རླབས་ཆེ་བའི་ཤེར་རྟོགས་རིག་པ་བ།

ཀྲུའུ་ཀོ་ཕིང་།  琼迈文学网 2022-05-17

                                                                                    སྒྲ་སྒྱུར་མཁན། སྲིན་པོ།

  འདིར་བཞུགས་ཉན་མཁན་ལྷན་རྒྱས་ཡོངས་ལ་ཁམས་བདེ་འཚམས་འདྲི་ཞུ། ང་ཀྲུའུ་ཀོ་ཕིང་ཡིན། དེ་རིང་ངེད་ཀྱིས་ཁྲིད་ཚན་དང་པོའི་ཁྲིད་བྱ་གཙོ་བོ་ནི(ཐུན་མོང་མ་ཡིན་ལ་རླབས་ཆེ་བའི་ཤེར་རྟོགས་རིག་པ་བ་)ཞེས་པ་འདི་ཡིན། ནུབ་ཀྱི་ཤེར་རྟོགས་རིག་པ་བའི་སྡེ་ནས་(Nietzsche )ནིས་ཆ་ནི་ཐུན་མོང་མ་ཡིན་ལ་ཤེར་རྟོགས་རིག་པ་བ་གཞན་དང་རྦད་དེ་མི་འདྲ། ལར་ནས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཚེ་མི་རྣམས་ཀྱིས་ངོས་ལེན་མི་ཐོབ་པ་ནི་དོན་དངོས་རེད། ནིས་ཆ་ལགས་ལ་ཡང་སྐབས་ཐོག་གི་མི་རྣམས་ཀྱིས་ངོས་ལེན་ཐོབ་མེད། ཁོང་ཉིད་གསོན་ངོགས་སུ་བཞུགས་སྐབས་མིང་གྲགས་ཕྲན་ཚེགས་ལས་མི་འདུག ཡིན་ཡང་། ཁོང་འཇིག་རྟེན་དཀར་ངོགས་དང་བྲལ་རྗེས་ནུབ་ཀྱི་རིག་གནས་པའི་སྡེ་དང་ཤེར་རྟོགས་རིག་པ་བའི་སྡེ་ནས་ཁོང་རླབས་ཆེན་ཡིན་པ་ངེས་ཤེས་རྙེད་རྗེས། དེ་ནས་ཁོང་ནི་དུས་རབས་ཉི་ཤུ་བའི་ཆེས་སྐད་གྲགས་ཆེ་བའི་ཤེར་རྟོགས་རིག་པ་བའི་གཙུག་རྒྱན་དུ་གྱུར་པ་རེད།

  དེ་རིང་ངེད་ཀྱིས་ནིས་ཆ་ལགས་གང་ཞིག་ཐུན་མོང་མ་ཡིན་པ་དང་གང་ནས་རླབས་ཆེན་ཡིན་པ་བཤད་ཀི་ཡིན། ཐོག་མར་ནིས་ཆ་ལགས་ཀྱི་མི་ཚེ་དང་མཛད་རྣམ་སྐོར་ནས་ངོ་སྤྲོད་སྟབས་བདེ་ཞིག་ཞུ། ནིས་ཆ་ལགས་ནི་༡༨༤༤ལོའི་ཟླ་༤བའི་ཚེས་༡༥ཉིན་འཇར་མན་ནུབ་ཁུལ་གྱི་རེལ་ཁུན་བྱ་བའི་གྲོང་གསེབ་ཆུང་ཆུང་ཞིག་ནས་སྐུ་བལྟམས། ཁོང་གི་སྐུ་ཚེ་ནི་དུས་རིམ་བཞི་ལ་དབྱེ་ཆོག་པར་སེམས། རིམ་པ་དང་པོ་ནི་དགུང་ལོ་ཉེར་བཞིའི་སྔོན་གྱི་བྱིས་དུས་དང་སློབ་ཆེན་ལ་ཞུགས་པའི་བར་སྐབས་རེད། སྔ་གཞུག་ཏུ་(Universität Bonn)བྷོན་སློབ་ཆེན་དང་(Universität Leipzig)ལེས་ཕི་ཟེརྒི་སློབ་ཆེན་དུ་ཞུགས་ཤིང་ཆེད་ལས་ནི་སྒྲ་གཞུང་རིག་པ་རེད། རིམ་པ་གཉིས་པ་ནི་དགུང་ལོ་ཉི་ཤུ་ནས་སུམ་ཅུ་སོ་བཞིའི་བར་ཏེ་ (Basel )པཱ་ཟིལ་སློབ་ཆེན་ནས་གནའ་རབས་སྒྲ་གཞུང་རིག་པའི་སློབ་དཔོན་ཆེན་མོའི་འགན་ཅི་ལྕོགས་སུ་བཞེས། སྐབས་དེ་ནས་བཟུང་ཁོང་གིས་ཤེར་རྟོགས་རིག་པའི་སྐོར་ནས་རྩོམ་འབྲིར་གཞོལ་འགོ་བརྩམས། བརྩམས་ཆོས་གཙོ་གྲས་སུ་<སྐྱོ་གར་གྱི་བྱུང་བ>་དང་<དུས་བབ་དང་མི་མཐུན་པའི་རྟོག་ཞིབ>སོགས་མང་དུ་བདོག

  རིམ་པ་གསུམ་པ་ནི་དགུང་ལོ་སོ་བཞི་ནས་ཞེ་བཞིའི་བར་ཡོ་རོབ་ནས་གང་སར་འཁྱམ་ཉུལ་བྱེད་དུས་རེད། འདི་ནི་ཁོང་གི་རྩོམ་འབྲི་རྩེར་སོན་པའི་བར་སྐབས་ཏེ་བརྩམས་ཆོས་སུ་<སྤྲོ་སྣང་གི་ཚན་རིག>དང་<དགེ་སྡིག་གི་ཕ་མཐའ> <དད་རྟེན་གྱི་ས་སྲོད།><སུའུ་ལུའུ་ཊྲའི་གསུང་བཏུས།><ཀུན་སྤྱོད་ཀྱི་མ་ལག><ཝཱ་ཀི་ནའི་དོན་རྐྱེན><ལྟོས། མི་འདི་ལ>སོགས་མཆིས། རིམ་པ་བཞི་བ་ནི་དགུང་ལོ་ཞེ་བཞི་སྟེ་ཁོང་ཉིད་སྨྱོན་པར་ཆགས། ཁོ་རང་དགུང་ལོ་ལྔ་བཅུ་ལྔ་དྲུག་ལ་མི་ཡུལ་ནས་བཞུགས། མཐར་༡༩༠༠ལོའི་ཟླ༨པའི་ཚེས་༢༥ཉིན་ཚེ་ཡིས་མ་ཟིན་པར་དགོངས་པ་རྫོགས།

  གོང་སྨྲོས་ཀྱི་བརྩམས་ཆོས་དག་ནི་ཁོང་འཚོ་བཞུགས་སྐབས་སུ་པར་དུ་བཏབ་པ་དག་རེད། ཁོང་ལ་ད་དུང་ཟིན་བྲིས་འབོར་ཆེན་ཡོད་ཅིང་། གསོན་ངོགས་སུ་པར་སྐྲུན་འགྲེམ་སྤེལ་ཐུབ་མེད་པར་ཤུལ་བཞག་ཟིན་བྲིས་སུ་འབོད། འཇར་མན་ནས་པར་བའི་ནིས་ཆ་ཡི་གསུང་བཏུས་ཁྱོན་པོད་བཅོ་ལྔ་ཡོད། པོད་བདུན་པ་ནས་བཟུང་ཤུལ་བཞག་ཟིན་བྲིས་སུ་གཏོགས། གཞན་ཡང་པོད་དང་པོའི་ཤོག་ངོས་མང་ཤོས་ཤིག་ཀྱང་སྔ་དུས་ཀྱི་ཤུལ་བཞག་ཟིན་བྲིས་རེད་འདུག ཁྱེད་ཀྱིས་ངེས་ཤེས་འདྲོང་ཐུབ་པ་ཞིག་ལ་གཟབ་ནན་གྱི་བསམ་བློ་བ་ནི་འདི་ལྟར་རྩོམ་འབྲིར་གཞོལ་བ་ཞིག་སྟེ། ཁོང་གིས་ཆེད་དུ་འབོར་ཆེ་བའི་ཟིན་བྲིས་དང་མ་ཕྱི་མང་པོ་བརྩམས་ཤིང་། འགྲེམ་སྤེལ་བྱས་པ་དག་ནི་དེའི་ནང་གི་ཉུང་ཤས་ལས་མི་ཟིན།

  དེ་རིང་ཁོ་བོས་ནིས་ཆ་ལགས་ཀྱི་མི་ཚེའི་སྐོར་ནས་གསལ་ཁ་འདི་ཙམ་ཞུ། ཕྱིས་སུ་ཞིབ་ཕྲའི་ངང་ཁོང་གི་གལ་ཆེ་བའི་བརྒྱུད་རིམ་དང་ཉམས་མྱོང་གང་གིས་ཁོའི་སྒེར་གཤིས་མངོན་དུ་བསྟན་ཡོད་པ་སོགས་བཤད་ངེས། ཤེར་རྟོགས་རིག་པ་བ་ཞིག་ཡིན་པའི་ཆ་ནས་ནིས་ཆས་འཇིག་རྟེན་ལ་ཅི་ཞིག་གནང་འདུག

  འཇར་མན་གྱི་ཤེར་རྟོགས་རིག་པ་བ་ལྗ་ཟི་བྷེར་ཟི་ནས་ནིས་ཆ་ལགས་ཀྱིས་ནུབ་ཀྱི་ཤེར་རྟོགས་རིག་པར་དངངས་སྐྲག་སློང་བཞིན་འདུག་ཟེར། ཅི་ཞིག་ནི་དངངས་སྐྲག་རེད་ཅེ་ན། དེ་ནི་ཁྱེད་ཀྱི་སེམས་ལ་གསར་བ་གསར་རྐྱང་དང་སྟོབས་ཤུགས་ཆེས་ཆེར་ལྡན་པའི་བསམ་བློ་རིགས་ཤིག་གིས་བརྡབ་གསིག་བཏང་བ་སྟེ། ཁྱེད་རང་དགའ་སྣང་དང་འཚུབ་སྣང་། ཐ་ན་དབུགས་གཏོང་ལེན་ཡང་དཀའ་བར་བྱེད། ནིས་ཆ་ལགས་ཀྱི་གསུང་རྩོམ་བཀླག་ན་ཁྱེད་ལ་འདི་འདྲའི་ཚོར་སྣང་ཡོང་ངེས།

  འོ་ན་ཤེས་རྟོགས་རིག་པ་བ་གང་འདྲ་ཞིག་གིས་འདི་འདྲའི་དངངས་སྐྲག་སྟེར་སྲིད་ཅེ་ན།

  ངས་བལྟས་ན་ཆ་རྐྱེན་གཉིས་འདུག གཅིག་ནི་ཐུན་མོང་མ་ཡིན་པ་དང་གཞན་གཅིག་ནི་རླབས་ཆེན་ནོ།། ཐུན་མོང་མ་ཡིན་པ་ནི་གཞན་དང་བསྡུར་ཐབས་མེད། ཡིན་ཡང་གལ་ཏེ་ཐུན་མོང་ཙམ་མ་ཡིན་ཞིང་རླབས་ཆེན་མ་ཡིན་ཚེ། ཁྱེད་རང་ཧ་ལས་ཀྱང་ཧང་སང་མི་སྲིད། དེ་བཞིན་གལ་ཏེ་རླབས་ཆེ་བ་ཙམ་ལས་ཐུན་མོང་བ་མ་ཡིན་ཚེ། ཁྱེད་ཀྱིས་དད་གུས་བྱེད་པ་ལས་ཧང་སང་མི་སྲིད། ཐུན་མོང་མ་ཡིན་པ་ནི་རྟ་ཡན་རྒོད་པོ་ཞིག་དང་འདྲ་བར་ཤེར་རྟོགས་རིག་པའི་ཁྱབ་ཁོངས་སུ་འཛུལ་ནས་འོང་། སྐབས་རེར་རྟ་ཡན་རྒོད་པོ་དེ་དག་གར་སོང་ཆ་མེད་དུ་གྱུར་འགྲོ། ཡིན་ཡང་། ནིས་ཆ་ལགས་ནི་གཞན་དང་མི་འདྲ། རྟ་ཡན་རྒོད་པོ་དེས་ཤེར་རྟོགས་རིག་པའི་ཁྱབ་ཁོངས་གནམ་ས་བླ་འོག་ལྟར་བསྒུལ་ཅིང་། དེ་ནས་སྒྲིག་རིམ་གསར་བ་ཞིག་གིས་དུས་རབས་གཞན་ཞིག་གི་དབུ་བརྩམས་ཏེ་གཟོད་ཁོང་ནི་དུས་སྐབས་ཤིག་གི་སྐྱེས་ཆེན་དུ་གྱུར་པ་རེད། འདི་ནི་ཤིན་ཏུ་ནས་ཧ་ལས་ཧང་སང་བ་ཉིད་དོ།།

  གསུམ་པ། ནིས་ཆ་ལགས་ཀྱི་ཐུན་མོང་མ་ཡིན་པ་ནི་གང་ཞིག་རེད་དམ། ནིས་ཆ་ནི་འཇར་མན་གྱི་ཤེར་རྟོགས་རིག་པ་བ་ཞིག་རེད། ངས་ཁོང་དང་འཇར་མན་གྱི་སྤྱིར་བཏང་གི་ཤེར་རྟོགས་རིག་པ་བ་བསྡུར་རྗེས་ཁྱེད་ཀྱིས་ཁོང་ནི་རྦད་དེ་གཞན་ལས་ཐུན་མོང་མ་ཡིན་པ་ཞིག་ཏུ་རྟོགས་ངེས།

  དང་པོ། འཇར་མན་གྱི་ཤེར་རྟོགས་རིག་པ་བ་མང་ཤོས་ནི་རིག་གནས་པ་རྐྱང་རྐྱང་རེད། སློབ་ཆེན་ནས་སློབ་དཔོན་ཆེན་མོའི་འགན་ཅི་ལྕོགས་སུ་བཞེས་ཤིང་ཆེད་ལས་གཙོ་བོ་ནི་ཤེར་རྟོགས་རིག་པ་རེད། ཁན་ཐྲི་ནི་(konigsberg)ཁུན་སི་བྷིར་གྷི་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རེད། ཧེ་གྷོལ་ནི་(Berlin)བྷིར་ལེན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན་པར་མ་ཟད་ཕྱིས་སུ་སློབ་གཙོ་ཡང་བྱས། ནིས་ཆས་སློབ་ཆེན་གྱི་སློབ་དཔོན་ཆེ་མོའི་འགའ་བཞེས་མོད། ཁྲིད་བྱ་ནི་ཤེར་རྟོགས་རིག་པ་མ་ཡིན་པར་གནའ་རབས་སྒྲ་གཞུང་རིག་པ་རེད། འོན་ཏེ་ཁོང་གིས་མཐར་སློབ་མའི་འཚོ་བར་བཟོད་མ་ཚུགས་པར་ལས་གནས་ནས་ཕྱིར་འབུད་བྱས།

  ནིས་ཆ་ལགས་ཀྱི་བསམ་ཚུལ་ཞིག་ལ་སློབ་ཆེན་ནས་ཤེར་རྟོགས་རིག་པ་སློབ་ཁྲིད་བྱེད་པ་ནི་རྦད་དེ་ནོར་འཁྲུལ་དུ་འདོད། ཅིའི་ཕྱིར་འདི་ལྟར་འདོད་པ་ཡིན་ཞེ་ན། རྒྱུ་མཚན་ཤེར་རྟོགས་རིག་པ་ནི་གཏིང་ཟབ་པའི་བསམ་གཞིགས་ཤིག་ཡིན་པ་མ་ཟད་དེ་ལ་ཉམས་རྟོགས་ཆེན་པོ་ཞིག་མཁོ་བས་སོ།།

  དེ་ནི་གང་འདོད་དུ་སྒྲུབ་ཆོག་པ་ཞིག་མིན། ཡིན་ཡང་ཤེར་རྟོགས་རིག་པའི་དགེ་རྒན་དག་གིས་སློབ་མར་སློབ་ཁྲིད་བྱེད་པ་ནི་ངེས་གཏན་ཟིན་པའི་གལ་གནད་ཁྲོད་ནས་བསམ་གཞིག་ཙམ་གཏོང་ཁུལ་བྱེད་པ་དེ་རེད། འདི་ནི་ཅི་འདྲའི་དགོད་སྤྲོ་པོ་གདའ།

  གཉིས་པ། འཇར་མན་གྱི་ཤེར་རྟོགས་རིག་པ་བ་དག་ནི་མ་ལག་གཏན་ལ་འབེབ་པར་དགའ། རྩ་བའི་བྱེད་ཐབས་ནི་གཏན་ཚིགས་དང་དོན་སྤྱི། བརྗོད་གཞི་ཡིས་སྒྲིག་གཞི་ཕོན་ཆེ་བ་ཞིག་གཏན་དུ་ཕབ་རྗེས། གཟོད་རང་ཤེད་ཚ་བའི་ངང་སྒྲིག་གཞི་འདིས་སྣང་སྲིད་ཀྱི་སྟོངས་ཁམས་ཆེན་པོ་དང་མིའི་རིགས་ཀྱི་འཚོ་གནས་ལ་འགྲེལ་རྒྱག་ཐུབ་པར་ཁས་འཆེས་ཀྱིན་ཡོད། ནིས་ཆ་ཡིས་མཐའ་གཅིག་ཏུ་མ་ལག་གཏན་དུ་འབེབ་པར་རྒོལ། ཁོང་གིས་ཀྱང་དོན་དངོས་ཐོག་འདི་ལྟར་བྱས་མྱངས་མེད། ཁོང་གིས་མ་ལག་གཏན་ལ་འབེབ་མཁན་དག་ནི་འཕྱ་དགོད་ཀྱི་གནས་སུ་འཛིན། དེ་ནི་སྡོམ་གྱིས་སྡོམ་རྒྱའི་དཀྱིལ་འཁོར་ཆེན་པོ་ཞིག་བཟོས་པ་འདྲ། སྡོམ་རྒྱ་འདིས་སྣང་སྲིད་ཀྱི་སྟོང་ཁམས་ཆེན་མོ་འདི་གཡོགས་འདུག་པར་ཁ་ཚོན་གཅོད་ཀྱིན་པ་དང་མཚུངས།

  སྔ་རབས་ཀྱི་ཤེར་རྟོགས་མཁན་པོ་དཔེར་ན་ཁུང་ཙི་དང་སོ་ཁི་ར་ཐི་སོགས་ཀྱིས་རྦད་དེ་ཤེར་རྟོགས་རིག་པའི་སློབ་ཁྲིད་མི་བྱ་ཞིང་། སྐལ་ལྡན་གྱི་སློབ་བུ་སྐྱོང་ཐབས་ནི་གྲོགས་པོའི་ཚུལ་གྱི་ཞལ་བརྡ་བྱེད། སློབ་ཁྲིད་སྐབས་སུ་ཤེས་བྱ་ཁྲིད་འོས་པ་ལས་ཤེར་རྟོགས་རིག་པ་ནི་ཁྲིད་ཐབས་མེད། ངས་ཁྱེད་ལ་ད་ལྟ་ནས་བཤད་ཆོག ནིས་ཆ་ཡིས་བཤད་ཀྱིན་པ་ཡང་ཤེས་བྱའོ།། ནིས་ཆ་དང་འབྲེལ་བའི་ཤེར་རྟོགས་རིག་པའི་ཤེས་བྱ་རེད། ཤེར་རྟོགས་རིག་པའི་སྲོག་ཤིང་ནི་ཤེས་རབ་རེད། གལ་སྲིད་སྲོག་ཤིང་དེའི་སྙིང་པོ་ལོན་དགོས་ཚེ་ཁྱེད་ཀྱིས་ཉམས་རྟོགས་ལ་མ་བསྟེན་རང་བསྟེན་ཡིན།

  ནིས་ཆས་ཅིའི་ཕྱིར་ཤེར་རྟོགས་རིག་པའི་མ་ལག་གཏན་ལ་འབེབས་པར་རྒོལ་བ་ཡིན་ཞེ་ན། ཁོང་ན་རེ། མ་ལག་གཏན་ལ་འབེབས་དོན་ནི་བདེན་པའི་གཞུངས་མི་བསྲུང་ཚུལ་ཞིག་རེད་ཟེར།

  ཅིའི་ཕྱིར་བདེན་པའི་གཞུང་མི་བསྲུང་ཞེ་ན། ཁོ་བོས་རང་གི་གོ་བའི་ངོས་ནས་བཤད་པར་བྱ་སྟེ། ཤེར་རྟོགས་རིག་པ་གླེང་ཚེ་མི་མང་པོ་ཞིག་གིས་ཤེར་རྟོགས་རིག་པ་ནི་རྟོག་དཔྱོད་ཅིག་དང་རྙོག་འཛིང་ཆེ་བའི་གཏན་ཚིགས་ཀྱིས་དཔྱད་པ་ཞིག་ལ་ངོས་འཛིན་པར་བྱེད། འདི་ནི་ཤེར་རྟོགས་རིག་པར་གོ་ནོར་ཐེབས་པ་རེད། ཤེར་རྟོགས་རིག་པ་ནི་འཇིག་རྟེན་དང་མི་ཚེའི་རྩ་བའི་གནད་དོན་ལ་བསམ་གཞིག་བྱེད་ཐབས་ཤིག་རེད། མི་ཞིག་གི་རྒྱུད་ལ་འདི་འདྲའི་བློ་ཞིག་སྐྱེ་དགོས་ཚེ་དེའི་རྟེན་གཞི་གང་ཞེ་ན།དེ་ནི་ཉམས་རྟོགས་ཡིན་པ་ལས་གཏན་ཚིགས་མ་ཡིན། ཁྱེད་ཀྱིས་ངེས་པར་འཇིག་རྟེན་དང་མི་ཚེ་ལ་རང་ཉིད་ཀྱི་ཉམས་རྟོགས་རྗེན་པ་ཞིག་སྨིན་ཚེ། གཟོད་བསམ་བློ་འདི་འདྲ་ཞིག་རང་རྒྱུད་ལ་སྨིན་སྲིད།

  ཤེར་རྟོགས་རིག་པའི་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཆ་ནི་ཤེར་རྟོགས་རིག་པ་བའི་ནང་གི་ཉམས་རྟོགས་ལ་ཐུག་ཡོད། འདི་འདྲའི་ཉམས་རྟོགས་ཀྱི་སྟོབས་དང་ཟབ་ཚད་གླེང་ཚེ། རླབས་ཆེན་གྱི་ཤེར་རྟོགས་རིག་པ་བ་དག་ནི་ཉམས་རྟོགས་དཔྱིས་ཕྱིན་པ་དག་ཡིན། ཡིན་ཡང་ཉམས་རྟོགས་ཤུགས་ཆེ་ཡང་ཁྱེད་ལ་རྟོགས་པའི་བློ་མ་སྨིན་པར་མ་ལག་ཙམ་གཏན་དུ་འབེབས་འཕྱིར་གཏན་ཚིགས་ཀྱིས་ཞན་ཆ་མི་སྐུང་རང་སྐུང་དུ་གྱུར་ཚེ། དོན་དངོས་ཐོག་དེ་ནི་གཏན་ཚིགས་བཀོལ་ནས་ཉམས་རྟོགས་དག་མ་ལ་བརྫུས་པ་ཞིག་རེད། རྒྱུ་མཚན་དེའི་དབང་གིས་ནིས་ཆ་ཡིས་གཞུངས་མི་སྲུང་ཚུལ་བཤད་པ་རེད།

  ང་རང་གིས་ཤེར་རྟོགས་རིག་པའི་གསུང་རྩོམ་ཀློག་དུས། ངའི་ཡིད་སེམས་རྨང་ནས་སྒུལ་བྱེད་ནི་དེའི་གཞུང་གི་མི་ཚེའི་ཉམས་རྟོགས་དང་བསམ་བློ་དག་རེད། ཡིན་ཡང་ཡིད་ཕངས་པ་ཞིག་ལ་མི་ཚེའི་ལྟ་བ་ཆེན་པོ་དག་ནམ་རྒྱུན་ཕོན་ཆེ་བའི་མ་ལག་གིས་གཡོགས་འདུག་སྙམ། མི་འགའ་རེས་རྟག་པར་རྒན་ལགས། ཁྱེད་ཀྱིས་ཅིའི་ཕྱིར་རང་ཉིད་ལ་དབང་བའི་མ་ལག་ཅིག་གཏན་ལ་མི་འབེབས་པ་ཡིན་ཟེར།

  ངས་རྟག་པར་ང་མྱི་འདི་ཅན་པོ་མིན་རབས་ལབ། འདྲི་མཁན་ཚོས་ངའི་ཁེངས་སྐྱུང་རེད་སྙམ་འདུག ཡིན་ཡང་ངས་དུས་ཚོད་དག་འདི་འདྲའི་རིན་ཐང་མེད་པའི་ཕྱོགས་སུ་གཏོང་བར་སྙིང་པོ་ཆུང་ཨང་སྙམ།

  གསུམ་པ། འཇར་མན་གྱི་ཤེར་རྟོགས་རིག་པ་བའི་རྩོམ་སྟངས་མང་ཤོས་ནི་དོན་ཟབ་ལ་གོ་དཀའ་བ་འདུག ཁན་ཐྲི་ནས་ཧེ་གྷོལ། ཞི་ལེན་དང་ཧྥུས་ཞི་ཐི་སོགས་ཁོ་ཚོའི་གསུང་རྩོམ་དག་ལ་སུ་ཞིག་གིས་གོ་བ་རྙེད་ཐུབ་བམ། ། ངས་ཁོ་ཚོའི་གསུང་རྩོམ་དག་མི་ལེགས་རབས་བཤད་པ་མིན། ལྷག་པར་དུ་ཁན་ཐྲི་ནི་དུས་རབས་ཤིག་གི་དབྱེ་མཚམས་ཀྱི་ཤེར་རྟོགས་རིག་པ་བ་སྟེ། ཁོང་གི་རྗེས་དཔག་རྣལ་མའི་དགག་སྒྲུབ་བཀླགས་ཚེ། ཁྱེད་ཀྱིས་ཁོས་ཅི་འདྲའི་དཀའ་ངལ་ཆེན་པོས་ཤེར་རྟོགས་རིག་པའི་བསམ་ཕྱོགས་གསར་བ་ཞིག་འགྲེལ་བརྗོད་གནང་གིན་པ་ཚོར་ངེས།

  ཡིན་ཡང་ཁོ་བོ་ནི་ཞོ་ཕུན་ཧ་ཧྥུར་གྱི་བསམ་ཕྱོགས་ལ་མོས་མཐུན་ཡོད། ཁོང་ན་རེ། ཁང་ཐྲི་ལགས་ནས་ཏན་ཏན་ཚིགས་ལྡེབས་ལེགས་ཤིང་དོན་གོ་སླ་མོ་ཞིག་འབྲི་ཐུབ་ཤག་ཡིན་ཟེར། ཞོ་ཕུན་ཧྭ་ཝུར་ནི་ཁན་ཐྲིའི་ཤེར་རྟོགས་རིག་པའི་རྗེས་མཇུག་པ་ཞིག་རེད། ཁོང་གི་རྩོམ་ཡིག་དག་ནི་གོ་བསྐོན་བློ་འགུག་དང་ཁན་ཐྲི་དང་བསྡུར་ན་རྩོམ་སྟངས་ཐ་དད་ཡིན་ངེས།

  ནིས་ཆ་ཡང་ཞོ་ཕུན་ཧ་ཧྥུར་གྱི་ཤེར་རྟོགས་རིག་པའི་རྗེས་འཇུག་པ་རེད། ཡིན་ཡང་ཁོང་གི་རྩོམ་སྟངས་ནི་ཞོ་ཕུན་ཧ་ཧྥུར་དང་མི་འདྲ། ཤེར་རྟོགས་རིག་པའི་གསུང་རྩོམ་ཁྲོད་ནས་ཆེས་ཐུན་མོང་མ་ཡིན་པ་ཞིག་རེད། ཁོང་གི་གསུང་རྩོམ་མང་པོ་ནི་ལེགས་བཤད་ཀྱི་རྣམ་པ་རེད། ཁོང་གི་ཚིག་གྲུབ་ཐོར་བུ་རེ་རེས་རང་རྐྱ་ཐུབ་པའི་བརྗོད་པ་རེ་གྲུབ་ཡོད། དེས་ན་ཅིའི་ཕྱིར་ལེགས་བཤད་ཀྱིས་རྩོམ་དགོས་པ་རེད་ཅེ་ན།

  ནིས་ཆ་རང་གི་གོ་བ་ལྟར་ན་ལེགས་བཤད་ནི་འགྱུར་མེད་ཀྱི་རྣམ་པ་ཞིག་རེད་ཟེར། ཁོང་གིས་གསུང་པའི་འགྱུར་མེད་ནི་འཇིག་རྟེན་དང་མི་ཚེའི་འགྱུར་མེད་ཀྱི་གནས་ལུགས་ག་གེ་མོ་ཞིག་ལ་ཟེར་བ་རེད། ཤེར་རྟོགས་རིག་པ་བའི་དམིགས་རྟེན་ནི་འདི་འདྲའི་རིགས་ཀྱི་གནས་ལུགས་འཛིན་ཐུབ་དགོས། འོན་ཏེ་གཏན་ཚིགས་ནི་དེ་ལྟར་ཁོང་དུ་ཆུད་ཐུབ་པ་ཞིག་མ་ཡིན། སྐད་ཅིག་མའི་རྟོགས་པའི་ཁྲོད་ནས་མངོན་ཙམ་བྱུང་བའི་རྟོགས་པ་ཕྲ་མོ་དག་ཟིན་བྲིས་སུ་བཏབས་པ་དག་ནི་ལེགས་བཤད་དོ།། དེའི་རྐྱེན་པས་ལེགས་བཤད་ནི་མི་འགྱུར་རྟག་བརྟན་ཞིག་རེད་ཟེར་དགོས་པ་རེད།

  མི་རེ་འགས་མཚན་ཉིད་རིག་པ་བ་ནི་ངེས་པར་དུ་ནམ་ཡང་བསམ་གཞིགས་མཚམས་མི་འཇོག་མཁན་དུ་འདོད། ཡིན་ཡང་དེ་འདྲ་ནི་གཞར་མ་ཡིན། ནམ་ཀུན་མཚམས་འཇོག་མི་ཤེས་པར་བསམ་བློ་གཏོང་ཁུལ་བྱེད་མཁན་ནི་ཀློའུ་རེད། ཆེས་མང་ཤོས་ནི་ཤེར་རྟོགས་རིག་པ་བ་ཐ་ཤལ་དག་རེད། ཤེར་རྟོགས་རིག་པ་བ་ནི་ཀློའུ་ཡི་རིགས་གཞན་ཞིག་རེད། ནིས་ཆ་ཆེས་སྡང་ས་ནི་བསམ་གཟས་ནས་བསམ་གཞིག་རྫུན་མ་བྱས་ཏེ་བསམ་བློ་བཟོ་སྐྲུན་བྱེད་པ་རེད། བསམ་བློ་ནི་བཟོ་སྐྲུན་བྱེད་ཐུབ་པ་མ་ཡིན། ཁོང་ནི་མུ་མེད་ཀྱི་སྤང་ཐང་དང་རི་ལུང་། གཙང་འགྲམ་སོགས་སུ་ཕེབས་ནས་བསམ་གཞིག་བྱེད་པར་གོམས་ཡོད། ཁོང་གི་སྐད་ཆ་ལྟར་བཤད་ན། (ཞབས་ཀྱིས་བཅགས་པའི་ས་ཆེན་གྱི་ལམ་བུས་ཀྱང་གཏིང་རིང་བའི་མནོ་བསམ་བཞེས་ཀྱིན་པ་དང་མཚུངས་ཟེར།)

  ཁོ་བོས་བསམ་ན་མི་ཞིག་ཁེར་རྐྱང་ངང་འཆམ་འཆམ་འགྲོ་དུས་སྐབས་དེའི་བསམ་བློ་ནི་ཆེས་བག་ཡངས་དང་གསོན་ཤུགས་ཡོད་དུས་རེད་སྙམ། བསམ་གཞིག་མང་པོ་ཞིག་ཐོལ་གྱིས་ཐོན་འོང་ངེས། ཁོང་གི་སྐད་ཆ་ལྟར་བཤད་ན་བསམ་བློ་ནི་བསིལ་འཇམ་རླུང་བུ་དང་འདྲ་བར་ཐོལ་གྱིས་མདུན་དུ་ལྡང་བར་བྱེད་ལ། སྔོན་འགྲོ་ནི་རྒྱུན་ལྡན་ཁྱེད་ལ་སྤྲོ་སྣང་གིས་གཏམས་པའི་མཚར་འཛིན་མང་པོ་ཞིག་ཡོད་དགོས། དེ་མིན་ཁྱེད་ཀྱི་བསམ་བློའི་ནང་གི་དེ་དག་ལ་གླེང་རིན་སྤུ་ཙམ་མེད།

  ནིས་ཆ་ཡིས་རང་གི་རྩོམ་འབྲི་ལ་བདག་པོ་ཤིན་ཏུ་རྒྱག ཁོང་ན་རེ། ཁོ་བོའི་གཏམ་འདོད་ཚ་བོ་དེ་སྐད་ཆ་ཚིག་གསུམ་གྱིས་ཤོད་ཐུབ་པ་གཞན་གྱིས་དཔེ་དེབ་ཅིག་གིས་བཤད་ཀྱིན་པ་རེད། འདི་ནི་ཉིང་བསྡུས་རེད། གཞན་གྱིས་དེབ་ཅིག་གིས་མ་ཤོད་པ་ངས་ཤོད་པ་ནི་ཐུན་མོང་མ་ཡིན་པའི་ཆ་ཡིན་ཟེར། ཁོང་གིས་དེ་ལྟར་བཤད་ཆོག་ཆོག་ཡིན་སྟེ། ཉིང་བསྡུས་དང་ཁྱད་ཆོས་ཟུང་ནི་ཁོང་གི་གསུང་རྩོམ་གྱི་ཆེས་འབུར་དུ་ཐོན་པའི་རྩོམ་གཤིས་སུ་བརྩི་རིགས། ཁྱེད་ཀྱིས་ཁོང་གི་གསུང་རྩོམ་བཀླག་ཚེ་གཅིག་ནས་འགྲན་སེམས་ཞིག་དང་གཉིས་ནས་ལོངས་སྤྱོད་ཅིག་ཚོར་ཐུབ་ངེས།

  དེའི་ཕྱིར་ངས་བཤད་པ་ཙམ་གྱིས་ཁྱེད་རང་ཡིད་མི་མགུ་བའམ་ཡང་ན་སུ་ཞིག་གིས་ནིས་ཆ་གླེང་ན། ངེས་པར་ཁོང་གི་གསུང་རྩོམ་བཀླགས་དགོས་ཤིང་གསུང་རྩོམ་བཀླག་ཚེ་བྲོ་བ་ཁ་ཁ་ཞིག་རྙེད་ངེས། རེད་དེ། ད་ནི་ཁོང་གི་ཐུན་མོང་མ་ཡིན་པ་དེ་ཕྱོགས་སུ་སྡུད་ཆོག གཅིག་ནས་ཤེར་རྟོགས་རིག་པ་ནི་ཆེད་ལས་ལ་མི་འཛིན་པ། གཉིས་ནས་མ་ལག་གཏན་ལ་མི་འབེབས་པ། གསུམ་ནས་གཞན་དང་མི་འདྲ་བའི་རྩོམ་སྟངས་བཅས་སོ།།

  དོན་ཚན་འདི་གསུམ་ལས་ད་དུང་ཁོང་གི་ཆེས་ཐུན་མོང་མ་ཡིན་པ་ཞིག་འཐུས་ཤོར་སོང་འདུག དེ་ནི་ཁོང་གི་བསམ་བློ་སྟེ། ཁོང་གི་དུས་རབས་ལ་མཚོན་ན་ཁོང་གི་བསམ་བློ་ནི་ཧ་ལས་ཧང་སངས་བ་ཞིག་སྟེ། ཁོང་གི་བསམ་བློས་ཁོང་ཉིད་གཞན་དང་ཐུན་མོང་མ་ཡིན་པའི་རླབས་ཆེན་དུ་བསྒྱུར་འདུག བཞི་བ་ནི་ཁོང་ཉིད་རླབས་ཆེ་ཚུལ་རེད། ཁོང་རླབས་ཆེན་ཡིན་ཚུལ་སྐོར་ནས་གོ་སླ་མོ་ཞིག་བཤད་ཆོག རྒྱུ་མཚན་གཤམ་ནས་ནང་དོན་ཚང་མ་འདིའི་སྐོར་ནས་བཤད་ཀི་ཡིན། ཤེར་རྟོགས་རིག་པ་བ་གང་འདྲ་ཞིག་གཟོད་རླབས་ཆེན་ཡིན་ཟེར་ན།

  ཁོ་བོས་རླབས་ཆེན་གྱི་བསམ་བློ་བ་ནི་རླབས་ཆེན་གྱི་འདྲི་རྟོག་པ་ཞིག་རེད་སྙམ། ཁོང་གིས་བཏོན་པའི་དྲི་བ་ལ་ཁྱད་ཆོས་གསུམ་ཙམ་འདུག དང་པོ་ནི་འཇིག་རྟེན་དང་མི་ཚེའི་རྩ་བའི་ཆ་ལ་འདྲི་རྟོག་བྱེད་པ། དེ་ནི་མིའི་རིགས་ལ་དབང་ཞིང་མིའི་རིགས་ཀྱི་རྩ་བའི་གནད་དོན་ཞིག་རེད། དེ་བཞིན་ཁོ་རང་ལ་ཡང་དབང་ཐག་ཆོད་པ་ཞིག་རེད། དེ་ནི་ཁོའི་བློ་སྲོག་གི་དྲི་བ་ཞིག་ཀྱང་ཡིན་པས་སོ།།

  གཉིས་པ་ནི་ཁོའི་འདྲི་རྟོག་ནི་དུས་རབས་ཀྱི་དགོངས་པའི་གནད་གལ་ཆེན་ཞིག་རེད། ཁོང་གི་འདྲི་རྟོག་གིས་དུས་རབས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།

  གསུམ་པ་ནི་ཁོང་གི་འདྲི་རྟོག་དང་དྲི་ལན་འཚོལ་སྟངས་ཀྱིས་ཤེར་རྟོགས་རིག་པའི་ལོ་རྒྱུས་སྟེང་གི་རིག་ལམ་རྙིང་པ་མང་པོ་ཞིག་ལ་བསྒྱུར་བཅོས་བཏང་ཞིང་། བསམ་གཞིག་གསར་བ་དེས་ཁོང་ལ་ཤེར་རྟོགས་རིག་པའི་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་གོ་གནས་ཐོབ་ཏུ་བཅུག ནིས་ཆ་ནི་འདི་འདྲའི་རླབས་ཆེ་བའི་འདྲི་རྟོག་པ་ཞིག་རེད། ཁོང་གི་བཏོན་པའི་དྲི་བ་དང་གནད་དོན་སེལ་ཐབས་གཙོ་བོ་ནི་གསུམ་སྟེ། དང་པོ། དོན་སྙིང་མེད་པའི་འཇིག་རྟེན་ལ་ཇི་ལྟར་དོན་སྙིང་ཞིག་འཇོག་པ། གཉིས་པ། དུས་རབས་ཀྱི་ནད་རྟགས། ཁོང་གི་སྐད་ཆ་ལྟར་བཤད་ན། དོན་སྟོང་རིང་ལུགས་ཏེ་དོན་སྟོང་རིང་ལུགས་ཀྱི་རྩ་བ་དང་གསོ་བཅོས་བྱེད་ཐབས་ནི་ཅི་ཡིན་པ། གསུམ་པ། ནུབ་ཀྱི་མཚན་ཉིད་རིག་པ་ནི་ཇི་ལྟར་གཟུགས་འདས་རིག་པར་ཁ་ཕྱོགས་པ། དེ་ཡི་མ་འོངས་པའི་ཁ་ཕྱོགས་དང་ལམ་བུ་ཅི་འདྲ་ཡིན་པའོ།།

  ཁྱེད་ཀྱི་གནད་གསུམ་པ་འདི་བློ་ལ་ངེས་རོགས། འདི་ཚོ་ནི་གཤམ་ནས་ཁྲིད་པའི་ནང་དོན་དང་འབྲེལ་བ་ངེས་ཅན་རེ་ཡོད།

  ཡ། དེ་རིང་གི་ཁྲིད་མཚམས་འདི་ནས་འཇོག གཙོ་བོ་ནིས་ཆ་ནི་ཐུན་མོང་མ་ཡིན་པ་དང་རླབས་ཆེ་ཚུལ་དེ་རེད། སློབ་ཁྲིད་རྗེས་མ་ནི་ངས་ནིས་ཆའི་ཉམས་མྱོང་མང་པོ་ཕྱོགས་སུ་བསྡུས་ནས་ཁོང་གི་སྒེར་གཤིས་ཀྱི་སྐོར་ནས་བཤད་རྒྱུ་ཡིན། ང་ཚོ་ཁྲིད་ཚན་རྗེས་མ་ནས་མཇལ་ཡོང་།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རླབས་ཆེ་བའི་ཤེར་རྟོགས་རིག་པ་བ།

2022-05-17 ཀྲུའུ་ཀོ་ཕིང་།  ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།