ཞི་མིན་གྱི་ཨ་ཕ།

མོ་པོ་སང་།༼ ཧྥ་རན་སི ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-04-01

 ཉིན་གུང་ཆུ་ཚོད་12ལ་ཐོན་པའི་ཅོང་བརྡ་བརྒྱབ་ནས་ཅུང་མ་འགོར་བར་སློབ་ཆུང་དེའི་སྒོ་ཆེན་ཕྱེས་པ་དང་།བྱིས་པ་དག་ནི་འཚང་ཁ་ཤིག་ཤིག་དང་སྔུན་གཞུག་རྩད་ནས་སྒོ་ཆེན་གྱི་ཕྱི་ལ་ཞོགས་སོང་བས་ཕལ་ཆེར་རྒྱུན་ལྡན་ལྟར་རང་ཁྱིམ་ལ་ལོག་པར་བྲེལ་བ་དང་འདྲ།འོན་ཀྱང་དེ་རིང་ནི་དེ་ལས་ལྡོག་སྟེ་སློབ་གྲྭའི་སྒོ་ཆེན་དང་ཁ་ཐག་མི་རིང་བ་ཙམ་གྱི་ས་ནས་འདུ་རུབ་བྱས་ཤིང་བརྗོད་གཞི་ཞིག་ལ་ལབ་གླེང་བྱེད་ཀྱིན་མཆིས།དེ་ཡང་སྐྱེས་མ་པུའུ་ལའང་ཞོ་ཐེ་ཡི་བུ་ཆུང་མིང་ལ་ཞི་མིན་ཟེར་བ་དེ་ཉིན་འདིའི་ཞོགས་པར་སློབ་གྲྭ་འདིར་ཐོག་དང་པོར་སློབ་ཞུགས་བྱས་པའི་གནས་ཚུལ་དེ་རེད་འདུག  བྱིས་པ་དེ་དག་གིས་རང་ཁྱིམ་ནས་པུའུ་ལའང་ཞོ་ཐེ་ཞེས་པའི་བུད་མེད་འདིའི་སྐོར་གྱི་གནས་ཚུལ་ཐོས་ཡོད་ཅིང་།མི་ཚང་མས་ཕྱི་ཚུལ་གྱིས་མོ་ལ་གུས་ཉམས་ཡོད་མདོག་སྟོན་རུང་བྱིས་པ་དེ་དག་གི་སྐྱེད་ཡུམ་དུ་གྱུར་པའི་སྐྱེས་མ་དེ་དག་གིས་ལྐོག་ནས་མོའི་གནས་ཚུལ་གླེང་ཐེངས་རེར་སྙིང་རྗེ་དང་ཟུར་ཟ་ཉིས་འདྲེས་ཀྱི་རྣམ་པ་ཞིག་མངོན་པར་བྱེད་པས།བྱིས་པ་དེ་དག་གིས་གནས་ཚུལ་ངོ་མ་མི་ཤེས་ཀྱང་ཕ་མའི་ལབ་གླེང་དེས་བག་ཆགས་བཞག་ཡོད།  

ཞི་མིན་ནི་ཁྱིམ་གྱི་ཕྱི་ལ་སོང་ནས་བྱིས་པ་དེ་དག་དང་མཉམ་དུ་སྡེ་བའི་སྲང་ལམ་དང་ཆུ་འགྲམ་ནས་རྩེད་མོར་རོལ་མྱོང་མེད་པའི་རྐྱེན་གྱིས་བྱིས་པ་དེ་དག་དང་འདྲིས་པོ་མེད་པ་དང་།བྱིས་པ་དེ་དག་ཀྱང་ཁོ་དང་མཉམ་འགྲོགས་མི་བྱེད།

འོན་ཀྱང་ཐེངས་ཤིག་ལ་ལོ་ན14ཅན་གྱི་བྱིས་པ་ཞིག་གིས་གཡོ་ཟོལ་དང་འཕྱ་སྨོད་བྱེད་པའི་ཉམས་ཀྱིས་༼ཁྱོད་ཚོས་ཞི་མིན་ལ་ཨ་ཕ་མེད་པ་དེ་ཨེ་ཤེས་༽ཞེས་བཤད་ཅིང་།  ཁོས་ཤེས་པའི་གནས་ཚུལ་ནི་ད་དུང་དེ་ལས་མི་ཚད་པ་ལྟར་སྣང་།བྱིས་པ་དེ་དག་གིས་སྐད་ཆ་དེ་གོ་མ་ཐག་འཚར་ཉམས་ཀྱིས་གཅིག་གིས་བརྒྱ་ལ་བཤད།བརྒྱ་ཡིས་སྟོང་ལ་བཤད་པས་སྐད་ཅིག་ཉིད་ལ་ཕྱོགས་ག་ས་གར་ཁྱབ་སོང་།བྱིས་པ་དེ་དག་མཉམ་དུ་རུབ་ནས་ལྐོག་ལྐོག་སུད་སུད་ཀྱིས་དོན་དག་དེའི་སྐོར་ལབ་གླེང་བྱེད་བཞིན་པའི་མཚམས་དེར་པུའུ་ལའང་ཞོ་ཐེ་ཡི་བུ་ཆུང་སློབ་གྲྭའི་སྒོ་ཆེན་ནས་མངོན་བྱུང་།ངོ་མདངས་ཉོབ་ཅིང་ལུས་ཕུང་གཙང་ལ་བདེ་མྱུར་གྱིས་ཁེངས་པ།བག་ཚ་བར་དགའ་བ་དང་གུས་ཉམས་ཆེ་བར་སྣང་བའི་བུ་ཆུང་ཞི་མིན་ཟེར་བ་དེ་ནི་ལོ་ན་བདུན་བརྒྱད་ཙམ་ལ་སོན་ཡོད་པ་ཞིག་རེད།སྐོར་དང་སྐོར་བྱས་ནས་ཡོད་པའི་བྱིས་པ་དེ་དག་གིས་ད་དུང་གསལ་ལ་མི་གསལ་བའི་གླེང་མོལ་སྣ་ཚོགས་བྱེད་པ་དང་།ཞེ་སྡང་དང་གདུག་རྩུབ་ཀྱིས་ཁེངས་བའི་མིག་མདའ་དག་ཁོའི་ཕྱོགས་སུ་གཟུར་མེད་དུ་འཕེན་པར་བྱེད།ཁོ་རང་སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་པའི་དུས་མཚམས་སུའང་བྱིས་པ་དེ་དག་དལ་བ་དལ་བུར་ཁོའི་མཐའ་བསྐོར་ནས་འགྲོ་སའི་སྲུབ་ཁ་ཙམ་ཡང་མེད་པར་བྱས་ཤིང་ཁ་སློང་བའི་སྟ་གོན་བྱེད་ཅིང་། སྐབས་དེར།ཁོ་ནི་བྱེའུ་ཕྲུག་གཟེབ་ལ་ཤོར་བ་ལྟར་ཧོན་ཐོར་ཅིང་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཉམ་ཆུང་ངང་ལངས་ནས་འདུག་དགོས་བྱུང་། དབྱེན་དཀྲུགས་སློང་མཁན་གྱི་བྱིས་པ་གཡོ་ཅན་དེས་རང་ཉིད་ཀྱིས་བསྒྲགས་པའི་གནས་ཚུལ་དེ་ལ་འགུག་ཤུགས་འདི་འདྲ་བྱུང་བར་ཡིད་ཚིམ་པ་དང་ཟུར་ཟ་བྱེད་པའི་ཉམས་སྣང་གིས་༼ཨ་རོགས།ཁྱོད་ཀྱི་མིང་ལ་ཅི་ཟེར་༽ཞེས་དྲིས་པ་དང་།ཁོས་༼ཞི་མིན་ཟེར་བ་ཡིན་༽ཅེས་ལན་བཏབ།  

༼ཅི་ཟེར། ཞི་མིན་ཟེར་བ་ཡིན་ནམ་༽

༼ཨིན་ཨིན།ཞི་མིན་ཟེར་བ་ཡིན༽། སྙིང་རྗེ་བའི་བྱིས་པ་དེ་ཡང་དང་བསྐྱར་འདྲི་བྱས་བའི་དྲི་བ་དེར་རྩ་བ་ནས་མགོ་རྨོངས་སོང་།  བྱིས་པ་གཡོ་ཅན་དེས་སླར་ཡང་༼ཁྱོད་ཀྱི་མིང་ལ་ཞི་མིན་ཁོ་ན་མ་གཏོགས་རུས་མེད་པའི་རྒྱུ་མཚན་ཅི་ཡིན༽།   ཁོ་ནི་ངུ་ལ་ཁད་ཅིག་དུ་འགྱུར་བཞིན་༼ངའི་མིང་ལ་ཞི་མིན་ཟེར་བ་ཡིན་༽ཅེས་ཡང་བསྐྱར་ལན་གསུམ་པ་དེ་བཏབ་པར།འུར་ཟིང་སློང་བའི་བྱིས་པ་དེ་དག་ནི་དགོད་ཁ་འཆོར་ཞིང་གཏེ་བོར་གྱུར་བའི་བྱིས་པ་གཡོ་ཅན་དེ་ནི་དེ་ལས་ཀྱང་ཡིད་ཚིམ་ཞིང་སྤྲོ་བ་རྒྱས་པ་ལྟར་༼ཚང་མས་གསལ་བོར་ཤེས་སོང་ངམ།ཁོ་ལ་ཨ་ཕ་མེད་པ་རེད་༽ཅེས་སྐད་གསང་མཐོན་པོས་བསྒྲགས།དར་ཅིག་ལ་འུར་ཟིང་གིས་ཁེངས་པའི་ཁོར་ཡུག་དེ་ཁུ་སུམ་མེར་གྱུར་སོང་།བྱིས་པ་ཞིག་ལ་ཨ་ཕ་མེད་པ་ནི་དངོས་གནས་བློས་མི་དཔོག་པ་ཞིག་རེད་ཨང་།དེ་དག་གི་དྲན་ངོགས་སུ་ཨ་ཕ་མེད་པའི་བྱིས་པ་དེ་མི་མ་ཡིན་པའི་འཇིགས་སུ་རུང་བ་ཞིག་དང་།རང་བྱུང་ཁམས་ཀྱི་ཆོས་ཉིད་དང་འགལ་བ་ཞིག་ཏུ་འདོད་པ་རེད།སྐབས་དེར།བྱིས་པ་དེ་དག་གི་སེམས་སུ་རང་རང་གི་ཨ་མས་པུ་ལའང་ཞོ་ཐེ་ལ་ཡིན་སྣང་གིས་མཐོང་ཆུང་བྱེད་པའི་རྣམ་འགྱུར་དེ་ཁོ་ཚོའི་སེམས་སུའང་དུག་རླངས་བཞིན་དུ་འགོས་སོང་།།

བུ་ཆུང་ཞི་མིན་ལ་མིག་མདུན་གྱི་བརྟན་གཡོ་མཐའ་དག་ཡར་སྐྱོམས་མར་སྐྱོམས་བྱེད་པའི་ཚོར་བ་ཞིག་གིས་བརྒྱལ་འགྲོའང་སྙམ་པ་ཞིག་འཆར་བས་ཉེ་འགྲམ་གྱི་སྡོང་བོ་ཞིག་ལ་བསྙེས་ནས་བསྡད།ཁོའི་ངང་ཚུལ་ནི་སྐྱོབ་ཐབས་མེད་པའི་ཆག་སྒོ་ཞིག་གིས་ཡིད་ཀྱི་དབང་བོ་ཡོངས་སུ་མནན་ཡོད་པ་ལྟར་ངོ་མདོག་ཀྱང་སྐྱ་ཐག་གེར་གྱུར་ཡོད་ལ།རང་ཉིད་ལ་ཨ་ཕ་མེད་པའི་འཇིགས་སུ་རུང་བའི་དོན་དངོས་འདི་ལ་ཕྱི་རྒོལ་དང་དག་སེལ་བྱེད་སྙམ་ཡང་ཁ་ནས་ཚིག་ཏིལ་འབྲུ་ཙམ་ཡང་མ་ཐོན།འཇུག་མཐར་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ངང་༼མིན། ང་ལ་ཡང་ཨ་ཕ་ཞིག་ཡོད་༽ཅེས་སྐད་གསང་མཐོན་པོས་བསྒྲགས་སོང་།བྱིས་པ་གཡོ་ཅན་དེས་༼ཁྱོད་ཀྱི་ཨ་ཕ་གང་ན་ཡོད་༽ཅེས་པར།  ཁོ་ལ་ལན་ཅི་ཡང་ལྡོན་རྒྱུ་མ་བྱུང་ལ་དོན་དངོས་སུ་རང་ཉིད་ལ་ཨ་ཕ་ཡོད་མེད་དེ་ཁོས་ཀྱང་མི་ཤེས།མཐའ་ནས་བསྐོར་བའི་བྱིས་པ་དེ་དག་གིས་ལྟད་མོ་ཆེན་པོ་ཞིག་མཐོང་བ་ནང་བཞིན་གད་མོ་ཆེན་པོ་དགོད་ཅིང་།ཁོ་ཚོ་ནི་བརླང་སྤྱོད་ལ་གོམས་ནས་ཡོད་པས།བྱ་ཚང་གཅིག་གི་བྱེའུ་ཕྲུག་ཡིན་པའི་དབང་དུ་བཏང་རུང་གལ་སྲིད་དེའི་ནང་གི་གཅིག་ལ་རྨས་སྐྱོན་བྱུང་ཙ་ན་གཞན་དེ་ཚོས་མཐའ་གཅིག་དུ་མཐོང་ཆུང་དང་དམའ་འབེབས་བྱེད་སྲིད་ལ། ཐ་ན་འཆི་ལ་ཁད་ཅིག་དུ་བཟོ་སྲིད་དོ།ཞི་མིན་ནི་འཚོ་བར་རེ་བའི་རྟེན་མེད་པ་ལྟར་གྱུར་ཡོད་པའི་སྐབས་དེ་ལ་ཁྱིམ་འཚེས་ཡིན་པའི་རང་ཉིད་དང་འདྲ་བར་ཡུགས་ས་མ་ཞིག་གི་བུ་ཕྲུག་ཅིག་ཡོད་པ་ཞིག་ལ་ཁོས་༼ཁྱོད་ཡང་ང་དང་འདྲ་བར་ཨ་ཕ་མེད་པ་ཡིན་ནམ་༽ཅེས་དྲིས།བྱིས་པ་དེ་མ་དགའ་བའི་ཉམས་ཀྱིས་༼ཁྱོད་ཀྱི་ཁ་ཁ་རོག་སྡོད།ང་ལ་ཨ་ཕ་ཡོད༽།   ༼འོ་ན་ཁྱོད་ཀྱི་ཨ་ཕ་གང་ན་ཡོད༽།  ༼ངའི་ཨ་ཕ་ཤི་སོང་།ཁོ་ད་ལྟ་དུར་ཁུང་ན་ཡོད་༽ཞེས་བྱིས་པ་དེས་གནས་ལུགས་ཡོད་མདོག་མདོག་དང་སྤོབས་པའི་ཉམས་དང་བཅས་ཏེ་སྨྲས་བྱུང་།བྱིས་པ་པྲ་ཚགས་དེ་དག་གིས་དེའི་སྐད་ཆར་ཡིད་ཚིམ་པའི་བརྡ་ལ་གཟེངས་བསྟོད་ཡང་ཡང་བྱེད་ཅིང་། སློབ་གྲོགས་དེའི་ཨ་ཕ་དུར་ཁུང་ན་ཡོད་པས་ཁོ་ཚོ་དང་གྲལ་མཉམ་ཞིང་། ཞི་མིན་ལ་ཨ་ཕ་མེད་པས་ཁོ་ཚོའི་གྲས་སུ་མི་ཐེ་བར་འདོད་ཡོད།འོན་ཀྱང་བྱིས་པ་དེ་དག་གི་ཨ་ཕ་ཕལ་ཆེ་བ་ནི་གདུག་རྩུབ་ཅན་དང་ཆང་རྐྱལ། རྐུན་མ་དང་ཆུང་མར་རྡུང་རྡེག་བྱེད་མཁན་ཏག་ཏག་ཡིན་པས།ད་ཐེངས་ཡང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པར་རློམ་པའི་ཁོ་ཚོས་ཞི་མིན་ལ་ཕུད་རྒྱག་བྱེད་པ་དང་བར་དུ་བཙུར་ནས་གསོད་པའི་སྟ་གོན་ལ་ཆས་གྲབས་བྱེད་ཀྱིན་འདུག   དེའི་ནང་གི་བྱིས་པ་ཞིག་ཞི་མིན་གྱི་ཁ་གཏད་དུ་ལངས་ནས་འཕྱ་སྨྲོད་བྱེད་པའི་ཉམས་འགྱུར་གྱིས་ལྕེ་སྣར་ཞིང་སྐད་གསང་མཐོན་པོའི་ངང་༼ཕ་མེད་ཐན་ལྟས།  ཕ་མེད་ཐན་ལྟས་༽ཞེས་འུར་སྒྲོག་བྱས་པས།ཞི་མིན་འཆོང་ཐེངས་གཅིག་གིས་བྱིས་པ་དེའི་སྐྲ་ནས་བཟུང་ཞིང་ཁུ་ཚུར་དང་རྡོག་པས་བཞུ་གང་ཐུབ་བྱས་པ་མ་ཟད་འགྲམ་པ་ལ་སོ་ཡང་བཏབ་བྱུང་བ་དང་འཐབ་རྩོད་ཐེངས་ཤིག་གི་མགོ་དེ་ལྟར་བསླངས་སོང་།དེ་ནས་ཁོ་དང་བྱིས་པ་དེ་གཉིས་ཀྱི་བར་གཤོལ་ཐུབ་ཙམ་བྱུང་བའི་སྐབས་དེར་ཞི་མིན་ནི་ལྭ་བ་དྲལ་ཞིང་ལུས་ཐོག་ཏུ་རྨས་སྐྱོན་མང་པོ་ཞིག་བཟོས་ཡོད་ལ།བརླ་འཁྱམས་པ་ལྟར་ས་ལ་འགྱེལ་འདུག་པ་ཡིན་མོད་ཀྱང་བྱིས་པ་པྲ་ཚགས་དེ་དག་ནི་ཁོའི་མཐའ་ལ་བསྐོར་ནས་ཐལ་མོ་རྡེབ་པར་བྱེད།  ཞི་མིན་ཡར་ལངས་ཤིང་ཚི་ལེན་ཐོག་གི་ས་རྡུལ་སྤྲུགས་བཞིན་པའི་སྐབས་དེར།ཡང་བྱིས་པ་གཞན་ཞིག་གིས་ཁོ་ལ་༼སོང་ནས་ཁྱོད་ཀྱི་ཨ་ཕ་ལ་ཞུ་གཏུག་རྒྱོབ་༽ཅེས་འུར་རྒྱབ་པས།ཞི་མིན་གྱི་སེམས་བློང་བློང་བོ་ཞིག་དུ་བཏང་སྟེ།ཁོ་ཚོ་ནི་མི་མང་ཞིང་སྟོབས་ཤུགས་ཆེ་བས་གཅར་རྡུང་ཐེངས་ཤིག་མྱོང་སོང་རུང་རྒོལ་ལན་སྤྲོད་ཐབས་ཅི་ཡང་མེད་ལ་རང་ཉིད་ལ་ཨ་ཕ་མེད་པ་ནི་གསལ་རྗེན་དུ་ཕུད་ཡོད་པ་རེད།ཁོ་ནི་རང་ཉིད་ཀྱི་ལ་རྒྱ་དམ་པོར་སྲུང་བའི་བྱིས་པ་ཞིག་ཡིན་པའི་རྐྱེན་གྱིས་མིག་མཐའ་ནས་ཆད་ལ་ཉེ་བའི་མཆི་མའི་དོག་པ་དེ་དག་གཏན་ནས་ལྷུང་དུ་མི་འཇུག་པའི་བཟོད་བསྲན་བྱས་ཀྱང་མཐར་སྐར་ཆ་ཁ་ཤས་ཙམ་ལའང་བསྲན་མ་ཚུགས་པར་ངུ་དངངས་བྱས་ཤིང་ལུས་ཡོངས་སིག་སིག་ཏུ་འདར་བྱུང་།དགྲ་བོའི་འདུ་ཚོགས་དེ་ནི་ཁོའི་ངང་ཚུལ་དེ་ལ་སྤྲོ་སྣང་འཕེལ་ཅིང་ཁོ་ཚོ་ནི་མི་རྒོད་དགའ་བས་མྱོས་བ་ལྟར་མཆོང་ལྡིང་བྱེད་ཅིང་ལག་པ་གཅིག་ལ་གཅིག་སྦྲེལ་གྱིས་ཁོའི་མཐའ་སྐོར་ནས་༼ཕ་མེད་པོ། ཕ་མེད་པོ་༽ཞེས་འུར་ལོང་ཆེན་པོ་བྱས།ཡིན་ནའང་ཞི་མིན་ནི་གློ་བུར་དུ་ངུ་མཚམས་བཞག་ཅིང་།ཁོང་ཁྲོ་གཏིང་ནོན་མི་ཐུབ་པ་ཞིག་ལངས་ཡོད་པས་རྐང་འོག་ཏུ་ཡོད་པའི་རྡེའུ་བཏུས་ནས་བྱིས་པ་པྲ་ཚགས་དེ་དག་གི་ཕྱོགས་སུ་འཕངས་པ་ན། དེའི་ནང་གི་ཁ་ཤས་ལ་རྡེའུ་ཕོག་སོང་བས་འག་ཅོར་བྱེད་བཞིན་བྲོས་པ་དང་།ཞི་མིན་གྱི་རྣམ་འགྱུར་དེ་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ཡོད་པས་བྱིས་པ་དེ་དག་ནི་མགོ་བོ་ལག་པས་སྐྱོར་བཞིན་བྲོས་འགྲོ་ཞིང་དེ་ནི་དཔེར་ན་གནས་ཚུལ་ཛ་དྲག་ལ་གདོང་གཏོད་མཁན་ཞིག་ཐོན་ཚེ་དེ་གཞན་ཚང་མ་ཕྱིར་ནུར་བྱེད་འགྲོ་བ་དང་ཨ་ན་མ་ན་རེད།།

འདུ་རུབ་བྱེད་སའི་གནས་དེ་ན་ཨ་ཕ་མེད་པའི་བུ་ཆུང་ཞི་མིན་ཁོ་ན་ཡོད། ཁོས་དོན་དག་ཅིག་ཡིད་ལ་ཕྱིར་དྲན་བྱས་པའི་དབང་གིས་ཞིང་སའི་ཕྱོགས་སུ་རྒྱུག་ནས་ཕྱིན་ཅིང་ཆུ་ལ་ལྕེབས་པའི་སེམས་ཐག་གློ་བུར་བ་ཞིག་བཅད་།དོན་དག་དེ་ནི་འདི་ལྟ་བུ་ཞིག་སྟེ།གཟའ་འཁོར་གཅིག་གི་སྔོན་ལ།སློང་མོ་བྱས་ནས་འཚོ་བ་རོལ་བའི་སྤྲང་བོ་ཞིག་ལ་སྒོར་མོ་མེད་པས་ཆུ་ལ་ལྕེབས་སོང་།དེའི་བེམ་པོ་ཆུ་ནང་ནས་བཏོན་སྐབས་སུ་བུ་ཆུང་ཞི་མིན་ཡང་གནས་དེར་ཡོད་པ་དང་།ཁོས་ནམ་ཡང་སྤྲང་བོ་དེ་ནི་གཙང་བཙོག་མེད་པ་དང་ཚུགས་ཀ་སྐྱོ་ཞིང་རྣམ་པ་ཡིད་དུ་མི་འོང་པར་འདོད་ཀྱིན་ཡོད།འོན་ཀྱང་ཁོ་ཤི་སོང་བ་དང་བཞིན་རས་སྐྱ་ཐག་གེར་གྱུར་ལ།སྨྲ་ར་རིང་བོ་དེ་ནི་ཆུ་ཡིས་བརླན་པར་བཟོས་ཡོད་ཅིང་མིག་གཉིས་ལྷོད་ཆགས་ཀྱིས་ཕྱེ་ཡོད་པས་ལུས་སེམས་ལ་ངལ་གསོ་ཐོབ་པ་ལྟ་བུར་སྣང་།རྣམ་པ་དེས་ཞི་མིན་ལ་བག་ཆགས་གཏིང་ཟབ་པ་ཞིག་བཞག་ཡོད།བེམ་པོ་དེའི་མཐའ་ནས་སྐོར་བའི་མི་ལ་ལས་༼ད་ནི་ཁོའི་རང་ཉིད་ཀྱི་ཚེ་སྲོག་ལ་རྫོགས་ཚིག་བཀོད་སོང་༽ཟེར་ལ།ཡང་ལ་ལས་༼ད་ནི་ཁོ་ལ་རང་དབང་ཐོབ་པ་རེད་༽ཅེས་བརྗོད་པའི་དྲན་སྣང་དེ་དག་གིས་ཞི་མིན་རང་ཉིད་ཀྱང་དེ་ལྟར་འཆི་བར་བྱའོ་སྙམ་པའི་བསམ་བློ་བྱུང་ཞིང་།ཁོས་རང་ཉིད་ནི་སྤྲང་བོ་དེའི་ལས་དབང་དང་ཁྱད་པར་མི་འདུག་གོ་སྙམ་བྱུང་།འོན་ཀྱང་སྤྲང་བོ་དེ་ལ་སྒོར་མོ་མེད་པ་དང་ཁོ་ལ་ཨ་ཕ་མེད་པ་རེད།

ཁོ་ཆུ་འགྲམ་དུ་སླེབས་པ་དང་རྒྱུག་ཆུ་དྭངས་མོ་དེ་ལ་ཅེར་ནས་བསྡད། ཉ་མོ་ཁ་ཤས་གདའ་རེས་བྱེད་པའི་རྩེད་འཇོར་རོལ་བ་དང་སྐབས་ལ་རེར་ཆུ་ངོས་སུ་དལ་གྱིས་ལྡིང་ནས་ཆུ་ངོགས་ན་ཡར་འཕུར་མར་འཕུར་བྱེད་པའི་སྲིན་བུ་དག་འཛིན་པའི་སྣང་ཚུལ་དེས་ཁོའི་ཡིད་ཀྱི་དབང་བོ་ཡོངས་སུ་འཕྲོག་སོང་ལ།ངུ་མཚམས་བཞག་ནས་ཉ་མོ་དེ་དག་གི་སྲིན་བུ་འཛིན་པའི་ཚུལ་ནི་དངོས་གནས་ལྟད་མོ་ཡོད་པ་ཞིག་རེད་བསམ།དེ་དུས་རླུང་འཚུབ་གཡུགས་མཚམས་འཇོག་པའི་སྐབས་ཡོད་ནའང་དྲག་རླུང་རྒོད་པོ་དེ་ལ་མཚམས་འཛིན་ཅི་ཡང་མེད་པ་འདྲ།དེས་ལྗོན་ཤིང་གི་གཡུ་ལོ་རྡེག་པའི་ཤག་སྒྲ་དེ་ཕྱོགས་ཕྱོགས་སུ་མཆེད་འགྲོ་བ་དེ་མཚུངས་སུ་རང་ཉིད་ལ་ཨ་ཕ་མེད་པ་དང་།ཆུ་ལ་ལྕེབས་པའི་དྲན་ཚུལ་འདིས་ཞི་མིན་གྱི་སེམས་ངོགས་སུ་སྐྱོམས་འགུལ་ཆེན་པོ་ཞིག་བཟོས་པ་མ་ཟད་སྐྱོ་སྡུག་གི་གཏིང་རུམ་ཞིག་ཏུ་ལྷུང་བར་བྱས་སོང་།།

ནམ་མཁའ་གཡའ་དག་ཅིང་ཚ་གདུག་ཆེ་ལ།མཚར་སྡུག་གི་ཉི་འོད་དེ་ཐོགས་རེག་སྤུ་ཙམ་ཡང་མེད་པར་རྩྭ་སའི་ཕང་བར་འཕྲོས་འོངས་བས་དྲོད་སྣང་སྤྱིན་པར་བྱེད་པ་དང་།ཆུ་མོ་ནི་མེ་ལོང་ལྟར་དྭངས་ཤིང་གསལ་བ་ཞིག་རེད།སྐྱོ་གདུང་གི་མིག་ཆུ་ལྷུང་ཚར་བའི་རྗེས་སུ།ཞི་མིན་ནི་དེ་མ་ཐག་སྐྱོ་ངལ་ལས་གྲོལ་བ་ཐོབ་པ་དང་ལུས་སེམས་ཡོངས་ལ་ངལ་དུབ་ཀྱིས་ཁྱབ་ཡོད་པས།དྲོད་ལམ་ལམ་གྱི་རྩྭ་སའི་སྟེང་ནས་བག་ཕེབས་ཀྱིས་གཉིད་སྐྱིད་པོ་ཞིག་ལོག་འདོད་སྐྱེས།སྦལ་བ་ཆུང་ཆུང་ཞིག་ཁོའི་རྐང་འོག་ནས་མཆོང་ལྡིང་བྱེད་བཞིན་འགྲོ་ལ།འཛིན་འདོད་ཀྱང་མ་ཟིན་པས་སྤར་འཛིན་གྱིས་བསྟུད་མར་ཐེངས་གསུམ་ལ་འཛིན་ཐབས་བྱས་ཀྱང་འཛིན་མ་ཐུབ།མཐར་སྦལ་བ་དེའི་རྐང་བ་ནས་ཟིན་ཏེ་བཟུང་བ་དང་ཐེ་བོང་འདྲ་བའི་སྲོག་ཆགས་དེས་འཕག་འཚག་བྱས་ནས་འབྲོ་འདོད་པའི་རྣམ་པ་དེར་ཞི་མིན་དགོད་ཁ་གཏིང་ནས་འཆོར།དེས་ཐོག་མར་རྐང་བ་ནང་དུ་སྐུམ་པ་དང་དེ་ནས་ཤེད་ཀྱིས་ཕྱི་རུ་འཐེན་པ་ན་དེ་ནི་རྒྱུག་པ་ཆུང་ཆུང་རྐང་གཉིས་དང་འདྲ་བར་དྲང་མོ་དྲང་རྐྱང་ཞིག་ཏུ་གྱུར་འགྲོ།གསེར་མདོག་གི་མཐའ་བརྒྱན་པ་ལྟ་བུའི་ཕྲ་ཆུང་ཟུང་ནི་ཟླུམ་ཞིང་འབུར་ཚུགས་སུ་གཏོད་ཡོད་པ་དང་།དེའི་ལག་སུག་གཉིས་ནི་མིའི་དཔུང་བ་དང་འདྲ་བར་མཚམས་མེད་དུ་འགུལ་བར་བྱེད་པའི་སྣང་ཚུལ་འདིས་ཁོ་ལ་ཤིང་མི་ཆུང་ཆུང་ཞིག་གིས་ལུས་རྩལ་འཁྲབ་ཐུབ་པའི་རྩེད་ཆས་ཤིག་དྲན་དུ་བཅུག དེ་ནས་རང་ཁྱིམ་དྲན་བྱུང་བ་དང་ཨ་མ་ཡང་དྲན་པས་སེམས་ལ་སྐྱོ་བ་ཚད་མེད་ཅིག་སྐྱེས་ཤིང་།བཟོད་བསྲན་བྱེད་མ་ཐུབ་པར་པུས་ཚུགས་སུ་ཙོག་ནས་ངུས་ཤིང་ལུས་ཡོངས་སིག་སིག་ཏུ་འདར་བཞིན་གཉིད་ཁར་དཀོན་མཆོག་ལ་གསོལ་བ་འདེབས་པ་ལྟར་བྱས།འོན་ཀྱང་ཁོས་ནི་ངུ་མཚམས་འཇོག་རྒྱུ་ལྟ་ཅི་ཐ་ན་ཇེ་ཐུ་རུ་སོང་ཞིང་རང་ལྕོགས་བྱེད་ཐབས་མེད་པར་གྱུར་ལ། དཀོན་མཆོག་ལ་གསོལ་འདེབས་ཀྱང་བྱེད་མི་ནུས་པར་གྱུར།

ཁོ་མཐའ་གཅིག་ཏུ་ངུས་ནས་འདུག་པ་ལས་ཐབས་གཞན་ཅི་ཡང་མེད།གློ་བུར་ཏུ་ལྗིད་ཏིག་ཏིག་གི་ལག་པ་ཞིག་ཁོའི་ཕྲག་སྟེང་ལ་བབས་ཤིང་སྐད་ངག་རྫིག་པོ་ཞིག་གིས་༼གསར་བུ་ཆུང་ཆུང་ཁྱོད་ལ་ཅི་ཞིག་བྱུང་༽ཞེས་དྲིས་པས།ཁོས་ཁ་ཕྱིར་འཁོར་ནས་བལྟས་མ་ཐག་སྨྲ་ར་ཆུང་ངུ་ཞིག་བཞག་ཡོད་ལ་སྐྲ་ལོ་འཁྱིལ་ཞིང་གནག་པའི་བཟོ་བ་གཟུགས་ཆེན་ཞིག་གིས་ངང་འཇམ་གྱིས་ཁོ་ལ་བལྟས་ནས་བསྡད་ཡོད་པ་མཐོང་བྱུང་།ཁོས་མིག་མཐའ་དང་མགྲིན་པར་མཆི་མས་གང་བཞིན་༼ ཁོ་ཚོས་ང་ལ་གཅར་རྡུང་བྱས། རྒྱུ་མཚན་ནི་ང་ལ་ཨ་ཕ་མེད་པས་ཡིན་ ༽    ༼  ཅི་ཟེར་རམ། མི་ཚང་མར་ཨ་ཕ་ཡོད་ནི་རེད་ ༽ མི་དེས་འཛུམ་མདངས་ཀྱིས་ཁེངས་བཞིན་བརྗོད་པ་དང་། ཞི་མིན་ནི་སྔར་ལྟར་ངུ་བ་དང་དོགས་མི་བདེ་བའི་ངང་ནས་༼ང་་་་་་་ང་་་་ང་ལ་ཨ་ཕ་མེད་༽ཅེས་བཤད་པས། བཟོ་བ་དེའི་ངོ་མདོག་གཟབ་ནན་དུ་གྱུར་ཅིང་ཁོས་མ་གཞི་ཞི་མིན་ནི་པུ་ལའང་ཞོ་ཐེ་ཡི་བུ་ཆུང་ཡིན་པ་ཤེས་སོང་ལ་རང་ཉིད་ཕྱི་ཕྱོགས་ནས་གནས་འདིར་སྤར་ནས་ཅང་འགོར་མེད་རུང་བུད་མེད་དེའི་སྐྱེ་ཁུངས་རགས་ཙམ་ཞིག་གོ་ཐོས་བྱུང་ཡོད།  ༼ཆོག་གི   ད་ཁྱོད་མ་ངུ་། བུ་ཕྲུག་ཁྱོད་ང་དང་འགྲོགས་ནས་ཁྱོད་ཀྱི་ཨ་མ་བཙལ་དུ་འགྲོ་དང་མི་ཞིག་གིས་ཁྱོད་ལ་ཨ་ཕ་ཡོད་དུ་འཇུག་ངེས་ཡིན་༽ཅེས་སེམས་གསོ་བྱས་པ་དང་ཁོ་གཉིས་མཉམ་དུ་བགྲོད་ལམ་ཞིག་བརྒྱུད་ནས་སོང་།མི་ཆེན་དེས་ཞི་མིན་གྱི་ལག་པ་ནས་ཁྲིད་ཅིང་བཞིན་ཡོངས་འཛུམ་གྱིས་བརྟས་ཡོད།ཁོའི་བསམ་པར་པུ་ལའང་ཞོ་ཐེ་ཞེས་པའི་བུད་མེད་དེ་ལ་ངོ་ཤེས་ཤིག་བྱས་ནའང་མི་ཆོག་པ་མེད་པ་དང་། མི་རྣམས་ཀྱིས་བཤད་པ་ལྟར་ན་གཉེན་སྒྲིག་མེད་པའི་ཨ་མ་ཆུང་ཆུང་དེ་ནི་ས་ཆ་འདི་ན་མཐོང་དཀོན་པའི་མཛེས་མ་མིང་གྲགས་ཅན་ཞིག་ཡིན་ཚུལ་གླེང་། དེ་འདྲ་ཞིག་ཡིན་དུ་ཆུག་ཀྱང་མི་ཆེན་དེའི་སེམས་ནང་དུའང་ཐེངས་གཅིག་ལ་ནོར་འཁྲུལ་བཟོས་ཡོད་པའི་བུད་མེད་དེས་ད་རུང་ཡང་ནོར་འཁྲུལ་བཟོ་འོང་ངམ་སྙམ་པའི་རྣམ་རྟོག་ཟོས་ཡོད་།

ཁོ་གཉིས་དཀར་ཞིང་གཙང་ལ་གྲལ་དག་པའི་ཁང་བ་ཆུང་ངུ་ཞིག་གི་སྒོ་མདུན་དུ་ཐོན་འཕྲལ་ཞི་མིན་གྱིས་༼ཨ་མ་༽ཞེས་བོས་མ་ཐག་བུད་མེད་ཅིག་ཁང་བའི་ཕྱི་རུ་བུད་ཡོང་།སྐྱ་ཐག་གེར་གྱུར་བའི་ངོ་མདངས་དང་སྐྱེས་གཟུགས་རིང་བའི་གཞོན་ནུ་མ་དེའི་གདོང་ལ་གཟབ་ནན་གྱིས་ཁེངས་ཤིང་སྒོ་ཁར་འགྲེངས་པའི་རྣམ་པ་དེས་སྐྱེས་པ་དེ་ལ་དགའ་བསུ་མི་བྱེད་པ་འདྲ། མི་ཆེན་ཁོ་ཐེངས་དང་པོར་བུད་མེད་འདིའི་ནོར་འཁྲུལ་བཟོ་སར་ཐོན་པ་ཡིན་པས་དངངས་འཚབ་ཅིག་སྐྱེས་བྱུང་ལ།ལག་པའི་ནང་ཞྭ་མོ་སྣ་ལེབ་ཅན་ཞིག་བཟུང་བ་དང་ངག་ལྡབ་ལྡིབ་ཀྱི་ངང་༼འདི། ལྕམ་མོ་ལགས།  ངས་ཁྱེད་ཀྱི་བུ་ཆུང་སྐྱེལ་ནས་ཡོང་ཡོད། ཁོ་ཆུ་འགྲམ་དུ་ལམ་མ་རྙེད་པར་མགོ་འཁོར་འདུག་པས་་་་་་༽།ཞི་མིན་ནི་ཨ་མའི་པང་དུ་འཐམས་ཤིང་༼ཨ་མ་ལགས། ང་མགོ་འཁོར་བ་མིན་ཡ། ང་ལ་ཨ་ཕ་མེད་པ་དང་ཁོ་ཚོས་ང་ལ་གཅར་རྡུང་བྱས་པས་ཆུ་ལ་ལྕེབས་བསམ་པ་ཡིན་༽ཞེས་ངུ་དངངས་འདྲེས་མའི་སྐད་ཀྱིས་བཤད་པ་ན།  སྐྱེས་མ་དེ་ནི་ངོ་ཚ་ནས་འཁུར་ཚོས་ཀུ་ཤུ་ལྟ་བུར་གྱུར་བ་དང་སྙིང་ལ་ཁབ་གཙགས་པ་ལྟ་བུའི་ཚོར་བ་ཞིག་གིས་མིག་ཆུ་དབང་མེད་དུ་བརྡོལ་བཞིན་སྙིང་གི་བུ་ཆུང་དམ་དུ་འཁྱུད་བྱུང་། སྣང་ཚུལ་འདིས་མི་ཆེན་དེ་ལ་སེམས་འགུལ་ཆེན་པོ་ཞིག་བཟོས་པ་དང་ག་བྱེད་འདི་བྱེད་མི་ཤེས་པར་གྱུར་པའི་སྐབས་དེར་བློ་ཡུལ་ལས་འགོངས་པའི་སྣང་ཚུལ་ཞིག་བྱུང་བ་སྟེ།  ཞི་མིན་གློ་བུར་དུ་མི་ཆེན་གྱི་རྩར་རྒྱུག་ཕྱིན་ནས་༼ཁྱོད་རང་ངའི་ཨ་ཕ་བྱེད་འདོད་དམ་༽ཞེས་དྲིས་བྱུང་བས་པུ་ལའང་ཞོ་ཐེ་ནི་ལག་པ་དང་གར་སྐྱོར་ཞིང་དབུགས་འབྱིན་རྔུབ་ཀྱང་བྱེད་དཀའ་བའི་ཚོད་དུ་གྱུར།  ཞི་མིན་གྱིས་ཡང་བསྐྱར་༼གལ་ཏེ་ཁྱོད་འཐད་པ་མིན་ན་ང་ཡང་བསྐྱར་ཆུ་ལ་ལྕེབས་པར་འགྲོ་རྒྱུ་ཡིན་༽ཞེས་བཤད་པས། མི་ཆེན་ནི་སྣང་དོགས་སྤུ་ཙམ་ཡང་མེད་པའི་ཚུལ་གྱིས་༼ཆོག་གི  ང་ཁྱོད་ཀྱི་ཨ་ཕ་བྱེད་པར་ཧ་ཅང་འཐད་པ་ཡིན་༽ཅེས་བཤད་སོང་།༼འོ་ན་ཁྱོད་ཀྱི་མིང་ལ་ཅི་ཟེར་བ་ཡིན། ཁོ་ཚོས་ངའི་ཨ་ཕའི་མིང་ནས་འདྲི་དུས་ལན་འདེབས་རྒྱུ་ཞིག་ཡོད་དགོས༽།       ༼ངའི་མིང་ལ་ཧྥེ་ལི་ཕི་ཟེར༽ །   ཞི་མིན་གྲག་རྒྱུ་མེད་པར་ཡུད་ཙམ་ཞིག་འགོར་བ་དང་མིང་དེ་བློར་འཛིན་ཅི་ཐུབ་བྱས་རྗེས་སེམས་སྟེང་ནས་ངལ་གསོ་ཐོབ་པ་ལྟར་མི་ཆེན་དེ་ལ་ལག་པ་གཉིས་སྲིངས་ནས༼ངོ་མ་བཟང་གི   ཧྥེ་ལི་ཕི།   ད་ནི་ཁྱོད་ངའི་ཨ་ཕ་ཡིན་ནོ་༽ཅེས་དགའ་སྤྲོའི་ངང་བཤད།  སྐྱེས་པ་མི་ཆེན་དེས་ཞི་མིན་ཡར་བཀྱགས་ནས་འོ་ཐེངས་གཉིས་བྱས་པ་དང་མར་བཞག་རྗེས་བྲེལ་མྱུར་གྱི་གོམ་པ་བརྒྱབ་ནས་ཁ་བྲལ་སོང་།།

        དེའི་ཕྱི་ཉིན། ཞི་མིན་སློབ་གྲྭའི་ནང་ཐོན་པ་དང་ཁོའི་མདུན་བསུས་ནས་ཡོང་བ་ནི་སྔར་བཞིན་འཕྱ་སྨོད་དང་མཐོང་ཆུང་བྱེད་པའི་ཧབ་ཆ་དག་རེད། སློབ་གྲོལ་བྱེད་དུས་བྱིས་པ་གཏེ་བོ་དེས་ཁ་སང་གི་གར་ཆུང་སླར་ཡང་འཁྲབ་པའི་སྟ་གོན་གྱི་མགོ་བརྩམས།ཡིན་ནའང་ཞི་མིན་གྱིས་འུར་རྡོ་འཕངས་བ་ལྟ་བུའི་སྐད་ཆ་ཞིག་ཁོ་ཚོའི་ཕྱོགས་སུ་གཡུགས་པ་སྟེ། ༼ང་ལ་ཨ་ཕ་ཡོད་།ཁོའི་མིང་ལ་ཧྥེ་ལི་ཕི་ཟེར་༽ཞེས་བཤད་པ་རེད།ཁོའི་མཐའ་བསྐོར་ནས་འུར་ཅོར་རྒྱག་བཞིན་པ་ཞིག་གིས་༼ཧྥེ་ལི་ཕི་སུ་རེད། ཧྥེ་ལི་ཕི་གང་།ཧྥེ་ལི་ཕི་ནི་ཇི་ལྟ་བུ་ཞིག་རེད།ཁྱོད་ཀྱིས་དེ་ལྟ་བུ་ཞིག་གང་ནས་ཁྱེར་ཡོང་བ་ཡིན།  ཁྱོས་བཤད་པའི་ཧྥེ་ལི་ཕི་དེ་་་་་་༽།  ཞི་མིན་གྱིས་ལན་ཅི་ཡང་མི་འདེབས་པར་གཅར་རྡུང་གི་གྱོང་རེག་དགོས་སོང་རུང་ཁོ་ཚོའི་མདུན་ནས་མི་འབྲོ་བའི་ཆོད་སེམས་བརྟན་པོ་བཅས་ཤིང་།མིག་ཟུང་ནི་དཔའ་བོས་དགྲ་བོར་ཕུར་ཚུགས་སུ་བལྟ་བ་བཞིན་བསྡད། མཐར་དགེ་རྒན་ཐོན་ནས་འདུ་རུབ་དེ་གཏོར་བ་དང་ཁོ་ཡུལ་ལ་ལོག་ཐུབ་ཙམ་བྱུང་སོང་།།                                  

        བསྟུད་མར་ཟླ་གསུམ་གྱི་རིང་ལ་མི་ཆེན་དེ་པུ་ལའང་ཞོ་ཐེ་ཚང་གི་སྒོ་འགྲམ་བརྒྱུད་ནས་འགྲོ་བ་དང་སྐབས་ལ་རེར་མོས་སྒེའུ་ཁུང་གི་ཁ་གཏད་ནས་འཚེམ་བཟོ་བྱེད་བཞིན་པ་མཐོང་ཐུབ་པས། སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྒེའུ་ཁུང་གི་འགྲམ་དུ་ཕྱིན་ནས་མོ་དང་གླེང་མོལ་སྣ་ཚོགས་བྱེད་པ་དང་། ན་གཞོན་བུད་མེད་དེས་ནི་གུས་ལུགས་དང་ལྡན་པའི་ངང་ནས་ཁོས་ཅི་དྲིས་ལ་ལན་ལྡོན་པར་བྱེད་ཀྱང་།མོས་ནམ་ཡང་ཚུལ་མཐུན་གྱི་རྣམ་པ་རྒྱུན་འཁྱོངས་དང་རྩེད་འཚར་ཅན་གྱི་ཁ་བརྡར་སྣང་འཇོག་མི་བྱེད་པར་མ་ཟད། ཁོ་རང་ཁྱིམ་དུ་ཕྱིན་ནས་མགྲོན་བྱེད་པར་ཡང་ཆོག་མཆན་བཀོད་མེད་མོད། མི་ཆེན་ཁོ་ནི་སྐྱེས་པ་ཕལ་ཆེར་བ་དང་འདྲ་བར་རང་ཉིད་ཀྱི་ལས་དབང་སྤྱིར་བཏང་མིན་པར་འདོད་ཅིང་དགའ་ཚོར་སྐྱེན་པོ་ཡོད་པས་བུད་མེད་དེས་རང་ཉིད་ལ་གླེང་མོལ་བྱེད་དུས་ཀྱི་ངོ་མདངས་དེ་རྒྱུན་ལྡན་དང་མི་མཚུངས་བར་དམར་པོ་དམར་རྐྱང་ཆགས་ཡོད་པར་འདོད་ཀྱིན་ཡོད།    ཡིན་ནའང་གཅིག་གིས་བརྒྱ་ལ་བཤད། བརྒྱ་ཡིས་སྟོང་ལ་བཤད་པ་ལྟར་གནས་ཚུལ་དེ་སྔ་ས་ནས་ཕྱི་ལ་ཁྱབ་ཟིན་པས།པུ་ལའང་ཞོ་ཐེ་ཡིས་སེམས་ཆུང་དང་དོགས་ཟོན་ཇི་ལྟར་བྱས་རུང་ས་དེའི་མི་རྣམས་ཀྱིས་སྔ་ས་ནས་གནས་ཚུལ་དེའི་ཕྱོགས་ལ་གླེང་མོལ་བྱེད་བཞིན་ཡོད་དོ།  ཞི་མིན་ནི་རང་ཉིད་ཀྱི་ཨ་ཕ་གསར་བྱུང་དེ་ལ་དགའ་བོ་བྱེད་པ་དང་།ས་སྲོད་ལ་ལས་བྱ་བྲིས་ཚར་བའི་རྗེས་སུ་ཕལ་ཆེར་རྒྱུན་ལྡན་དུ་ཨ་ཕ་གསར་བྱུང་དང་མཉམ་དུ་ཕྱི་རོལ་ལ་འཆམ་འཆམ་དུ་འགྲོ་བ་དང་རང་ཉིད་ཀྱི་སློབ་གྲོགས་དེ་དག་གི་མདུན་ནས་ཡིད་ཚིམ་པའི་ཉམས་ངོམ་ངོམ་བྱེད་པ་ལས་ཁོ་ཚོར་ཁ་ཡ་གཏན་ནས་མི་བྱེད།

         འོན་ཀྱང་ཉིན་ཞིག་ལ་།བྱིས་པ་གཏེ་བོ་དེས་༼ཁྱོས་ཁྱི་ལབ་མ་རྒྱག    ཁྱོད་ལ་ཧྥེ་ལི་ཕི་ཟེར་བའི་ཨ་ཕ་ཞིག་གཏན་ནས་མེད་༽ཅེས་ཀླན་ཀ་བྱས་པ་ན།ཁོ་དངངས་འཚབ་དང་བཅས་༼ཅི་ལ་མེད་༽ཅེས་བཤད་པར།  བྱིས་པ་པྲ་ཚགས་དེས་ལག་པ་ཕུར་ཕུར་ཅིག་བྱས་ཤིང་ཡིད་ཚིམ་པའི་ཉམས་ཀྱིས་༼རྒྱུ་མཚན་ནི་གལ་ཏེ་ཁྱོད་ལ་ཨ་ཕ་ཡོད་ངོ་མ་ཡིན་ན།ཁོ་ཁྱོད་ཀྱི་ཨ་མའི་ཁྱོ་ག་ཡིན་ན་འགྲིག་གི་རེད་༽ཅེས་བཤད།   སྐད་ཆ་འདི་གནས་ལུགས་ཅན་ཞིག་བཤད་འདུག་པས་ཞི་མིན་ལ་དངངས་འཚབ་ཅིག་སྐྱེས་སུ་བཅུག་མོད།ཁོས་སྔར་བཞིན་ཚིག་ཐག་ཆོད་པོས་ངང་༼གང་ལྟར་ཁོ་ནི་ངའི་ཨ་ཕ་ཡིན་༽ཅེས་པར།ལྟས་ངན་དེ་ནི་ཁྲེལ་དགོད་ཅིག་ལངས་ནས་༼གསལ་བཤད་ཅི་འདྲ་ཞིག་བྱས་ཀྱང་ཁོ་ཁྱོད་ཀྱི་ཨ་ཕ་ངོ་མ་མིན་༽ཅེས་བཤད།པུ་ལའང་ཞོ་ཐེ་ཡི་བུ་ཕྲུག་དེ་ནི་ཞེ་ཐག་རྩ་བ་ནས་ལྷོད་ཅིང་ཁོས་ལམ་ལ་འགྲོ་ཞོར་དུ་བསམ་གཞིག་གང་མང་ཞིག་བཏང་མཐར་རྒན་པོ་ལྰོ་བྰ་ཙོང་གི་མགར་ཁང་གི་ཕྱོགས་སུ་ཐོན་པ་དང་།ཧྥེ་ལི་ཕིས་དེ་ན་མགར་ལས་བྱེད་བཞིན་ཡོད།།

མགར་ཁང་དེ་ནི་ལྗོན་ཤིང་ཚང་ཚིང་གིས་བསྒྲིབས་ཡོད་ཅིང་།ཐབ་ཁའི་མེ་ལྕེ་དམར་པོ་འོད་ཆེམ་ཆེམ་འཕྲོ་བ་དེས་ས་ངོས་ཀྱི་ཆ་ཙམ་གསལ་བ་ལས་ཡོད་ཚད་མུན་པས་གབ་ཡོད་པ་ཞིག་རེད།ཐབ་མེ་འུར་འུར་དུ་འབར་བའི་མེ་ལྕེའི་འགྲམ་དུ་དཔུང་རྗེན་དུ་བུད་དེ་ལྕགས་རྡུང་བཞིན་པའི་མགར་བ་ལྔ་མཐོང་ཐུབ་ལ།  ཙི་ཏའི་སྟེང་དུ་ཐོ་བ་ལྷུང་བའི་སྒྲ་དེས་རྣ་བའི་དབང་བོའང་འགད་པར་སྙམ་ཞིང་།སྟག་ཤར་ལྔ་བོ་ས་དེ་གར་འགྲེང་ནས་བསྡད་ཡོད་པས་བལྟས་ཚོད་ཀྱིས་མེ་དཔུང་ལ་རྟེན་འཆའ་བའི་བདུད་སྲིན་དང་ཨ་ན་མ་ན་རེད།ཁོ་ཚོའི་མིག་གིས་རྡུང་བཟོ་བྱེད་ཀྱིན་པའི་ལྕགས་ཚ་བོ་དེ་ལ་གཟུར་མེད་ཀྱིས་བལྟས་ཡོད་པ་དེས་ཡིད་དབང་གི་དམིགས་པ་ཡོད་ཚད་ལྕགས་ཐོ་དེའི་ཡར་འདེགས་མར་ལྷུང་ཁོ་ན་ལ་ཤོར་ཡོད་པ་ཐག་ཆོད་རེད།

ཞི་མིན་ནང་དུ་ཐོན་ཟིན་མོད་སུས་ཀྱང་ཁོ་ལ་སྣང་འཇོག་བྱས་མེད་པ་འདྲ།ཁོས་རང་ཉིད་ཀྱི་ཨ་ཕ་གསར་བྱུང་ཧྥེ་ལི་ཕི་ཡི་ལྭ་བའི་ཐུ་བ་བཟུང་ནས་ཡང་མོར་འཐེན་པ་ན་ཧྥེ་ལི་ཕི་ཁ་ཕྱིར་འཁོར་ཞིང་ལྕགས་རྡུང་འཚམས་བཞག  ཉེ་འགྲམ་དུ་ཡོད་པའི་མི་དེ་བཞི་བོས་ཞི་མིན་ལ་གཡོ་མེད་དུ་ཅེར་བ་དང་། རྒྱུན་ལྡན་དང་མི་འདྲ་བའི་ལྷིང་འཇགས་དེའི་ཁྲོད་ནས་བྱིས་པ་དེས་སྐད་གདངས་གཉོམ་པོས་༼ཧྥེ་ལི་ཕི།    ཁྱོད་ཀྱིས་ངས་བཤད་པ་ལ་ཉན་རོགས།  ཅུང་མ་འགོར་བའི་སྔུན་ཏག་ཏག་ལ་ལྟས་ངན་དེས་ང་ལ་ཁྱོད་ངའི་ཨ་ཕ་ངོ་མ་མིན་ཟེར་བྱུང་།       ༼དེས་ཅིའི་ཕྱིར་དེ་ལྟར་བཤད་པ་ཡིན་ནམ་༽ཧྥེ་ལི་ཕིས་དེ་ལྟར་དྲིས་པ་ལ། ཞི་མིན་གྱིས་སྦ་གསང་ཅི་ཡང་མེད་པའི་སྒོ་ནས་༼རྒྱུ་མཚན་ནི་ཁྱོད་ངའི་ཨ་མའི་ཁྱོ་ག་མིན་པའི་རྐྱེན་གྱིས་རེད་༽ཅེས་བཤད་པས།ཧབ་ཆ་རྒྱག་མཁན་གཅིག་ཀྱང་མ་བྱུང་ལ་ཧྥེ་ལི་ཕི་ནི་སྔར་གནས་ནས་འགུལ་ཙམ་ཡང་མི་བྱེད་པར་ལག་འཐིལ་འཁྲེགས་པོ་གཉིས་ཀྱིས་ཙི་ཏའི་ཐོག་ཏུ་བཞག་པའི་ཐོ་བའི་ཡུ་བ་མ་ལྷོད་ཅིང་ལག་པ་ཡ་གཅིག་གི་ཕྱི་ངོས་ཀྱིས་་ཐོད་པར་བརླན་ནས་བསམ་གཞིགས་ཡུད་ཙམ་བཏང་།མགར་བ་གཞན་དེ་ཚོས་ཞི་མིན་ལ་བལྟས་ནས་འདུག་པ་དང་།ཞི་མིན་ནི་མི་ཆེན་དེ་དག་གི་མདུན་གྲལ་ནས་ལངས་རིན་མེད་པ་ཞིག་རེད།ཁོ་སེམས་འཚབ་པའི་ངང་ཧྥེ་ལི་ཕི་ཡི་ལན་ལ་སྒུག་ནས་བསྡད། དེའི་ནང་གི་མགར་བ་ཞིག་གིས་གློ་བུར་ཏུ་ཁ་གྲགས་བྱུང་ནས་ཚང་མའི་གཅིག་མཐུན་གྱི་བསམ་ཚུལ་དེ་བཤད་སོང་༼ཅི་ལྟར་བཤད་རུང་པུ་ལིའང་ཞོ་ཐེ་ནི་བུད་མེད་གཤིས་བཟང་ཞིག་རེད།མོའི་ཁ་ལས་རླུང་རྟ་རྒུད་ཡོད་ནའང་སྔར་བཞིན་མཛངས་མ་ཞིག་རེད་ལ།མི་ཡང་ཚུལ་མཐུན་ཞིག་ཏུ་འདུག་པས་སྐྱེས་པ་རབ་ཅིག་གི་ཆུང་མ་བྱས་ན་དགའ་ཞིག་འཁྱོངས་རྒྱུ་འདང་རྒྱག་མེད་༽ཅེས་བཤད་པས་།དེ་གཞན་ཚང་མས་ཀྱང་གཅིག་མཐུན་གྱིས་༼སྐད་ཆ་དེ་བདེན་པ་རེད་༽ཅེས་བཤད་སོང་།མགར་བ་དེས་མུ་འཐུད་ནས་༼ངོ་མས་བཤད་ན། བུད་མེད་དེས་ནོར་འཁྲུལ་ཐེངས་ཤིག་བཟོས་ཡོད་རུང་དེའི་ནག་ཉེས་ཡོད་ཚད་མོ་གཅིག་པུའི་ཐོག་བཀབ་ན་ག་ལ་འོས།སྐྱེས་པ་དེས་མོ་ཆུང་མར་ལེན་རྒྱུར་ཁས་ལེན་བྱས་ཡོད་པ་ཁོ་ཐག་རེད།ངའི་གོ་ཐོས་ལྟར་ན་མོ་དང་འདྲ་བར་གནས་ཚུལ་འདི་འདྲ་བྱུང་མྱོང་བའི་བུད་མེད་དག་ད་ལྟའི་དུས་འདིར་གོང་བཀུར་ཆེན་པོ་ཐོབ་བཞིན་ཡོད་ཟེར།གཞན་རོགས་པ་གསུམ་པོས་སླར་ཡང་གཅིག་མཐུན་གྱིས་༼སྐད་ཆ་དེ་ཡང་བདེན་པར་འདུག་༽ཅེས་ཁས་ལེན་བྱས།   འགར་བ་དེས་ཡང་མུ་འཐུད་ནས་༼སྙིང་རྗེ་བའི་བུད་མེད་དེས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་གསད་པ་དང་།ཁེར་རྐྱང་འཚོ་བའི་ཨམ་བཙུགས་བསྡམས་པ་མ་ཟད་བྱིས་པ་འདི་གཉོར་སྐྱོང་བྱས་ནས་ལག་ཆགས་སུ་བཅུག་ལ།མོར་མགོ་བསྐོར་ཐེབས་ནས་ནོར་འཁྲུལ་བཟོས་རྗེས་སུ་འགྲོ་ས་ཆོས་ཁང་མ་གཏོགས་མེད་ཅིང་།མིག་ཆུ་གང་མང་བཞུར་ཡོད་པ་གནམ་བདག་གིས་ཀྱང་མཁྱེན་གསལ་རེད་༽ཅེས་པར། ༼སྐད་ཆ་དེ་ཤིན་ཏུ་བདེན་པར་འདུག་༽ལས་བཟོ་བ་དེ་དག་གིས་ཡང་བསྐྱར་གཅིག་མཐུན་གྱིས་ཁས་ལེན་བྱས། ཅུང་ཙམ་གྱི་ཡུན་ལ་ཚང་མ་དལ་ཅག་གེར་བསྡད་སོང་ལ། སྒམ་སྦུད་གྱིས་མེ་ལ་ཕུ་རྒྱག་པའི་སྒྲ་མ་གཏོགས་ཅི་ཡང་མི་ཐོས། ཧྥེ་ལི་ཕི་ཡིས་གློ་བུར་དུ་སྐེད་པ་མར་སྒུར་ཞིང་ཞི་མིན་ལ་༼ཁྱོད་སོང་ལ་ཨ་མར་དོ་དགོང་ངས་མོ་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད་ཅེས་སྐད་ཅིག་བསྐུར ༽ཞེས་བཤད་རྗེས་ཞི་མིན་གྱི་ཕྲག་པར་འཇུས་ནས་མགར་ཁང་གི་ཕྱི་ལ་སྐྱེལ་སོང་། ཁོ་སླར་ཡང་རང་གནས་སུ་ལོག་ནས་ལས་ཀའི་མགོ་བརྩམས།ཐོ་བ་ཐེངས་ལྔ་བསྟུད་མར་ཙི་ཏའི་སྟེང་དུ་ཧ་ཅང་ཁེལ་བའི་ངང་ནས་བཞུས་སོང་ལ་ཁོ་ཚོས་ས་རུབ་རག་བར་དུ་བརྡུངས།ཁོ་ཚོ་ནི་དེ་འདྲའི་སྟོབས་ཤུགས་ཀྱིས་ཁེངས་པ་ཞིག་དང་དགའ་སྤྲོས་བརྟས་པ་ཞིག་ཡིན་པས་ཤེད་ཤུགས་ཀྱི་རྩལ་རྫོགས་པའི་ཐོ་བ་དང་ཨ་ན་མ་ན་རེད།ཧྥེ་ལི་ཕི་ཡི་ཐོ་བ་ལྷུང་བའི་སྒྲ་དེས་གཞན་དེ་ཚོས་ཐོ་བས་རྡུང་བའི་སྒྲ་ཟིལ་གྱིས་མནན་འགྲོ།ཁོས་མུ་ནས་མུ་འཐུད་དུ་རྡུང་བ་ལས་མཚམས་འཇོག་པའི་སྟ་གོན་ཅི་ཡང་མེད་པ་འདྲ།ཐོ་བའི་རྡེག་སྒྲ་ལྷང་ལྷང་མཆེད་པས་ཐོས་འཛིན་གྱི་དབང་བོ་མི་འགད་དམ་སྙམ་པའི་སྣང་བ་སྟེར་ཞིང་།ཁོའི་མིག་ཟུང་འོད་སྣང་གིས་ཁེངས་ཤིང་ཡན་ལག་གི་རྩལ་སྟོབས་རྫོགས་པས་གཞན་སུ་ཡང་སྤ་དཀོང་བར་བྱེད་པ་ཞིག་རེད།།

ཁོས་པུ་ལའང་ཞོ་ཐེ་ཚང་གི་སྒོ་གླེགས་རྡུང་དུས་ཀྱི་ནམ་མཁའ་ནི་སྐར་ཚོམ་རབ་ཏུ་བཀྲ་ཞིང་།རང་ཡུལ་ནས་མ་ཐོན་པའི་ཡར་སྔོན་ལ་རང་ཉིད་ལ་གསར་སྤྲས་བྱས་ཤིང་སྨྲ་རའང་གྲལ་དག་ཅིག་བཞར་ཡོད།  ལོ་ན་གཞོན་པའི་བུད་མེད་དེ་སྒོར་ཐོན་ནས་༼ སྐུ་ཞབས་ཧྥེ་ལི་ཕི། ནམ་གུང་ཞིག་ལ་ངེད་ཚང་དུ་ཡོང་བ་ནི་ཧ་ཅང་འོས་འཚམས་མིན་པ་ཞིག་རེད་༽ཅེས་དོགས་མི་བདེ་བའི་ངང་བཤད་པར།ཧྥེ་ལི་ཕི་ལ་ཅི་ཞིག་བཤད་འདོད་ཡོད་ཀྱང་མོའི་ཁ་གཏད་ནས་ཁ་གདངས་ཤིང་མིག་བགྲད།རྟབ་རྟབ་པོར་གྱུར་ནས་ཡུད་ཙམ་ལ་ག་བྱེད་འདི་བྱེད་མེད་པར་བསྡད་བྱུང་།པུ་ལའང་ཞོ་ཐེ་ཡིས་ཡང་བསྐྱར་༼ཁྱེད་ཀྱིས་ཀྱང་གསལ་ལེ་རེད།  ད་ནི་མི་གཞན་གྱིས་རང་ཉིད་ལ་ལ་ཡོགས་བྱེད་དུ་འཇུག་མི་འདོད་༽ཅེས་བཤད་པར།       ཧྥེ་ལི་ཕི་ཡིས་དེ་མ་ཐག་༼ཁྱོད་ངའི་ཆུང་མ་བྱེད་པར་འཐད་པ་ཡིན་ན་གཞན་གྱི་ལ་ཡོགས་ལ་སྐྲག་དགོས་དོན་རྩ་བ་ནས་མེད༽། པུ་ལའང་ཞོ་ཐེ་ནི་ཁ་ཅི་ཡང་གྲག་རྒྱུ་མ་བྱུང་།སྐབས་དེར་མོས་ཁང་བའི་ནང་དུ་མི་ཞིག་འདྲེད་ལྡོག་ཤོར་སོང་བའི་སྒྲ་ཞིག་གོ་སོང་བས་མྱུར་སྟབས་ཀྱིས་ནང་དུ་ཕྱིན།ཡིན་པ་ནི་ཞི་མིན་མལ་ཁྲིའི་སྟེང་དུ་གཉིད་ལོག་དུ་ཕྱིན་པ་དེ་རེད།།

ཅུང་ཙམ་འགོར་བའི་རྗེས་སུ་སྒོའི་ཕྱི་རོལ་ནས་ཕན་ཚུན་འོ་སྦྱོར་བྱེད་པའི་སྒྲ་ཐོས་འོང་ལ།ཨ་མས་སྐད་ཤུགས་ཆུང་ངུས་ཁ་བརྡ་ཀློད་བཞིན་པའི་སྒྲ་ཡང་གསལ་ལ་མི་གསལ་བའི་ངང་ཐོས་ཡོང་།དེའི་རྗེས་སུ་ཞི་མིན་གྱིས་རང་ཉིད་མི་ཆེན་ཞིག་གི་པང་དུ་འཁྱུད་པ་ཚོར་བྱུང་ལ།དེའི་དཔུང་བ་གཉིས་ཀྱིས་ཁོ་རང་མཐོ་རུ་བཀྱགས་ཤིང་སྐད་གསང་མཐོན་པོས་༼ཁྱོད་སོང་ལ་ཁྱོད་ཀྱི་ཨ་ཕ་ནི་འགར་བ་ཧྥེ་ལི་ཕི་ལི་སྨེ་ཡིན་པ་དང་།གལ་ཏེ་སུས་ཁྱོད་ལ་བརྙས་བཅས་བྱས་ཚེ་ཁྱོད་ཀྱི་ཨ་ཕས་དེའི་རྣ་འབྱོག་ནས་གཅུ་རྒྱུ་ཡིན་ཅེས་ཤོད་༽ཅེས་བཤད་བྱུང་།

    ཉིན་གཉིས་པར་སློབ་མ་རྣམས་སློབ་གྲྭར་ཚོགས་ཡོད་པ་དང་སློབ་ཁྲིད་ཀྱི་འགོ་རྩོམ་ལ་ཉེ་བའི་སྐབས་དེར་བུ་ཆུང་ཞི་མིན་ནི་བཞིན་མདངས་སྐྱ་བོར་གྱུར་ཅིང་མཆི་སྒྲོས་ལྷེམ་ལྷེམ་དུ་འགུལ་བཞིན་ཡར་ལངས་ཏེ་༼ངའི་ཨ་ཕ་ནི་མགར་དཔོན་ཧྥེ་ལི་ཕི་ལི་སྨེ་ཡིན།གལ་ཏེ་སུ་ཞིག་གིས་ང་ལ་བརྙས་བཅས་བྱས་ན་ཁོས་དེའི་རྣ་འབྱོག་ནས་གཅུ་རྒྱུ་ཡིན་ཞེས་ཟེར་བྱུང་༽ཞེས་བསྒྲགས་པ་དང་།སྐབས་དེར་ཧབ་ཆ་རྒྱག་མཁན་མ་བྱུང་།རྒྱུ་མཚན་ནི་ཚང་མས་མགར་བ་དེ་ངོ་ཤེས་ཤིང་། ཁོ་ལྟ་བུ་ཞིག་བྱིས་པ་སུའི་ཨ་ཕ་ཡིན་རུང་མགོ་བོ་དགྱེ་དགྱེ་བྱས་ཆོག་ལ།ང་རྒྱལ་གྱི་མགོ་འཕང་བསྟད་ཀྱང་ཆོག་གོ།།།

                                                མཁའ་འབུམ་རྡོ་རྗེས་རྒྱ་ཡིག་ནས་བསྒྱུར།

                                                                         རྩོམ་སྒྲིག་པ། ལྷ་སྐྱིད།

                                                                                         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞི་མིན་གྱི་ཨ་ཕ།

2016-04-01 མོ་པོ་སང་།༼ ཧྥ་རན་སི ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།