སྟོན་དུས་ཀྱི་དྲན་པ།

ཧྲི་ཐེའེ་ཧྲེང་།(史铁生) 琼迈文学网 2023-09-16

  རྐང་པ་གཉིས་ཞ་ནས་ནུས་པ་ཤོར་བ་ནས་བཟུང་། ང་ནི་ཁོང་ཁྲོ་ཡི་མེ་ལྕེ་འབར་སླ་བའི་རང་གཤིས་ཤིན་ཏུ་མི་རྟག་པ་ཞིག་ཏུ་གྱུར། བྱང་ཕྱོགས་སུ་ལོག་པའི་ཁྲུང་ཁྲུང་གི་ཁྱུ་ཚོགས་ལ་ལྟ་བཞིན། ངས་གློ་བུར་དུ་མདུན་གྱི་ཤེལ་སྒོ་གཅག་སྲིད་ལ། ལི་ཀུའུ་ཡི་སྙན་འཇེབས་ལྡན་པའི་གླུ་སྐད་ལ་ཉན་བཞིན་ངས་ཀྱང་ལག་འགྲམ་གྱི་དངོས་པོ་རྣམས་ཕྱོགས་བཞིའི་གྱང་སྡེབས་སུ་གཡུགས་པར་ངེས། ང་རང་རྒྱུན་པར་ཁོང་ཁྲོས་ནང་སེམས་དང་བྱ་བྱེད་གཉིས་འཁྲུག་པའི་ཚེ་ན། ཨ་མ་ནི་ཁ་རོག་གེར་ཕྱི་རུ་ཐོན་ནས་ངས་མ་རིག་པའི་ས་ནས་ཁོ་བོའི་བྱ་བྱེད་ལ་ཉན་ནས་སྡོད་སྲིད། ཆ་ཚང་ལྷིང་འཇགས་སུ་གྱུར་རྗེས། ཁོང་ཡང་ཁ་རོག་གེར་ནང་ལ་འཛུལ་ཡོང་སྟེ། མིག་མཐའ་ཡང་དམར་པོར་གྱུར་ནས་ང་ལ་བལྟ་བཞིན་དུ། “གོ་ཐོས་སུ་པེ་ཧེ་ཡི་མེ་ཏོག་བཞད་ཁ་ཕྱེ་འདུག་ཟེར། ངས་རང་ཁྲིད་ནས་བལྟ་ཙམ་བྱེད་པར་འགྲོའམ་”ཞེས་ནམ་ཀུན་ནས་ཡང་ཡང་འདྲི་བཞིན་ཡོད། ཨ་མ་ནི་མེ་ཏོག་ལ་ཤིན་ཏུ་ནས་དགའ་མཁན་ཞིག་རེད། འོན་ཀྱང་ངའི་རྐང་པ་གཉིས་ཞ་བོར་གྱུར་པ་ནས་བཟུང་། ཁོང་རང་གིས་གསོ་སྐྱོངས་བྱས་པའི་མེ་ཏོག་ཡོངས་ད་ལྟ་ཤི་ཟིན། “མིན། ང་འགྲོ་གི་མིན་”ཅེས་རང་གི་སྙིང་ལངས་པར་འཇུག་པའི་རྐང་གཉིས་ལ་ཁྲོ་གཏུམ་གྱིས་རྡུང་བཞིན། ད་ནི་གསོན་པོར་བསྡད་ནས་སྙིང་པོ་ཅི་འདུག་ཅེས་སྐད་ཅོར་རྒྱབ་པས།ཨ་མ་ཚུར་རྒྱུག་ཡོང་ནས་ངའི་ལག་པར་འཇུས་ཏེ། ངུ་སྐད་ཤོར་བ་འཛེམས་ནས། ངེད་མ་སྨད་གཉིས་ཡག་པོའི་ངང་འཚོ་དང་། ཡག་པོའི་ངང་འཚོ་དང་ཞེས་སྐྱོ་སྣང་དང་ངུ་ངག་འདྲེས་མས་ང་ལ་སེམས་གསོ་བྱེད་གང་ཐུབ་ཀྱིས་རེམ་པར་བྱེད།

  འོན་ཀྱང་ངས་ཁོང་གི་ནད་གཞི་ཚབས་ཆེན་དེ་འདྲའི་གནས་སུ་སླེབས་ཡོད་པ་གཏན་ནས་མ་ཤེས། ཕྱིས་སུ་སྲིང་མོས་ང་ལ་ཨ་མ་རྒྱུན་དུ་མཆིན་པ་ན་ནས་མཚན་ཞག་ཧྲིལ་པོར་ན་ཟུག་གིས་མ་བཟོད་པར་ཕར་སློག་ཚུར་སློག་བྱས་ནས་སྡོད་དགོས་གལ་བས་གཉིད་ཁུག་པའི་དང་ག་ཀྱང་མེད་པར་གྱུར་འདུག་ཟེར།

  ཉིན་དེར་ང་རང་གཅིག་པུ་ཁང་པའི་ནང་དུ་བསྡད་དེ་སྒེའུ་ཁུང་ཕྱི་རོལ་གྱི་སྡོང་ལོ་སྐམ་པོ་སྟོན་རླུང་གིས་སྤུར་བའི་རྣམ་པར་གཡེང་ནས་སྡོད་སྐབས། ཨ་མ་ནང་དུ་འཛུལ་ཡོང་ནས་སྒེ་ཁུང་གི་མདུན་ངོགས་སུ་ལགས་ཏེ།“མཚོ་བྱང་གི་ཚ་ལུའི་མེ་ཏོག་བཞད་འདུག་ཟེར། ངས་ཁྱོད་ཁྲིད་ནས་བལྟ་ཙམ་བྱེད་པར་འགྲོ་དང་།”ཞེས་ཁོང་གི་རིད་པོར་གྱུར་བའི་གདོང་རིས་ལས་ང་ལ་རེ་ཞུ་བྱེད་པའི་རྣམ་འགྱུར་ཞིག་མངོན་ཡོང་། ངས་“ག་དུས་འགྲོའམ།”ཞེས་དྲིས་པས། ཁོང་གིས“གལ་ཏེ་ཁྱོད་འགྲོ་འདོད་ཚེ། སང་ཉིན་རང་འགྲོ་དོ།” ཞེས་ཟེར། ངའི་ལན་བརྡས་ཁོང་གི་སེམས་པ་རབ་ཏུ་ནས་དགའ་བར་གྱུར་འདུག་པས། ང་མུ་མཐུད་དུ“ཡ། བྱས་ན་སང་འགྲོ་དོ་ཟེར་བས། ཁོང་དགའ་ཐག་ཆོད་ནས་སྐབས་རེ་ལངས་པ་དང་ཡང་སྐབས་རེ་སྡོད་པ་སོགས་ཀྱི་དགའ་སྣང་གི་བྱ་སྤྱོད་མང་དུ་སྤེལ་བཞིན་དུ། “བྱས་ན་ངས་ལམ་སེང་གྲ་བསྒྲིགས་བྱ།” “ཨ་ཙེ། ཇ་ཡུན་ཙམ་གྱི་ལམ་ལ་གྲ་བསྒྲིགསདགོས་དོན་གང་ཡོད། མི་སུན་ནམ།”ཅེས་ཀུ་རེའི་ངང་བརྗོད་པས། ཨ་མ་ངའི་འགྲམ་དུ་བསྡད་ནས་ཁོང་ཡང་དེ་རིས་དགད་མོ་དགོད་བཞིན། གསལ་ལ་མི་གསལ་གྱི་ཉོག་་བཤད་བྱེད་བཞིན། ཚ་ལུའི་མེ་ཏོག་བལྟས་རྗེས། ང་ཚོ་ཧྥང་ཧྲན་ལ་འགྲོ། ཁྱོད་ཆུང་དུས་ཧྥང་ཧྲན་གྱི་སྲན་ཁུ་ཟ་རྒྱུ་ཤིན་དུ་ནས་དགའ། ཁྱོད་ཀྱིས་ད་དུང་དེ་སྔོན་ངས་རང་ཁྲིད་ནས་པེ་ཧེ་ལ་ཕྱིན་ཚུལ་དྲན་ནམ། ཨུ་ཚུགས་ཀྱིས་སྦྱར་བའི་མེ་ཏོག་དེ་འབུ་ཉོག་ཉོག་རེད་ཅེས་རྒྱུག་བཞིན་དུ་རྐང་པ་རེས་རྡོག་རྫིས་རེ་བཏང་བཞིན་་་་་་་་ གློ་བོར་དུ་ཁོང་གིས་སྨྲ་བ་མ་གྲགས་པར་ཁ་རོག་གེར་བསྡད། ཨ་མའི་ངོས་ནས་བཤད་ན་“རྒྱུག་པ་”དང་“བརྫིས་པ་”སོགས་ཀྱི་མིང་ཚིག་དེ་དག་ང་ལས་ཀྱང་ཚོར་བ་རྣོ་བས། ཁོང་ཡང་ཁ་རོག་གེར་ཕྱི་ལ་ཐོན་སོང་།

  ཐེངས་འདིར་ཁོང་སྒོར་བུད་སོང་རྗེས། ད་ནས་ཕྱིར་མ་ཡོང་།

  ཁྱིམ་མཚེས་ཉེ་འབྲེལ་ཚོས་ཁོང་འཁོར་གསུམ་རླངས་འཁོར་ནང་དུ་ཡར་འདེགས་སྐབས། ཨ་མའི་ཁ་ནས་ད་དུང་ཡང་ཁྲག་བཞུར་གྱིན་འདུག ཨ་མ་ནད་ཀྱིས་མནར་ནས་དེ་ལྟར་ཉམས་ཐག་ཏུ་གྱུར་ཡོད་པ་ངའི་བསམ་བརྗོད་ལས་ཡོངས་སུ་འདས། འཁོར་གསུམ་འཁོར་ལོ་རྒྱང་རིང་ནས་རྒྱང་རིང་གྱེས་ནས་མཐར་ངའི་མིག་གི་མཐོང་རྒྱ་ལས་ཡོགས་སུ་ཡལ་རུང་། ངས་ད་དུང་དེ་ནི་ཚེ་གཅིག་གི་དགྱེས་བྲལ་དེ་ཡིན་པ་གཏན་ནས་ཡིད་ལ་མ་ཤར།

  ཁྱིམ་མཚེས་ཀྱི་གསར་བུས་ང་རང་སྒལ་པར་ཁུར་ནས་ཁོང་མོར་བལྟ་རུ་འགྲོ་དུས། ཁོང་གིས་དཀའ་ཚེགས་ཆེན་པོའི་དབུག་གི་འབྱིན་རྔུབ་བྱེད་པ་ནི་ཁོང་རང་ཚེ་གང་གི་དཀའ་སྡུག་གི་མི་ཚེ་དེ་དང་ཨ་ན་མ་ན་རེད། གཞན་གྱིས་ང་ལ་བཤད་པ་ལྟར་ན་ཁོང་ཚེ་སྲོག་གི་མཐའི་མའི་སྐད་ཆ་བཤད་འཕྲོ་དེའང་།“ངའི་ནར་མ་སོན་པའི་པའི་བུ་མོ་དེ་དང་ནད་ཀྱིས་མནར་བའི་བུ་དེ་་་་་་་་”

  སླར་ཡང་བསིལ་རླུང་ལྷོད་ཀྱིས་ལྡང་བའི་སྟོན་དུས་ཞིག་ན། གཅུང་མོས་ང་ཁྲིད་ནས་པེ་ཧེ་ཡི་ཚ་ལུའི་མེ་ཏོག་བལྟ་བར་ཕྱིན་པ་ཡིན། མེ་ཏོག་སེར་པོ་ནི་གཙང་ཞིང་མཛེས་ལ།མེ་ཏོག་དཀར་པོ་ནི་དྭངས་ཤིང་གསལ། མེ་ཏོག་སྨུག་པོ་དག་ནི་མཐུག་ཅིང་ཟབ་པས། སྟོང་རླུང་གི་ཁྲོད་དུ་ཆུན་པོ་དང་ཐར་ཐོར་གང་སར་ཚོན་མདངས་རྣམ་པར་བཀྲ་ལ་ཁྲ་ཚོམ་གྱི་མཐིང་གི་སྐར་ལྟར་གང་སར་སྐྱེས་ནས་གནས། ངས་ཨ་མའི་བཤད་འཕྲོ་ལུས་པའི་སྐད་ཆའི་དོན་དག་སེམས་དང་སེམས་པའི་བར་ནས་ཚོར་ཤེས་ཐུབ་ལ་གཅུང་མོ་ཡང་དེ་བཞིན་ནོ།། ང་དང་གཅུང་མོ་གཉིས་ནམ་ཡང་བདེ་སྣང་ངང་འཚོ་བར་རོལ་འོས།

                                   སྣག་ཚ་ནག་པོས་བསྒྱུར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྟོན་དུས་ཀྱི་དྲན་པ།

2023-09-16 ཧྲི་ཐེའེ་ཧྲེང་།(史铁生) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།