར། ཉིའུ་ཏུན་གྱི་སྒུལ་ཤུགས་རིག་པའི་ངེས་སྲོལ་ཆེན་པོ་གསུམ་གྱི་ཁྲོད་དུ། གྲངས་རིག་ནི་འཇིག་རྟེན་ཁམས་ཀྱི་འགུལ་སྐྱོད་ཞིབ་བརྗོད་བྱེད་པའི་སྐད་བརྡར་སྤྱད་ཡོད། ཚན་རིག་སྟེང་བླ་ན་མེད་པའི་མཛད་རྗེས་རབ་དང་རིམ་པ་བཞག་པས། ཁོང་ལ“ལོ་རྒྱུས་སྟེང་ཆེས་ཕུལ་དུ་བྱུང་བའི་ཚན་རིག་མཁན་པོ”དང་། “ཉེ་རབས་དངོས་ལུགས་རིག་པའི་མེས་པོ”སོགས་ཀྱི་མཚན་སྙན་ཐོབ་ཡོད།

                                     གཅིག

ཉིའུ་ཏུན་ནི1642ལོའི་ཟླ12པའི་ཚེས25ཉིན་གྱི་ནམ་གུང་གི་དུས་སུ། སྐྱེ་ཟླ་མ་ལོངས་པར་འཁྲུངས་ཤིང་།  ཁོའི་ཕ་མ་གཉིས་ནི་ཡེ་ཤུའི་ཆོས་ལུགས་ལ་མི་ཕྱེད་པའི་དད་པ་རྙེད་པའི་ཆོས་པ་ཡིན། ཉིའུ་ཏུན་མ་སྐྱེས་གོང་གི་ཟླ་གསུམ་གྱི་ཡར་སྔོན་དུ། ཁོའི་ཨ་ཕ་སྐུ་བསྙུན་ནས་ཚེ་ལས་འདས། ཁྱིམ་ཚང་དབུལ་པོ་དབུལ་ནག་ཡིན་པས། ཁོའི་ཨ་མ་ཧ་ནཱ་ཞེས་པས་བློ་ཕམ་ཡིད་སྐྱོ་ངང་དུ་ཤི་མ་གསོན་གྱི་ཕྲུ་གུ་དམར་འབྱར་དེ་པང་ནས། ཡེ་ཤུ་མ་ཤི་ཀཱའི་ལྷའི་དབང་པོར་སྨོན་ལམ་འདིར་ལྟར་བཏབ་པ་སྟེ། “གལ་སྲིད་དམ་པ་གང་ཉིད་ཀྱིས་སྐྱེས་དམན་ང་ཡི་སྡུག་བསྔལ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་། སྐྱེས་དམན་ང་རང་བརྩེ་བས་རྗེས་སུ་བཟུང་སྟེ། བདག་ལ་བུ་ཞིག་བསྩལ་ན་ནི། ངས་ཅི་ནས་ཀྱང་ཁོ་རང་ཚེ་གཅིག་ཉིད་དུ་ཁྱེད་ལ་སྐྱབས་སུ་འཆི་བར་སྐུལ་ངེས་ཡིན།”

ཉིའུ་ཏུན་གྱི་མི་ཚེ་གང་བོར། ཨ་མའི་སྨོན་ལམ་བཏབ་པ་དེས་ཁོའི་རང་གཤིས་ཆགས་པ་དང་ཆོས་དད་སྐྱེས་པའི་ཐད་དུ་ཤུགས་རྐྱེན་གཏིང་ཟབ་པ་ཐེབས། ཁོས་རྒྱུན་པར་རང་གི་ཨ་མའི་སྨོན་ལམ་དེར་བསམ་གཞིག་གཏོང་ཞིང་། ལྷའི་དབང་པོས་ཁོ་ལ་ཚེ་སྲོག་སྩོལ་དོན་ཡང་ངེས་པར་བསྒྲུབ་དགོས་པའི་དོན་དག་འགའ་ཁོ་རང་གི་བགོ་སྐལ་དུ་གནང་ཡོད་པའི་རྐྱེན་ཡིན་པར་སེམས།

1661ལོའི་ཟླ6པར། ཉིའུ་ཏུན་ཅན་ཆའོ་སློབ་གྲྭ་ཆེན་མོར་འགྲིམས། ཁྱིམ་ཚང་ཧ་ཅང་དབུལ་བས། ཨ་མས་གསོག་དངུལ་ཡོད་ཚད་གནང་ཡང་སློབ་ཡོན་སྤྲོད་རྒྱུ་ཙམ་ལས་མི་འདང་སྟེ། འཚོ་བའི་གྲོན་དངུལ་ནི་ངེས་པར་དགེ་རྒན་གྱི་དངོས་བཤེར་ལག་རོགས་པ་བྱས་ཏེ་རེག་ཐབས་བྱ་དགོས། འདི་ལྟར་མ་བསམས་ས་ནས། ཉིའུ་ཏུན་དེ་དུས་ཀྱི་ཁྱད་དུ་འཕགས་པའི་དགེ་རྒན་ཆེན་མོ་དག་གི་ཉེ་དྲུང་འབྱོར་ཐུབ་པ་བྱུང་ཞིང་། དགེ་རྒན་ཆེན་མོ་དེ་དག་གི་ཚེ་གང་བོའི་ཞིབ་འཇུག་གི་ཉིང་བཅུད་རྒྱུན་འཛིན་བྱེད་པའི་གོ་སྐབས་རྙེད། དེའི་ཕྱིར་ཁོ་བོའི་ཚེ་མཇུག་ཏུ་གསུང་གྲགས་ཅན་ཞིག་ཡོད་དེ། “གལ་ཏེ་ངས་གཞན་དག་ལས་རྒྱང་རིང་བོ་ཞིག་མཐོང་ཐུབ་པ་ཡིན་ན། དེ་ནི་ང་རང་མི་བོ་ཆེའི་ཕྲག་པར་འགྲེངས་པས་ཡིན།”

བརྩོན་འགྲུས་ལྡན་པའི་ཉིའུ་ཏུན་གྱིས་ཅན་ཆའོ་སློབ་གྲྭ་ཆེན་མོ་ནས་སློབ་གཉེར་གྱི་ཐོན་ཁུངས་ཅི་ཡང་ཆུད་ཟོས་སུ་མ་བཏང་བར་མ་ཟད། ད་དུང་ཁོ་བོར་ཚེ་གང་བོར་ཕན་ཐོགས་པའི་དགེ་རྒན་དམ་པ་ཉིད་ཀྱང་འཇལ་ཐུབ་པ་བྱུང་། ཧིན་ལི·མོལ་ནི་ཉིའུ་ཏུན་གྱི་ཚན་རིག་ཞིབ་འཇུག་དང་ཆོས་ལུགས་དད་མོས་ལ་བག་ཆགས་ཟབ་མོ་ཐེབས་མྱོང་བའི་དགེ་རྒན་ཞིག་ཡིན། དགེ་རྒན་ཆེན་མོ་མོལ་ལགས་ནི་གྲངས་རིག་མཁས་པ་ཞིག་ཡིན་ལ། ཡེ་ཤུའི་ཆོས་ལུགས་ལ་དད་གུས་ཆེ་བ་ཞིག་ཀྱང་ཡིན། མོལ་ལགས་ཀྱི་ལོ་དུ་མར་དགེ་རྒན་བྱས་པའི་ཉམས་མྱོང་ལས། ཉིའུ་ཏུན་ལ་སློབ་བུ་གཞན་དང་མི་འདྲ་བའི་ཡོན་ཏན་ལྡན་པ་ལམ་སེང་རྟོགས། ཉིའུ་ཏུན་གྱིས་སློབ་སྐབས་གསར་པའི་མགོ་མ་རྩོམ་གོང་དུ། གུང་གསེང་གི་དུས་ཚོད་བེད་སྤྱད་ནས་སློབ་སྐབས་དེར་བསླབ་དགོས་པའི་སློབ་དེབ་ཡོངས་སུ་ཀློག་ཚར་བ་དང་། སློབ་ཁྲིད་དངོས་སུ་ཞུགས་དུས་དེ་ལས་འཕགས་པའི་ཞིབ་འཇུག་སྙན་ཐོ་ཀློག་གི་ཡོད། ཉིའུ་ཏུན་གྱིས་ཀྱང་འདི་ལྟར་བྲིས་མྱོང་སྟེ། “ངས་སློབ་ཁང་དུ་སློབ་ཁྲིད་ལ་ཉན་པའི་སྐབས་སུ། རྣམ་ཀུན་སློབ་ཁྲིད་ལ་གོ་བ་ལོན་ཚད་དེ། བདག་གི་དགེ་རྒན་ལས་ཀྱང་གཏིང་ཟབ་པར་འདུག”   དཔེ་ཆ་ཀློག་ཐབས་དེ་ལྟ་བུ་མངའ་བའི་སློབ་མ་ནི་དགེ་རྒན་དཀྱུས་མ་དག་ལ་མཚོན་ན་ཁྲིད་དཀའ་བ་ཞིག་ཏུ་སྣང་མོད། མོལ་ལགས་ཀྱིས་དེ་ལས་ལྡོག་སྟེ་ཉིའུ་ཏུན་རང་གི་གམ་དུ་བོས་ཏེ། ཁོ་ལ་ནང་དོན་དེ་བས་ཀྱང་གཏིང་ཟབ་པའི་དཔེ་ཆ་འདོན་སྤྲོད་བྱས་པ་མ་ཟད། ཁོང་གིས་ཉར་བའི་དཔེ་དེབ1800ལྷག་ཡོད་པ་དེ་ཉིའུ་ཏུན་གྱིས་ག་དུས་ཡིན་ཡང་ཀློག་ཆོག་པའི་དཔེ་མཛོད་ཁང་ལྟ་བུ་བྱས་པ་རེད། དེ་དང་ཆབས་ཅིག་ཏུ། མོལ་ལགས་ཀྱི་དུས་ཡུན་རིང་བོ་ཞིག་ལ་ཉིའུ་ཏུན་ལ་འཚོ་བའི་འགྲོ་སོང་ཡང་སྦྱིན་མྱོང་།

1664ལོར། ཉིའུ་ཏུན་གྱིས་སློབ་གསེང་སྐབས་སུ་རང་རྐྱ་འཕེར་བར་ཞིབ་འཇུག་བྱེད་མགོ་བརྩམས། ཁོས་ཐོག་མར་གྲུ་གསུམ་ཤེལ་བཀོལ་ནས་འོད་ཀྱི་ཆགས་ཚུལ་ལ་ཞིབ་འཇུག་བྱས་པས། འོད་ཀྱི་འོད་འབྱེད་ལ་དཀྱོག་འཕྲོ་ཕྱོད་མི་འདྲ་བ་ལྡན་པ་རྟོགས། 1665ལོ་ནས1667ལོའི་བར། དབྱིན་ཇུའི་རྒྱལ་ཁབ་ནང་འཇིགས་སུ་རུང་བའི་རིམས་ནད་བྱུང་སྟེ། མི་མང་པོའི་ཚེ་སྲོག་ཤོར། སློབ་གྲྭ་ཆེན་མོ་སོ་སོས་སློབ་ཁྲིད་སྤེལ་མཚམས་བཞག་ཅིང་། རིམས་ནད་རང་ལ་འགོ་བའམ་གཞན་ལ་བསྒོ་བའི་གནས་ཚུལ་སྔོན་འགོག་བྱེད་ཆེད། སྲིད་གཞུང་གིས་མི་ཐམས་ཅད་རང་ཁྱིམ་ནས་ཐག་རིང་དུ་ཕྱིན་མི་ཆོག་པའི་བཀའ་རྒྱ་བསྒྲགས། དུས་སྐབས་དེར། ཉིའུ་ཏུན་གྱིས་མུ་མེད་སྡུར་མཚུངས་རིམ་གྲངས་ཀྱི་འགྲོལ་ཐབས་ལ་བརྟེན་ནས་ཆ་ཕྲན་བསགས་ཀྱི་ཤེས་བྱ་གསར་བཏོད་བྱས་པ་རེད།

རྗེས་སུ་མི་ཞིག་གིས་ཉིའུ་ཏུན་ལ། རླབས་ཆེ་བའི་གསར་བཏོད་འདི་འདྲ་ཞིག་བྱེད་ཐུབ་པའི་རྒྱུ་མཚན་ཅི་ཡིན་དྲིས་པ་ན། ཉིའུ་ཏུན་ན་རེ། “ངས་དུས་དང་རྣམ་པ་ཀུན་ཏུ་བསམ་བློ་གཏོང་བྱའི་བརྗོད་གཞི་དེ་རི་མོ་ཞིག་གི་ཚུལ་དུ་མིག་མདུན་དུ་བཤམས་ཤིང་། ཐིག་རིས་རེ་རེ་བཞིན་ཤ་བཅད་བརྒྱབ་སྟེ་རི་མོའི་སྤྱི་ཁོག་རིམ་གྱིས་འབུར་དུ་ཐོན་པར་བྱས་པ་ཡིན། འདི་ལྟར་བསྒྲུབ་ན་དུས་ཡུན་རིང་པོ་ཞིག་ལ་ཁུ་སིམ་པོར་བསམ་ཞིབ་གནང་དགོས།”

ཉིའུ་ཏུན་གྱིས་ཚན་རིག་ཐད་བསམ་བློ་གཏོང་བ་དེའང་ཁོང་གི་ཆོས་ལུགས་དད་མོས་དང་འབྲེལ་བ་དམ་ཟབ་ཡོད། ཁོས་རྒྱུན་པར་དད་པའི་ཆོས་ལུགས་ཐད་ལ་བསམ་བློ་གཏོང་སྐབས་ཚན་རིག་ཡིད་ལ་འཆར་བ་དང་། ཚན་རིག་ཐད་ལ་བསམ་བློ་གཏོང་སྐབས་རང་གི་དད་པའི་ཆོས་ལུགས་ཡིད་ལ་འཆར་གྱི་ཡོད། 1666ལོ་ནས་བཟུང་། ཁོས་སའི་གོ་ལ་འཁོར་ལམ་དུ་འཁོར་སྐྱོད་བྱེད་སྟངས་ཐད་ལ་བསམ་བློ་གཏོང་མགོ་བརྩམས་པ་དང་། འཁོར་སྐྱོད་བྱེད་སྐབས་ཀྱི་ལྗིད་ཤུགས་དང་ལྟེ་ཕྲལ་ཤུགས་ཀྱི་འབྲེལ་བ་རྩིས་བརྒྱབ། 1669ལོར། ཁོས་ཟིན་ཐོར་ཀུན་ལྡན་འགུགས་ཤུགས་བཀོད་པ་རེད།

ཉིའུ་ཏུན་གྱིས་གནས་ཚུལ་ག་འདྲ་ཞིག་ཏུ་ཀུན་ལྡན་འགུགས་ཤུགས་གསར་རྟོགས་བྱུང་བ་ཡིན་ཞེ་ན། ཁོའི་གྲོགས་པོ་ཧྲི་ཐཱ་ཁེ་ལི་ན་རེ།  “ཉིའུ་ཏུན་རྒྱུན་དུ་མེ་ཏོག་ལྡུམ་རའི་ནང་འཆམ་འཆམ་དུ་སྐྱོད་པར་གོམས་ཡོད། ཉིན་ཞིག་གི་ཉིན་གུང་སྐབས་སུ་ཁོ་རང་ཕྱིར་ལོག་སྟེ། ང་ལ་ཁོས་ཀུ་ཤུ་ཞིག་སར་ལྷུང་བ་མཐོང་བས། ཀུན་ལྡན་འགུགས་ཤུགས་ཡིད་འཆར་ཞེས་བཤད” ཟེར། རྗེས་སུ་ཀུ་ཤུ་ནི་ཉིའུ་ཏུན་གྱིས་ཀུན་ལྡན་འགུགས་ཤུགས་གསར་རྟོགས་བྱུང་བའི་མཚོན་བྱེད་ལྟ་བུར་གྱུར་མོད། དོན་དངོས་སུ་དེ་བས་ཀྱང་གལ་ཆེ་བ་ནི། ཉིའུ་ཏུན་རྣམ་ཀུན་རང་གཅིག་པུ་མེ་ཏོག་ལྡུམ་རར་སོང་ནས་གསོལ་བ་འདེབས་པ་དང་སྒོམ་རྒྱག་པའི་གོམས་གཤིས་ཆགས་ཡོད་པ་དེ་ཡིན། དེའི་རྐྱེན་གྱིས་རྗེས་རབས་པས། “དེང་རབས་ཀྱི་ཚན་རིག་ནི་ཉིའུ་ཏུན་གྱིས་ལྷའི་དབང་བོ་སྒོམ་པ་ལས་བྱུང་བ་ཡིན”ཞེས་བརྗོད།

                      གཉིས།

དེ་དུས་ཚན་རིག་མཁན་པོ་དང་དགེ་རྒན་ཆེན་མོ་མང་ཤས་ཞིག་གིས་ཉིའུ་ཏུན་གྱི་རྨད་དུ་བྱུང་བའི་ཡོན་ཏན་མ་མཐོང་ཞིང་། ཐ་ན་ཁོང་གི་གཞུང་ལུགས་དག་ཀྱང༼གནམ་གཟུགས་སྨྲ་བའི་གཞུང་ལ་འགྲེལ་བཤད་བྱེད་པའི་བརྗོད་བྱ་རྙིང་ནག་ཙམ་ལས་མ་འདས༽ཞེས་ཟུར་ཟའི་ཚིག་གིས་མ་རངས་པའི་རྣམ་འགྱུར་ཅི་ཡང་བསྟན། སྟབས་ལེགས་པ་ཞིག་ལ་སྐབས་དེར་ཁོང་ལ་པེ་རོལ་ལགས་ཀྱིས་རྒྱབ་སྐྱོར་གནང་།

པེ་རོལ་ནི་སྐབས་དེའི་ཡོ་རོབ་གླིང་གི་འོད་རིག་པའི་མཁས་པ་འཇོན་ཤོས་དང་། ཅན་ཆའོ་སློབ་གྲྭ་ཆེན་མོའི་གྲངས་རིག་དང་གནམ་དཔྱད་རིག་པའི་དགེ་རྒན་ཆེན་མོ་གཙུག་གི་ནོར་བུ་ལྟ་བུ་ཡིན། ཁོང་གིས་ཉིའུ་ཏུན་གྱི་གྲངས་རིག་དང་དངོས་ལུགས་རིག་པའི་ལྟ་བར་ཞིབ་མོ་བློ་ཡིས་རིགས་སྒྲུབ་བྱས་མྱོང་ལ། ཁོང་ཡེ་ཤུའི་ཆོས་ལུགས་ལ་དད་པ་ཞིག་ཀྱང་ཡིན། ཁོང་གིས་སྒེར་ཐོག་ནས་ཉིའུ་ཏུན་ལ་འབྲེལ་བ་བཙུགས་པ་དང་། རིག་པའི་ཀློང་རྡོལ་བའི་སློབ་བུ་འདི་ལ་རེ་འདུན་དང་བླང་བྱ་ནན་མོ་བཏོན། པེ་རོལ་གྱིས་ཉིའུ་ཏུན་ལ། “ཡང་བསྐྱར་དངོས་ལུགས་རིག་པའི་ཆེས་རྨང་གཞིར་གྱུར་པའི་ཆ་འཇོག་ནས་མགོ་བརྩམས་ཏེ། ཞིབ་ཚགས་སྒོས་ཆ་འཇོག་རེ་རེ་རིགས་པས་བསྒྲུབ་དགོས་པ་དང་། ཡང་ཡང་དུ་རིགས་སྒྲུབ་བསྐྱར་ཟློས་བགྲང་གིས་མི་ལང་བ་བྱ་དགོས་པ་མ་ཟད། རང་གི་ནུས་སྟོབས་ཡོད་ཚད་དེའི་ཕྱོགས་སུ་བཏང་ནས་དགོས་མེད་ཀྱི་བྱ་བ་ཏིལ་འབྲུ་ཙམ་གྱི་སྟེང་དུའང་ཆུད་ཟོས་མི་གཏོང་བ་བྱ་དགོས།”ཞེས་བླང་བྱ་ནན་མོ་བཏོན།  རྗེས་སུ་པེ་རོལ་ལས་འཕྱུར་ངལ་གསོ་བྱས་པ་དང་། ལོ་ན27ལས་མེད་པའི་ཉིའུ་ཏུན་ཁོང་ལས་གནས་དེར་བསྐོ་བཞག་གནང་སྟེ། ཅན་ཆའོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོར་གྱུར།

ཡིན་ནའང་། ཅན་ཆའོ་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ལས་གནས་དེ་རུ་ཉིའུ་ཏུན་ལ་དག་པའི་ཞིང་ཁམས་ཤིག་བསྐྲུན་མ་བཏུབ། སྐབས་དེར་པེ་རོལ་གྱི་ལས་གནས་ལ་འགྲམ་ཆུ་ལྡང་མཁན་ཤིན་ཏུ་མང་བས། ཉིའུ་ཏུན་གྱིས་ལས་གནས་དེ་ཁུར་དུ་བཞེས་པའི་མོད་ལ། རིག་གཞུང་ཐད་ནས་རང་དབང་དང་རང་རྐྱ་འཕེར་བ་ཡིན་པར་བསྙད་པའི་སློབ་གྲྭ་ཆེན་མོའི་ནང་གི་ཕྱོགས་ཁག་མི་འདྲ་བའི་བར་གྱི་རྩོད་པ་དང་། མི་དོན་ཐོག་ནས་ཕྱོགས་འཐེན་བྱེད་པའི་གནས་ཚུལ་དག་ཁོ་བོས་ལམ་སེང་ཚོར་བྱུང་། ལྷིང་འཇགས་སྒོས་བསམ་བློ་གཏོང་རྒྱུར་དགའ་ཞིང་འབྲེལ་འདྲིས་བྱེད་པ་མི་དགའ་བའི་ཉིའུ་ཏུན་ཁོ་ཅག་གིས་ཟུར་འབུད་བྱས་པས། དབང་ཤེད་ཅན་གྱི་ཚོགས་སྐོར་དེའི་ཕྱི་རོལ་དུ་ཕུད་པའི་མི་རྩིས་མེད་ཅིག་ཏུ་གྱུར།

ཉིའུ་ཏུན་གྱི་གྲོགས་པོ་ཝེ་ཁེ་ཅིན་སི་བྱ་བས“ཉིའུ་ཏུན་ནི་སྔར་བས་ཁེར་རྐྱང་དུ་ལུས་ཤིང་ཁ་གྲགས་རྒྱུར་མི་དགའ་བ་ཞིག་ཏུ་གྱུར་ཏེ། ལོ30མ་སོན་པར་དབུ་སྐྲ་ཕྱེད་ཙམ་དཀར་པོ་གྱུར་འདུག”ཅེས་ཟིན་ཐོར་བྲིས་ཡོད།  ཉིའུ་ཏུན་གྱིས་བློ་ཐག་རྦད་ཆོད་སྒོས་རྩོད་གཞི་འདྲ་མིན་དེ་དག་ལ་ཁ་ཡ་མི་བྱེད་པར། མི་གཞན་གྱིས་ཁོ་ལ་སྐྱོན་འཛུགས་ཅི་འདྲ་བྱས་ཀྱང་ཁོས་བརྩོན་པ་ཡོད་ཚད་ཚན་རིག་ཞིབ་འཇུག་དང་ཆོས་ལུགས་དད་པའི་སྟེང་དུ་བཏང་བ་རེད།

རིམ་གྱིས་ཁོ་བོའི་སྔ་ན་མེད་པའི་བསམ་བློ་དང་དངོས་བཤེར་གྲུབ་འབྲས་དེ་དག་གཅིག་ཏུ་བསྡུས་པའི་བརྩམས་ཆོས《རྩ་བའི་རིགས་པ》ཞེས་པ་ལེགས་འགྲུབ་བྱུང་། བརྩམས་ཆོས་དེར་ཉིའུ་ཏུན་གྱི་ཚན་རིག་ཐད་ཀྱི་གསར་རྟོགས་འཁོད་ཡོད་པ་མ་ཟད། ཁོའི་འཕྲུལ་ཆས་སྨྲ་བའི་གཞུང་ལུགས་དང་ལྷའི་བར་གྱི་འབྲེལ་བ་དེའང་ཡང་ཡང་དུ་འོར་བཤད་བྱས་ཡོད།

1672ལོར། ཉིའུ་ཏུན་དབྱིན་ཇུའི་གོང་མ་ཚང་གི་རིག་གཞུང་ཚོགས་པ་སྟེ། དབྱིན་ཇུའི་རིམ་པ་ཆེས་མཐོ་བའི་ཚན་རིག་ཞིབ་འཇུག་ཚོགས་པར་ཞུགས། 《རྩ་བའི་རིགས་པ》པར་དུ་བསྐྲུན་པ་དེས། ཡོ་རོབ་གླིང་གི་ཚན་རིག་ཞིབ་འཇུག་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་པས། བསྟོད་བསྔགས་ཀྱི་མེ་ཏོག་དང་དམའ་འབེབས་ཀྱི་མདའ་མོ་གཉིས་ཀ་རྒྱུན་མ་ཆད་པར་ཁོའི་ཐོག་ཏུ་བབས། ཉིའུ་ཏུན་ན་རེ། “གལ་ཏེ་མི་ཞིག་གིས་རང་གི་གཤིས་རྒྱུད་ལ་ཁ་ལོ་སྒྱུར་མ་ཐུབ་ཚེ། གཤིས་རྒྱུད་ཀྱིས་རང་ལ་ཁ་ལོ་སྒྱུར་ངེས་ཡིན”ཟེར། ཉིའུ་ཏུན་གྱི་ཚེ་གང་བོར་ལམ་སྣ་སྟོན་མཁན་ནི། རང་གི་ཆོས་ལུགས་དད་མོས་ཡིན་གྱི་འགྱ་འགྱུ་ཆེ་བའི་གཤིས་རྒྱུད་མིན་ནོ།།

                      གསུམ།

ཉིའུ་ཏུན་གྱིས་ཚན་རིག་ཞིབ་འཇུག་ཐད་ནས་ཕམ་ཁའང་ཉོས་མྱོང་སྟེ། ཁོ་བོས1669ལོ་ནས1691ལོ་བར། ཡུན་རིང་བོར་དངོས་བཤེར་རྫས་འགྱུར་ལ་ཞིབ་འཇུག་བྱས་མོད། དེའི་ཐད་ནས་འབྲས་བུ་ཅི་ཡང་མ་ཐོབ། ཡིན་ནའང “ཉེ་རབས་ཀྱི་རྫས་འགྱུར་རིག་པའི་མེས་པོ”རུ་འབོད་པའི་པའོ་དབྱི་འར་ངོ་ཤེས་ཏེ་མཛའ་འབྲེལ་ཆགས་ཤིང་། ཁོང་གཉིས་ཀྱིས་ལོ་ངོ16རིང་ལ་ཡིག་འགྲུལ་བྱས། ཉིའུ་ཏུན་ལས་ལོ་རྒན་པའི་པའོ་དབྱི་འར་གྱིས་ཞིབ་འཇུག་གི་ཐད་ནས་ཉིའུ་ཏུན་ལ་རོགས་རམ་གནང་བ་མ་ཟད། ཉིའུ་ཏུན་ལ་དམའ་འབེབས་དང་སྐུར་འདེབས་བཟོད་དཀའ་བ་ཐེབས་དུས། ཁོང་ཉིད་ཀྱིས་ཉིའུ་ཏུན་གྱི་དད་འདུན་མི་གཡོ་བའི་མིག་དཔེ་བྱས། ཉིའུ་ཏུན་ནི་ཚན་རིག་པ་ཕུལ་དུ་བྱུང་བ་ཞིག་ཡིན་ནའང་། ཁོ་བོས་རྒྱུན་པར་ཀུན་གྱི་མདུན་ནས་འཛེམ་དོགས་མེད་པར་རང་གི་ཆོས་ལུགས་དད་མོས་སྲོང་བོར་བརྗོད་ཅིང་། མི་གཞན་དང་འབྲེལ་འདྲིས་བྱེད་པར་མི་མཁས་པ་མ་ཟད། རང་གཅིག་པུས་ལྷིང་འཇགས་སྒོས་བྱ་བ་བསྒྲུབ་པར་དགའ་བའི་རང་གཤིས་ལྡན་པས། མངོན་སུམ་གྱི་སྤྱི་ཚོགས་ནི་ཁོ་བོ་ལྟ་བུའི་མི་ལ་མཚམས་རེར་ཧ་ཅང་གདུག་རྩུབ་ཆེ་བ་ཞིག་ཏུ་སྣང་།

ཆོས་ལུགས་ཀྱི་རྗེས་འབྲང་པ་དག་གིས་ཁོ་བོ་ནི་ཚན་རིག་པ་རབ་ཅིག་དང་ཆོས་ལུགས་པ་ཐ་མལ་བ་ཞིག་རེད་ཅེས་དམོད་ཅིང་། ཚན་རིག་གི་རྗེས་འབྲང་པ་ཚོས་ཁོ་བོ་ནི་ཆོས་ལུགས་པ་རབ་ཅིག་དང་ཚན་རིག་པ་ཐ་མལ་བ་ཞིག་རེད་ཅེས་དམོད། ཆབ་སྲིད་ཀྱི་རྗེས་འབྲང་པ་ཚོས་ཁོ་བོ་ནི་ཚན་རིག་དང་ཆོས་ལུགས་དང་འབྲེལ་འདྲིས་གང་ཅིའི་ཆ་ནས་ཀྱང་ཐ་མལ་བ་ཞིག་རེད་ཅེས་དམོད་ཀྱི་ཡོད། མི་ལ་ལ་ཞིག་གིས་ཁོ་བོས་རང་གི་ཨ་མར་བཀུར་བསྟི་ཆེན་པོ་བགྱིས་ཤིང་ཚེ་གང་བོར་གཉེན་སྒྲིག་མ་བྱས་པ་མཐོང་བས། ཁོ་བོས་སེམས་ཁམས་བདེ་ཐང་མི་ཚུལ་སྐུར་འདེབས་བྱས་ཤིང་། དུས་ད་ལྟའང་ཉིའུ་ཏུན་ལ་ཨ་མར་ཆགས་པའི་བརྩེ་འདུན་ཡོད་ཚུལ་བརྗོད་ཀྱི་ཡོད། ཡང་མི་ལ་ལ་ཞིག་གིས་ཁོ་བོས་རང་གི་སློབ་བུ་ལ་ཤིན་ཏུ་བྱམས་པ་མཐོང་བས། ཁོ་བོར་མཚན་མཐུན་པར་ཆགས་སེམས་ཡོད་ཚུལ་བརྗོད། དེ་ལ་སོགས་པའི་སྙིང་རྗེ་མེད་པའི་དམའ་འབེབས་དང་སྐུར་འདེབས་མང་པོ་ཞིག་གིས་ཉིའུ་ཏུན་སྨྱོན་པ་ལྟ་བུ་ཞིག་ཏུ་བཏང་སོང་།

1692ལོར། རི་ནའེ་ཝ་ནས་འོངས་པའི་དགེ་རྒན་ཆེན་མོ་པད་ཐི་བྱ་བས་ཉིའུ་ཏུན་ལ་ཁ་རྡུང་དྲག་པོ་བཏང་ཞིང་། ཉིའུ་ཏུན་ལ༼ལོན་ཏུན་གྱི་ལུང་སྟོན་པ༽ཞེས་འབོད་པ་དང་། “ཉིའུ་ཏུན་གྱིས་ཀུན་ལྡན་འགུགས་ཤུགས་ནི་ཆོས་ལུགས་ཀྱི་ཏིང་འཛིན་སྒོམ་པ་ལས་བྱུང་བ་ཡིན་གྱི། ཚན་རིག་ཞིབ་འཇུག་ལས་རྙེད་པ་མིན་པར་བརྗོད། …… ཁོ་བོ་ངེས་པར་གསལ་ཐག་ཆོད་དགོས་ཏེ། གལ་ཏེ་དེ་ནི་ཚན་རིག་ཅིག་ཡིན་ན། ལྷའི་དབང་པོས་འདི་ལྟ་འདི་ལྟར་གསུངས་ཞེས་བརྗོད་མི་རུང་ལ། གལ་ཏེ་དེ་ནི་ལྷའི་དབང་པོར་འབྲེལ་བ་ཡོད་པ་ཞིག་ཡིན་ན། དེ་ཚན་རིག་གི་ཁྱབ་ཁོངས་སུ་ཚུད་པར་མི་རིགས།”ཞེས་བཤད།

པད་ཐི་ཡིས་དེ་ལྟར་འུར་སྒྲོག་བྱས་པ་ན། མི་མང་པོ་སྦྲང་ནག་ཤ་ལ་རུབ་པ་ཅི་བཞིན་བྱུང་བ་དང་། ཉེན་འགོག་དོགས་ཟོན་གྱི་གྲ་སྒྲིག་ཅི་ཡང་མེད་པའི་ཉིའུ་ཏུན་ནི་གོས་མེད་གཅེར་བུར་ཚན་རིག་གི་ཁྲིམས་སར་འཕངས་པ་ལྟར། རྒོལ་ལན་སྤྲོད་པའི་གོ་སྐབས་ཉག་ཙམ་ཡང་མེད་པར་ཉེས་མེད་ཉེས་འགེལ་གྱི་སྐུར་འདེབས་སྣ་ཚོགས་མྱོང་དགོས་པར་གྱུར།།

1693ལོའི་ཟླ9པའི་ཚེས30ཉིན། ཉིའུ་ཏུན་གྱིས། “ང་ནི་ཧ་ཅང་ཡི་མུག་ག་ཆད་ཀྱི་གནས་སུ་ལྷུང་། འདས་པའི་ཟླ་ངོ12ཀྱི་རིང་ལ། ངས་ཉིན་མོར་ཟས་མི་འདོད་ཅིང་། མཚན་མོར་གཉིད་མི་ཁུག  ངའི་སེམས་ཁ་འཁྲུག་པར་གྱུར་ཏེ་བསམ་གཞིག་བྱ་ཐབས་བྲལ།” ཞེས་ཟིན་ཐོར་བྲིས། སྙིང་རྗེ་མེད་པའི་སྐུར་འདེབས་དེ་རིགས་ད་དུང་མུ་མཐུད་དུ་བྱུང་སྟེ། 1694ལོར། ཉིའུ་ཏུན་གྱིས་བུད་མེད་ཅིག་དང་ལོག་གཡེམ་བྱས་ཞེས་ཁག་ངན་སྦིར་སྒྲ་ཅི་ཆེར་བསྒྲོགས། 1695ལོར། ཉིའུ་ཏུན་རིག་པ་རྣལ་དུ་མི་གནས་པ་ལྟ་བུར་གྱུར་ཅིང་། ག་ས་ཀུན་ཏུ་ཉིའུ་ཏུན་ཚེ་འཕོས་པའི་ཀྲོག་གཏམ་ཁྱབ། ཉིའུ་ཏུན་ལྕེ་བརྒྱ་སྤྲུལ་ཀྱང་ལྐུགས་པའི་ངང་ཚུལ་ལས་མ་འདས་ཕྱིར། མི་ཚོགས་དང་རིང་དུ་མི་འབྲལ་ག་མེད་བྱུང་། ཁོ་བོས་ཟིན་ཐོར“སི་པིན་སད་ཀྱི༼ཤུ་པོ་ལའེ་ཡི་བཅའ་ཁྲིམས༽ཞེས་པའི་དཔེ་ཆ་དེ་དཀའ་སྡུག་ཁྲོད་ངའི་ཡིད་སེམས་གསོ་བྱེད་དུ་གྱུར།”ཅེས་བྲིས།

དབྱིན་ཇུའི་གོང་མས་དངོས་སུ། ཉིའུ་ཏུན་ལ་དབྱིན་ཇུའི་གོང་མ་ཚང་གི་རིག་གཞུང་ཚོགས་པའི་ཚོགས་གཙོའི་ཆོ་ལོ་བསྩལ་རྗེས། དམའ་འབེབས་དང་སྐུར་འདེབས་དེ་དག་གློ་བུར་ཞི་འཇགས་སུ་སོང་།

ཉིའུ་ཏུན་གྱིས་དེའི་རྗེས་ཀྱི་ལོ་ངོ་བཅུ་ཕྲག་འགའི་རིང་དུ། རང་ལ་འདས་པའི་ལོ་གཉིས་ཀྱི་ནང་དུ་ཉེས་མེད་སྐུར་འདེབས་ཐེབས་པའི་མྱོང་བ་དེར་བརྟེན་ནས། ཚན་རིག་གི་ཁྱབ་ཁོངས་སུ“གཞུང་དྲང་གི་མ་ལག”འཛུགས་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཁོ་བོ་ཉིད་ནི་ཏག་ཏག་དེའི་མིག་དཔེ་ལེགས་ཤོས་ཡིན་ནོ།།

                     བཞི།

ཉིའུ་ཏུན་གྱི་སྐུ་ཚེ་སྨད་དུ་སྙན་པའི་གྲགས་པ་ཡོ་རོབ་གླིང་དུ་ཁྱབ། ཁོ་བོ་ལོ་ན་བགྲེས་པའི་དུས་སུ་ཆེས་དགའ་མོས་ཡོད་པ་ནི་བྱིས་པ་དག་དང་རྩེད་འཇོ་རོལ་རྒྱུ་དེ་ཡིན། ཉིན་ཞིག ཁོ་བས་རང་གི་སྐུ་ཚར། “མ་འོངས་པ་ན་འཇིག་རྟེན་འདིའི་སྐྱེ་བོ་ཀུན་གྱིས་ང་ལ་ལྟ་ཚུལ་ཅི་འདྲ་ཞིག་འཛིན་པ་ངས་མི་ཤེས། ངས་བལྟས་ན། ང་ནི་མཚོ་ངོགས་སུ་རྩེད་འཇོ་རོལ་བའི་བྱིས་པ་ཞིག་དང་འདྲ་སྟེ། ནམ་ཞིག་སྟེས་དབང་གིས་རྡོ་ཧྲུག་ཟླུམ་པོ་ཞིག་གམ་འགྲོན་བུ་ཡག་པོ་ཞིག་ལག་སོན་བྱུང་བས། དགའ་བ་ཆེན་པོ་འཕེལ། འོན་ཀྱང་ངའི་མདུན་དུ། མ་རྙེད་པར་ལུས་པའི་རྡོ་ཧྲུག་དང་འགྲོན་བུ་ད་དུང་བགྲང་གིས་མི་ལང་བ་ཡོད།” ཅེས་གསུངས།

1727ལོར་ཉིའུ་ཏུན་སྐུ་གཤེགས། ཁོ་བོས་སྐུ་ཚེ་མཇུག་ཏུ། “ཁོར་ཡུག་གང་འདྲ་ཞིག་ཏུ་ལྷུང་ནའང་། ཡེ་ཤུ་མ་ཤི་ཀའི་ཐར་སྒྲོལ་གྱི་བདེན་པ་དང་བླ་མེད་ཀྱི་བཀའ་གསུང་སྟེ། བདག་པས་གཞན་གཅེས་ཞེས་པ་ནམ་ཡང་བརྩི་སྲུང་བྱ་དགོས།”ཞེས་ཉིན་ཐོར་བཀོད་མྱོང་།

                                                           2015.4.14

                                                                                                འབྲུག་བྱམས་ཚེ་རིང་གིས་བསྒྱུར།

                                                                             རྩོམ་སྒྲིག་པ། ལྷ་སྐྱིད།

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྲོན་བུ་འཐུ་བའི་མི།

2016-03-02 ཀྲང་ཝིན་ལེང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།