ཕྱིན་ཆད།

ཀློང་རྡོལ(龙冬)གྱིས་བརྩམས། 琼迈文学网 2024-08-31

  ཕྱིན་ཆད། མལ་ཁེབས་དང་ཉལ་ཤུབས་བཀྲུ་ཚེ། ང་གཅིག་པུས་དགྲམ་ཐབས་དང་བལྟབ་ཐབས་བྲལ།

  ཕྱིན་ཆད། ཁྱེད་ཀྱི་ལག་ཐོགས་ཁ་པར་ནང་འདྲ་པར་ཉུང་ངུ་ལས་ཉར་མེད་པ་དེ་ངའི་ཁ་པར་ནང་ཚུར་སྤོས་ཏེ་ཉར་ཆོག པར་དེ་དག་ནི་ལྷ་སར་ཡོད་པའི་ཁྱེད་ཀྱི་ཡབ་ཡུམ་དང་ཁྱིམ་མི་ཚོ་རེད། ཁྱེད་རང་བོད་དུ་གཤམ་བསྐྱོད་བྱེད་སྐབས་ཀྱི་མཚོ་མཚེའུ་དང་གངས་རི། སྤྲིན་དཀར། དགོན་པ་དང་བློས་ཐུབ་ཀྱི་གྲོགས་པོ་རེད། གནའ་བོའི་ལྡེབས་རིས་ཐོག་གི་མར་པ་ལོ་ཙཱ་བ་རེད། ད་དུང་ཁྱེད་དང་རྩོམ་མཁན་སྐུ་ཞབས་དབང་ཙེང་ཇི་ལགས། ཁོང་གི་སྐུ་ཟླ་ལྷན་དུ་ཡོད་པའི་མཉམ་པར་མང་པོ་འདུག འདི་མཐོང་བ་དང་ངས་གཞི་ནས་ཁྱེད་ཀྱིས་ཁོང་ཚོ་ཅི་འདྲའི་དྲན་བཞིན་ཡོད་པའི་གདུང་ཤུགས་དེ་ཚོར་བྱུང་། སྐུ་ཞབས་དབང་ལགས་གྲོངས་ནས་ལོ་ངོ་ཉི་ཤུ་ཟིན། ད་ལོའི་དབྱར་ཁར་ངེད་གཉིས་ཆེད་མངགས་རླངས་འཁོར་བཏང་ནས་སྐུ་ཞབས་དབང་ལགས་ཀྱི་ཕ་ཡུལ་ཀའོ་ཡོའུ་དུ་ཕྱིན་ནས་ རྗེས་དྲན་མཆོད་འབུལ་བྱས་ཤིང་། དེ་དུས་ཀའོ་ཡོའུ་མཚོ་འགྲམ་གྱི་དགོན་པ་ཞིག་གི་འདུ་ཁང་ནང་། ངས་ཙོག་པུར་བསྡད་དེ་འཕག་འཚག་རྒྱག་བཞིན་པའི་ཞི་མི་ཞིག་ལ་ཟ་ཕྲུག་བླངས་ཏེ་རྩེད་མོ་རྩེད་པ་ན། ལྷ་ཁང་གི་དཀོར་གཉེར་གྱིས་སྒོ་སྲུང་བའི་སྡོད་གནས་ནས་ང་ལ་ལྐོག་པར་ལེན་པ་དང་། ཁྱེད་ཀྱི་ང་ཚོའི་ཚུལ་དེ་པར་བརྒྱབ་འདུག པར་འདིས་ཁྱེད་ཀྱི་སེམས་ངལ་མང་པོ་གསོས་མྱོང་ཞིང་། པར་འདི་ཁྱེད་ཀྱི་སྲུང་བ་ཡང་རེད། དེ་ནས་བཟུང་ཁྱེད་རང་ཞི་འཇམ་ལ་ངང་རིང་བའི་ང་ལ་དགའ་པོ་ཡོད།

པར་པ། གཡང་སྒྲོན།

  ཕྱིན་ཆད། ངས་རང་གི་བསམ་བློའི་མ་འདོད་པའི་རྣམ་འགྱུར་ངན་པ་ཚང་མ་ཁྱེད་ལ་བཤད་དེ་ཁྱེད་ཀྱི་སེམས་སྡུག་སྣང་མེད་དུ་བཞག་པ་དེ་རིགས་བྱས་མ་ཡོང་། ང་ཕོ་ཁྱོ་ག་ཞིག་མ་རེད།

  ཕྱིན་ཆད། ངས་ཁྱེད་དང་མི་གཞན་ལ་ངང་རྒྱུད་རིང་ཙམ་བྱེད་རྒྱུ་ཡིན། ལྷག་པར་དུ་བུ་མོ་ཚོར་གཟོད་བསྲན་བྱེད་རྒྱུ་ཡིན། དེ་ཡང་བུ་མོ་ནི་རིགས་གཞན་ཞིག་ཡིན་ཏེ་རྟ་ཁྱུའི་ནང་གི་རྐྱང་ཁྲ་ལྟ་བུ་དེ་ཡིན།

  ཕྱིན་ཆད། ཁྱེད་ཀྱིས་མ་གཞི་ནས་སློབ་ཆེན་སློབ་གསོ་ཟེར་བར་ཡིད་མ་ཆེས་ཤིག སློབ་ཆེན་ནི་མི་ལ་རྒྱུན་ཤེས་མི་སློབ་ཅིང་མི་ལ་ནམ་རྒྱུན་གྱི་ཟོར་ཡང་ལ་གདམ་ང་བྱེད་ཆོག་པའི་བསམ་བློ་གཏོང་སྟངས་མི་སློབ་པར། མཇུག་བསྡོམས་ཁོ་ན་གཙིགས་སུ་འཛིན། དེར་བརྟེན་ཁྱེད་རང་ངའི་ཁ་རི་ཁ་ཐུག་གི་གྲོགས་པོ་བློས་ཐུབ་དེ་ཡིན།

  ཕྱིན་ཆད། ཁྱེད་རང་སྤྲོ་པོ་གནང་རོགས། སྨིན་མ་མ་བསྡུས་པར་བགད་མོ་བགད་དེ་སྤྱན་དཀྱུས་རིང་བར་གནང་ནས་འཚོ་བར་རྒྱུན་ལྡན་གྱི་སྤྲོ་སྣང་མི་ཉུང་བ་ཞིག་སློང་དང་། ལྟ་ཀློག་ཀྱང་སྤྲོ་སྣང་ཞིག་ལོས་ཡིན། སྤྲོ་སྣང་འདི་ནི་ངེས་པར་དུ་སྤྲོ་སྣང་གཞན་མང་པོའི་ཁར་སྐྲུན་དགོས་པ་ལས། ཚེ་སྲོག་དང་འཚོ་བར་སྤྲོ་ཞེན་བྲལ་བའི་ལྟ་ཀློག་ནི་ནད་གཞི་དང་ནད་ངན་ཡིན།

  ཕྱིན་ཆད། ཁྱེད་ཀྱི་མི་གཞན་དང་དོན་དག་གཞན་ལ་ཚོར་བ་སྐྱེན་པོ་དང་དོ་སྣང་དེ་ཙམ་བྱེད་མི་དགོས། བསམ་བློ་གུ་ཡངས་ཙམ་བྱས་ཏེ་རང་ཉིད་ལ་དོན་མེད་དུ་མ་སྐྱིད་པ་བཟོ་དོན་མེད། དོན་ཆུང་ཕྲན་ཚེགས་ཀྱིས་རང་ཉིད་མ་སྐྱིད་པ་མ་གནང་ཞིག ཁྱེད་ཀྱིས་རྟག་རྒྱུན་ང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད། ང་ནི་“དོན་ཆེན་”གྱི་བཤད་སྒྲོས་དེའི་དོན་དུ་རླུང་ངར་ལངས་དོན་མེད་ཅིང་ཁྱེད་ལ་ཕོག་ཐུག་གཏོང་དོན་མེད། མི་ཡུལ་དུ་དགོད་བྲོ་བའི་རོལ་རྩེད་ཁོ་ན་ལས་དོན་ཆེན་ཟེར་བ་ཞིག་གང་ན་ཡོད།

  ཕྱིན་ཆད། མི་འགྱངས་བར་ཁྱེད་དང་ཁྱེད་ཚོར་སྟབས་བདེའི་སྒོ་ནས་སྤྱི་དམངས་ཀྱི་སྒེར་དོན་ཕྱིར་བསྐྱོད་དཔང་ཡིག་རགས་ངེས་པའི་ཡིད་ཆེས་ང་ལ་ཡོད། ཁྱེད་ཚོ་ཡང་འཁོར་ཞག་རིང་རང་དབང་ཅི་འདོད་དུ་ཕྱི་རྒྱལ་དང་ཤང་ཀང་ཨོ་མན་ཐའེ་ཝན་དུ་ཡུལ་སྐོར་དུ་བསྐྱོད་ཆོག

  ཕྱིན་ཆད། སྤྱིར་བཏང་རིག་གནས་ལས་ཀའི་རྩལ་ནུས་གོ་མིང་མེད་པར་གྱུར་ངེས་རེད། གོ་མིང་མཐོ་ལ་ཁང་པ་ཆེ་ན་ལོས་ཡག ཁང་པ་ཆུང་ཡང་སྡོད་མི་ཐུབ་པ་མེད། སུ་དང་སུ་ཞིག་སྡོད་གནས་ཡངས་པོ་ཡོད་མེད་ཀྱི་ཆགས་སྡང་བྱེད་དོན་མེད། པེ་ཅིང་གྲོང་གི་རྨི་གྲུ་བཞི་མ་80དེ་མཐའ་མཚམས་ཀྱི་རྨི་གྲུ་བཞི་མ་500ཡི་རྒྱ་ཁྱོན་ལ་བརྗེས་ཀྱང་ལུགས་དང་འགལ་མེད། ཁྱེད་ཀྱིས་ང་རང་ལ་སོ་སོའི་དེབ་ཁང་དང་དེབ་སྒྲོམ་ཞིག་ཀྱང་མེད་པར་སྙིང་རྗེ་བྱེད་བཞིན་པ་ངས་ཤེས་ཀྱི་ཡོད། ང་ཡང་དོན་དེར་སུན་ནས་རྟག་རྒྱུན་ཁྱེད་ལ་ང་རང་ལངས་ནས་འབྲི་རྒྱུར་ལོབས་ཟིན། སྟབས་བདེའི་གློག་ཀླད་ཁྱེར་ནས་གང་སར་བསྡད་དེ་འབྲི་རྒྱུར་གོམས་འདུག ང་དེབ་ཁང་གི་ཡིན་མདོག་ཁ་པོའི་རྫུས་ཉམས་དེ་ལ་དགའ་པོ་མེད་ཅེས་བཤད་ཀྱི་ཡོད།

  ཕྱིན་ཆད། ཁྱེད་རང་ངའི་དོན་དུ་སེམས་ཁྲལ་དང་སྡུག་བསྔལ་གནང་མི་དགོས། ཁྱེད་ཀྱིས་ང་ཕྲུ་གུ་འདྲ་བར་སྣང་མོད། ཡིན་ཀྱང་“ཕྲུ་གུ་”འདིས་བྱ་བ་ག་ཚོད་སྒྲུབ་མྱོང་ཞིང་ཉམས་མྱོང་ཇི་ཙམ་ཡོད། ལས་ཀ་འདི་དག་གང་ཟག་སུ་ཞིག་གིས་སྒྲུབ་ཐུབ་བམ། ཉམས་མྱོང་འདིས་མི་སུས་ཐེག་ཐུབ།

  ཕྱིན་ཆད། འུ་ཚོས་མི་གཞན་གྱི་ཁྲེལ་མེད་དང་ཤེས་མེད། ཁེངས་དྲེགས་དང་ཐལ་དྲགས་པའི་བྱ་སྤྱོད་དེ་རང་ཉིད་ལ་རྨ་ཁ་བཟོ་བའི་ལག་ཆར་བཀོལ་མི་དགོས། འུ་ཚོས་མི་དེ་དག་དང་བར་ཐག་རིང་ཙམ་བྱས་ན་ཆོག་ལ་ཁོ་ཚོ་ཡང་སྙིང་རྗེ་དགོས་པའི་ཚེ་སྲོག་ཡིན།

  ཕྱིན་ཆད། ཁྱེད་ཀྱིས་ཁྱིམ་ནང་གི་རྒྱུ་ནོར་ལ་སེམས་འཁུར་བྱེད་མི་དགོས། མི་གཞན་ཇི་ལྟར་འཚོ་ཡང་འུ་ཚོ་ཡང་དེ་ལྟར་འཚོ་ཆོག ངས་ཀྱང་ཐོབ་ཤོར་ལ་སྣང་དོགས་མི་བྱེད་ལ་ལག་པ་ཡང་པོས་གཏོང་ཕོད་ཆེན་པོ་ཡང་མི་བྱེད།

  ཕྱིན་ཆད། འུ་ཚོས་བློ་རྒྱ་གུ་ཡངས་ངང་གཞན་ལ་བསྟུན་ཤེས་བྱས་ཏེ་གཞན་གྱི་བྱ་སྤྱོད་ཆུང་ཙག་ལ་སྣང་འཇོག་བྱེད་མི་དགོས། ཁྱེད་ཀྱིས་ཀྱང་འུ་ཚོ་རང་གི་སྐྱོན་ངན་མི་གཞན་ལས་ཉུང་བ་མེད་ཅིང་གཞན་གྱི་སྣང་ངོར་འུ་ཚོ་དེ་ལས་ཀྱང་སྐྱུག་བྲོ་བ་ཡོད་སྲིད་ཟེར་བས། དེ་བས་ཀྱང་འུ་ཚོས་ངན་པ་ཡོད་ཚད་ལ་བསམ་ཤེས་བྱེད་འོས། ངན་པ་ནི་ནད་ཡིན་ལ་ཡང་ན་བྱ་དངོས་ཐམས་ཅད་དང་ཚེ་སྲོག་ཡོད་རྒུའི་ནང་དང་སྤྱི་ཚོགས་ཁྲོད་ཀྱི་སྲོག་ཆགས་བཙོག་པའི་བདེ་སྐྱིད་ཀྱི་སྒོ་ར་དེ་ཡིན། བཟང་པོ་ཡོད་ན་ངན་པ་ཡོད་ངེས་ཡིན་ལ་དེ་ནི་སའི་གོ་ལའི་ལྷོ་བྱང་སྣེ་གཉིས་དང་མཚུངས།

  ཕྱིན་ཆད། ཁྱེད་ཀྱིས་གཟུགས་ཕུང་ལ་འདང་དེ་ཙམ་རྒྱག་མི་དགོས། ན་ཚ་ཡོད་ཀྱང་མེད་ཀྱང་སྨན་ཁང་ལ་ཕྱིན་ནས་སྨན་པ་གང་བྱུང་སྟེན་མི་དགོས་ལ་སྨན་ཡང་མང་པོ་དེ་འདྲ་ཟ་དོན་མེད། ནད་ཡོད་ན་ཤེས་པར་བྱས་ཏེ་བཅོས་དགོས། ནད་གཞི་སྡུག་པོ་ཡོད་ཚེ་ག་ལེར་བཅོས་ཆོག་ཅིང་བཅོས་ཐབས་མེད་པའི་ལས་ནད་ཡིན་ན་སྲོག་ཤོར་ཡང་ཅི་བྱ། མིའི་ལོ་ཚོད་ངེས་ཅན་ལ་སོན་དུས། ལུས་ཕུང་ཐོག་གི་དབང་པོ་སྒོ་ལྔ་དང་དོན་ལྔ་སྣོད་དྲུག་ཡོད་ཚད་བདེ་ཐང་སྐྱོན་མེད་ཡིན་མི་སྲིད།

  ཕྱིན་ཆད། ངས་ཁྱེད་ཀྱི་སྐད་ཆར་ཉན་མི་དགོས། ཁྱེད་ཀྱི་ཁ་ལ་ཉན་པའི་དབང་གིས། ངས་ཉིན་གཅིག་ལ་ཆུ་ཚོད་གཉིས་གསུམ་རེའི་མཚམས་སུ་སྨན་མི་འདྲ་བ་རེ་ཟ་དགོས་བྱུང་། སྨན་འདི་དག་ཀྱང་མ་ཟ་ཐབས་མེད་ཀྱི་སྨན་ཉག་ཅིག་རེད། སྨན་ཟ་རྒྱུར་དགའ་བ་དང་སྨན་མང་པོ་བཟས་པ་འདི་སྔར་ནས་ནད་རིགས་ཤིག་རེད།

  ཕྱིན་ཆད། ཁྱེད་ཀྱིས་རང་གི་ལུས་ཐོག་ཏུ་ནད་ངན་མང་པོ་ཡོད་མ་བསམ། དོན་དུ་ཁྱེད་ལ་——སེམས་ནད་ལས་མེད། ང་ཡང་ཁྱེད་དང་འདྲ་པོ་ཡིན།

  ཕྱིན་ཆད། ངས་སྔར་ལས་ཀྱང་ཕྱོགས་གང་ས་ཅི་ཐད་ནས་ཁྱེད་ཀྱིས་ཞེན་གདུང་གི་མནར་བའི་ཕ་ཡུལ་དྲན་སེམས་ལ་བསམ་ཤེས་བྱས་ཆོག དོན་འདིའི་ཐད་རང་ང་ལས་ཀྱང་སེམས་ཚོར་ཟབ་ངེས། དོན་འདིའི་ཐད་མི་ཕལ་མོ་ཆེར་མྱོང་རྒྱུད་མེད། དེ་སྔོན་ཕ་གིར་འཚོ་བ་སྐྱེལ་མྱོང་བའི་མི་རིགས་གཞན་པ་ང་ལ་མཚོན་ན། ནམ་རྒྱུན་བོད་ཀྱི་སྐོར་རེ་གླེང་མ་ཐག་དེ་ནི་བརྗིད་རྔམ་ཅན་གྱི་བརྗོད་བྱ་ཞིག་ཡིན།

  ཕྱིན་ཆད། ཁྱེད་དང་ཁྱེད་ཀྱི་མི་རིགས་ཀྱིས་ཀྱང་ས་ཁོངས་གཞན་དང་མི་རིགས་གཞན་གྱི་འཚོ་བར་མཉམ་དུ་མང་ཙམ་འདྲིས་དགོས། འགྲོ་བ་མི་ནི་སྣ་མང་ཕུན་ཚོགས་ཡིན་པས་རང་ཉིད་སྒོ་གཏན་མི་རུང་།

  ཕྱིན་ཆད། ཁྱེད་རང་ནམ་ཡང་བོད་དུ་ལོག་ཅིག ཁྱེད་ཀྱི་འདོད་མོས་ལྟར་སྐྱིད་ཆུའི་ལྷོ་ངོགས་ཀྱི་བུམ་པ་རིའི་དབུ་རྩེ་ནས་དུས་ཡུན་རིང་མོར་ལྷ་སར་ཐུར་ལྟ་བྱས་ཆོག ཕ་གི་ནི་ད་གདོད་ཁྱེད་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དེ་ཡིན།

པར་པ། གཡང་སྒྲོན།

  ཕྱིན་ཆད། ཁྱེད་ཀྱིས་གནམ་གཤིས་དྭངས་འཐིབས་ལ་སྣང་བ་དེ་འདྲ་འཇོག་མི་དགོས་ལ་མཁའ་དབུགས་གཙང་བཙོག་ལ་སེམས་འཁུར་དེ་འདྲ་བྱེད་མི་དགོས། ཟ་ཁང་གི་དཀར་ཆ་གསལ་ལོས་ལ་ཡང་དོ་སྣང་བྱེད་མི་དགོས། ས་ཁུལ་དང་ཁོར་ཡུག་མི་འདྲ་བར་དེ་རང་གི་ཁྱད་ཆོས་ཡོད། འོ་རེད། ཁྱེད་ཀྱིས་གོམས་ཕྱོགས་ལྟར་ཡག་སྡུག་དང་འགྲིག་ནོར་བརྡར་ཤ་མ་གཅོད་ཅིག འདི་མིན་ན་ཕ་གི་ཡིན་ངེས་པའི་བསྡོམས་ཚིག་མ་འཇོག་ཅིག འཛམ་གླིང་འདི་རབ་རིབ་དང་མི་རྟག་འགྱུར་བ་ཡིན་པ་ཡིན་ཅིག་རྟོགས་དགོས།

  ཕྱིན་ཆད། ཁྱེད་ཀྱིས་རྒྱང་རིང་གི་ནང་མི་སྤུན་མཆེད་ཀྱི་ཁྱིམ་དོན་ལ་སེམས་ཁྲལ་དང་བློ་བག་མི་བདེ་བ་བྱེད་དགོས་མེད། ཐ་ན་ཁོ་ཚོའི་དཀའ་ངལ་ལ་འུད་ཤོབ་བྱ་མི་དགོས། ཁྱེད་རང་ང་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་བདག་ལ་ཚོར་དུ་འཇུག་དགོས་པ་ལས་མི་གཞན་མིན། གཞན་གྱི་དོན་ནི་སྤྱིའི་ཆ་ནས་ཡུན་ཐུང་གི་མི་བདེ་བ་ཙམ་རེད། འོན་ཏེ་འུ་ཚོར་སྤྲད་པ་ནི་དུས་ཡུན་རིང་མོའི་མི་སྐྱིད་པ་དེ་རེད། མ་ཟད་ཁོ་ཚོའི་འཚོ་བ་ནི་དེ་འདྲའི་ཐབས་སྡུག་ཡང་མ་རེད།

  ཕྱིན་ཆད། ཁྱེད་ཀྱིས་རང་ཉིད་ཕྱིར་མངོན་ཆེ་ཙམ་བགྱིས་དང་། རང་ཉིད་སྦས་སྦས་སྐུང་སྐུང་དམ་པོ་དེ་འདྲ་བྱེད་དོན་མེད། མི་སུ་ཡིན་ཡང་ཆ་ཡོངས་སུ་རྫོགས་པ་ཞིག་མེད་པའི་དོན་དེ་ཤེས་དགོས།

  ཕྱིན་ཆད། ཁྱེད་ཀྱི་རང་གི་རྩོམ་འབྲིར་སྣང་བ་ཆེན་པོ་འཇོག་མི་དགོས། དོན་དེར་ཆེ་མཐོང་ཐལ་དྲགས་མི་དགོས་ལ་བློ་ཡིད་ཚིམས་མདོག་ཀྱང་བྱེད་མི་དགོས། དངོས་གནས་དྲང་གནས་ཀྱི་རྩོམ་འབྲི་ནི། ཚང་ཅཱེ་ཡིས་རྒྱ་ཡིག་བཟོས་པ་ལས་ཀྱང་གནམ་ས་སྐྱོམ་ཞིང་ལྷ་འདྲེ་མགུ་ནུས་པ་ཞིག་ཡིན། དེ་ནི་མི་སྤྱིར་བཏང་གི་བསམ་བློའི་བྱང་ཚད་ཀྱིས་བསྒྲུབ་ནུས་པ་མ་ཡིན། རྩོམ་འབྲི་ནི་མི་ཞིག་གིས་ཡི་གེར་མནར་གཅོད་གཏོང་ཚུལ་ཞིག་ཡིན་ལ། ཡང་ན་མི་དེར་ཡི་གེས་ཚུར་མནར་གཅོད་ཕོག་ཅིང་། ཐལ་བའི་རྡུལ་དུ་བརླག་འགྲོ་བ་ཞིག་ཡིན།

  ཕྱིན་ཆད། ཁྱེད་ཀྱིས་ཀྱང་རྩོམ་ཇི་ལྟར་འབྲི་ཚུལ་དང་། བྲིས་པ་དང་ཀུན་ལ་བཀྲམས་པ་ནི་གཏན་འཁེལ་བྱིས་ཆུང་གི་བགད་ངུ་མིན་ན་རྫུན་སྒྲིག་དང་ཚིག་རྒྱན་སྤྲས་པའམ་གབ་སྐུང་གི་སྦས་ཚིག་དང་ལོག་སྐད་བཤད་པ་ཞིག་ཡིན་པ་གསལ་པོར་རྟོགས་ཡོང་། ངས་ད་ལྟ་འབྲི་བཞིན་པ་འདི་ག་ཚོད་ལེགས་ཀྱང་ཧ་ཉིད་མ་གོ་བའི་བྱིས་པའི་བདེན་གཏམ་ཙམ་ཡིན། ང་ཡིད་མུག་ཅིང་དབུགས་འགག་པའི་ཚད་དུ་ཐོན་སོང་། ངས་བྲིས་བྲིས་ན་དབུགས་རིང་ཞིག་རྔུབ་ཐུབ།

  ཕྱིན་ཆད། ཁྱེད་རང་ནད་ལ་སྐྲག་མི་དགོས། ང་ཡང་དེ་སྔ་འཇིགས་མྱོང་ལ་ཧ་ཅང་ཞེད། ཐ་ན་འཚབ་འཚུབ་ཆེན་པོ་བྱུང་། དེ་དུས་ཁྱེད་རང་ངའི་འཁྲིས་སུ་མེད། ཐ་ན་རང་ཉིད་རྨི་ལམ་ནང་དུ་གློ་བུར་དུ་ཤི་ན་ཅི་བྱ། རོ་དྲི་ཁ་བའི་ཕུང་པོ་དེས་ཁྱེད་ལ་སྐྲག་སྣང་སློང་སྲིད་བསམ་མྱོང་། མཚན་མོ་གྲང་ངད་ཆེ་མོད། ངས་སྒེའུ་ཁུང་ཕྱེ་ནས་གཉིད་ཉལ། སྒོ་ཡང་རྦད་དེ་རྒྱབ་མེད་ཅིང་མཚན་གང་མིག་གཉིས་ཟུམ་མེད། ངས་ཀྱང་ཁྱེད་ལ་བཤད་མ་ཕོད་པར་ཁྱེད་ཀྱི་ནང་མི་སྤུན་མཆེད་ཀྱི་དོན་དག་ལ་སྐྱོན་ཤོར་དོགས་དང་རྙོག་དྲ་ཐོལ་པ་རེད་བསམ་མྱོང་། ང་ལ་རང་ཉིད་བསྐྱར་ལོག་གི་ནུས་སྟོབས་ལྡང་ངེས་ཡོད། འོན་ཏེ་ཁྱེད་ལ་ད་ཐེངས་ཕྱིར་ལོག་ཡོང་ཐབས་ཅི་ཡོད། ང་ལ་སྙིང་རྩའི་ནད་ཕོག་རྗེས་སུ། སླར་ཡང་མཐོ་སྒང་གི་ས་བབས་མཚོ་འཕག་རྨི་5100ཟིན་པའི་འབྲོག་ཁུལ་དུ་བསྐྱོད་ཅིང་། ནམ་གུང་གི་གྲང་ངར་ཁྲོད་དུ་ཡང་ཆང་འཐུང་སྐྱིད་ལ་རོལ་མྱོང་། མིའི་ལུས་ཕུང་རྙོག་འཛིང་གིས་གྲུབ་ཡོད་ཀྱང་། ནད་གཞིར་མིང་རྟགས་འགོད་རྒྱུ་དེ་ཅི་འདྲའི་ལས་སླ་མོ་ཡིན་པ་ངས་ཤེས་ཀྱི་ཡོད། ཁྱེད་ཀྱིས་དུས་ཐོག་ཏུ་ང་ལ་ནད་ཚུལ་ཤོད་དགོས་པ་རེད། མཐའ་མཇུག་ཏུ་ངས་ཁྱེད་ལ་བདག་སྐྱོང་ལེགས་པོ་བྱེད་ངེས་ཡིན་ཞེས་བཤད་པ་མིན་ནམ། ཁྱེད་རང་ང་ལ་ཡིད་མི་ཆེས་དོན་གང་ཡིན།

  ཕྱིན་ཆད། འུ་ཚོས་འུ་ཐུག་ཐབས་ཟད་ལ་གྱུར་ཀྱང་འཚོ་གནས་ལ་མི་སྐྲག་པར་གསོན་པར་རེ་བའི་མི་རྣམས་གོང་དུ་བཀུར་འོས། ཐ་ན་ཁོང་ཚོ་ནི་དལ་ལྷོད་བག་ཕེབས་མིན་ཞིང་། ཁོ་ཚོས་དོན་དག་སྒྲུབ་ཀྱིན་ཡོད་ལ་དོན་དག་ལ་ཡང་རྫོགས་མཐའ་མེད། ངས་ལོ་ལྟར་རྟག་ཏུ་གློག་བརྙན་《བཙོན་ཁང་ནང་གི་ལོ་ཟླ་》(肖申克的救赎)ཚར་མང་པོ་བལྟ་ཡི་ཡོད་པ་ཁྱེད་ཀྱི་ཤེས་ཀྱི་ཡོད། དེ་ཁྱེད་ཀྱི་ཧ་གོ་དོན་གསལ་རེད།

  ཕྱིན་ཆད། ཁྱེད་རང་མུ་མཐུད་སློབ་སྦྱོང་བགྱིས་ཤིག སློབ་ཆེན་ཐོན་པ་དང་ལས་ཀར་བཞུགས་རྗེས་སློབ་སྦྱོང་མཚམས་འཇོག་དགོས་པ་མིན། སློབ་སྦྱོང་བྱས་ཚེ་ད་གཟོད་སྤྲོ་སྣང་འཕྲད་རྒྱུ་ཡོད། རྩྭ་དང་མེ་ཏོག་གསོ་བ་དང་གྱོན་གོས་གཟབ་འཕྱོར་སྤྲས་ལུགས། བཟའ་བཏུང་གཡོས་སྦྱོར་ཡིན་ཀྱང་ཆོག ཡང་ན་གླུ་དབྱངས་ལེན་གིན་རི་མོ་འབྲི་བ་དང་རང་བྱུང་ཁམས་སུ་མྱོང་རོལ་བྱས་ཀྱང་འཐུས། འདི་དག་ནི་ཆེས་མ་མཐའི་རེ་བ་ཡིན། གང་ལྟར་ཡོད་ཚད་”ཤེས་བྱར་”འགྱུར་རྒྱུ་ཡོད། འཚོ་བ་ནི་ཤེས་བྱ་ལས་ལྷག་པ་ཡིན།

  ཕྱིན་ཆད། ཁྱེད་ཀྱིས་ངའི་ཆེད་དུ་ངལ་ལས་གནང་མི་དགོས། ཁྱེད་ཀྱི་རོགས་བྱེད་མི་དགོས་པར་ང་རང་གཅིག་པུས་ཅ་དངོས་སྤོ་ཐུབ། ཁྱེད་རང་གིས་ང་ངལ་དུབ་ཀྱིས་འགྱེལ་དོགས་དང་མེད་པ་ཆགས་འགྲོ་བར་ཞེད་ཀྱིན་ཡོད།

  ཕྱིན་ཆད། ངས་རྨ་ཁའི་གཟུག་རྔུ་ཡི་གཅོང་རོང་དོགས་མོ་འདི་ནས་ཕྱིར་ཐར་ཆེད་འབད་བརྩོན་གྱིས་ཡར་འཛེགས་རྒྱུ་ཡིན། ངའི་ཁ་ལ་ཉོན་ཨང་། ཁྱེད་ཀྱི་དགའ་སྤྲོ་དང་བགད་མོ་བགད་ཀྱིན་ང་ལ་ལྟོས་ཤིག ཐོས་བྱུང་ངམ། སྨིན་མ་མ་བསྡུས་པར་བགད་མོ་བགད་ཅིག སྤྲོ་བ་སྐྱེད་ཅིག མཆུ་སྒྲོས་གཡས་གཡོན་གྱེན་དུ་འགྲིལ་བ་ལས་ཐུར་དུ་མ་འཁྱོག་ཨང་།

  ཕྱིན་ཆད། ང་སྔར་བཞིན་ཁྱེད་དང་མཉམ་དུ་འཚོ་དགོས། དགོངས་པ་མ་ཚོམ་ཟེར་མི་དགོས། ཁྱེད་ཀྱིས་ངའི་ལས་ཐེབས་བཅག་པ་དང་འཐུས་ཤོར་བཏང་སོང་ཟེར་མི་དགོས། འདི་ཚོ་སུས་གསལ་བཤད་ཐུབ་བམ། མ་གཞི་ནས་ང་ཚོའི་ལས་ལ་འདི་ལྟར་བསྐོས་ཡོད།

  ཕྱིན་ཆད། འུ་ཚོས་ཀྱང་ང་ཁྱེད་ལ་དགའ་ཟེར་མི་དགོས། འུ་ཚོ་སྔར་ནས་གཅིག་ཏུ་འདྲེས་ཟིན། ང་རང་ཉི་མ་མེ་ཏོག་ལ་དགའ་ཞིང་ཁྱེད་ཀྱང་དེ་ལ་དུང་། ང་རང་ཧྥེ་གླིང་གི་ལུག་མིག་མེ་ཏོག་ལ་དགའ་ཞིང་ཁྱེད་ཀྱང་དེ་ལ་མོས། ང་ལུག་མཉེ་ལ་མི་དགའ་ཁྱེད་ཀྱང་དེའི་དྲི་མར་སྐྱུག་བྲོ།

  ངས་ཁ་པར་ཐོག་ཡི་གེ་བཏགས་ཀྱིན་ཡོད་པས་ད་བྲི་ཐུབ་པ་མིན་འདུག ངས་ཁྱེད་རང་ཧ་ཅང་གི་དྲན་པོ་འདུག ཁྱེད་ཐུག་འདོད་དང་ལག་གཉིས་ཁྱེད་ལ་འཇུ་འདོད་འདུག ཁྱེད་མེད་པའི་ཉིན་ཞག་ནི། རྫུན་མ་དང་སྟོང་ལྷངལྷང་ཞིག་ལས་དངོས་གནས་ཀྱི་ཚོར་བ་ཞིག་མིན་འདུག ཐ་ན་ཉི་འོད་འདིས་ཀྱང་ང་ལ་དངངས་སྐྲག་སྐྱེ་བར་བྱེད། ངེད་གཉིས་ངོ་ཤེས་ནས་མི་ལོ་ཉེར་བདུན་ཟིན། དེའི་རིང་ངེད་གཉིས་འབྲལ་མེད་མཉམ་གཤིབ་ངང་། འཛམ་བུ་གླིང་གི་ཡུལ་གྲུ་དང་བར་སྟོང་གང་སར་ངེད་གཉིས་ཕན་ཚུན་ཚུར་བསུ་ཕར་སྐྱེལ་མང་པོ་བྱས་ཡོད། ངས་གཟོད་ག་ལ་ཐུབ་ཅིང་གཡོལ་ཐབས་ཅི་ཡོད།

  ཕྱིན་ཆད། ཁྱེད་ཀྱིས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། ཐ་ན་དུས་ཚོད་ཐུང་ངུ་ལས་མེད་ཀྱང་ཁྱེད་ཀྱི་བོད་ཡིག་དབྱངས་གསལ་སྦྱོར་ཀློག་དེ་བསྐྱར་གསོན་བྱེད་དགོས། ངས་ཁ་པར་གྱི་བོད་ཡིག་གཉེན་ཆས་སྤྱད་དེ་ཁྱེད་ལ་“༄།།ཨོཾམཎིཔདྨེཧཱོུཾ།”ཞེས་པའི་གངས་ཅན་མགོན་པོ་སྤྱན་རས་གཟིགས་ཕྱག་བཞིའི་སྔགས་ཡིག་མ་ཎི་ཡིག་དྲུག་བྲིས་པ་ཡིན། ཁྱེད་ཀྱི་མིང་དབྱངས་སྒྲོལ་ནི་དབྱངས་ཅན་སྒྲོལ་མ་ཞེས་པའི་བསྡུས་མིང་ཡིན། དབྱངས་ཅན་སྒྲོལ་མ་འདི་ཁྱེད་ཀྱི་མིང་ཡིན། བོད་ཡིག་སྦྱོར་ཀློག་རྒྱག་སྐབས་ཁྱེད་ཀྱི་མིང་འདོན་སྟངས་དེ་དཀའ་གནད་གལ་ཆེན་ཞིག་ཡིན། ཀློང་རྡོལ་ཞེས་པ་འདི་ཡང་ཁྱེད་ཀྱི་དགའ་བོ་ངའི་མིང་ཡིན་ནོ།།

  ཕྱིན་ཆད། ད་ནི་ངས་ནམ་ཡང་རྒྱུས་མངའ་ཟབ་པའི་དབུས་སྐད་གོ་རྒྱུ་མེད། ད་ནི་ངས་བོད་སྐད་ཀྱི་བརྗོད་ཚིག་ཐུང་ཐུང་དེ་དག་ཀྱང་བརྗེད་རྒྱུ་རེད་བསམ་ནས་འཇིགས་སྣང་སྐྱེ་ཡི་འདུག

གཡང་སྒྲོན(གཡོན་གྱི་དང་པོ)དང་རྩོམ་པ་པོ་གྲགས་ཅན་ཝང་ཙིན་ཆི་སྟངས་དཔྱལ་གྱི་མཉམ་པར།

  ཕྱིན་ཆད། ངས་ཁྱེད་ཀྱི་ཁ་ལ་ཉན་ནས་འཆམ་འཆམ་དུ་འགྲོ་དུས་དོང་ཁེབས་ལ་རྡོག་རྫིས་གཏོང་གི་མིན། རླངས་འཁོར་གཏོང་དུས་ཡིན་ཅིག་དལ་པོས་བཏང་ནས་དོན་དག་འཕྲད་དུས་འཚབ་འཚུབ་མི་བྱེད་པར། ཟས་རིགས་སྣུམ་ཚི་ཆེ་བ་དང་ཤ་རིགས་ཚོན་པོ་ཡང་ཟ་ཡི་མིན།

  ཕྱིན་ཆད། ཁྱེད་ཀྱིས་ང་ལ་ཁྱིམ་དུ་ལོག་ཤོག་ཟེར་དུས་ངས་ལོག་ཡོང་། ཁྱེད་ཀྱིས་ང་ཁྱིམ་དུ་རྒུན་འབྲུམ་ཟ་བར་ལོག་ཤོག་ཟེར་དུས་ངས་རྒུན་འབྲུམ་ཟ་བར་ལོག་ཡོང་། ཁྱེད་ཀྱིས་ང་ཕྱིར་ཐོན་པར་སྐྲག་སྣང་བྱེད། ཕྱི་ལོག་ཏུ་ང་ལ་དོན་དག་འབྱུང་བར་སེམས་ཁྲལ་བྱེད། དེས་ན་ངས་ཕྱིར་མི་འགྲོ་བར་ཁྱིམ་དུ་བསྡད་དེ་ཁྱེད་མཉམ་དུ་འགྲོགས་ཆོག ཁྱེད་ཀྱིས་ངའི་ཧོལ་རྒྱུགས་སླ་བཅོས་ཀྱི་སྐྱོན་ཆ་འདིར་གུ་ཡངས་གནང་རོགས། ང་ལ་གུ་ཡངས་གནང་རོགས། ང་ལ་གུ་ཡངས་ཤིག་གནང་རོགས། ངེད་གཉིས་ཀ་འགྱོད་གདུང་དྲགས་པོས་གཟིར་བ་གཉིས་ཀས་ཧ་གོ་ཡི་ཡོད། འུ་ཚོས་གནས་ལུགས་ཚང་མ་ཧ་གོ་གི་ཡོད།

  2017ལོའི་ཟླ་11ཚེས་3ཉིན། ཁོང་ཚེ་ལས་འདས་ནས་ཞག་ཉེར་གསུམ་ཉིན་དེར་བྲིས། སྟབས་ལེགས་པ་ཞིག་ལ་གོང་གི་ནང་དོན་འདི་ཚང་མ་ཁོང་འཚོ་བཞུགས་དུས་ནས་ཐོས་ཟིན། ཁོང་གི་སྐུ་ཕུང་མདུན་དུ་ངས་ཐེངས་ཤིག་བཀློག་ཟིན། ངེད་ཚོའི་ཁྱི་ཕྲུག་དགའ་དགའ་ནི་པང་གཅལ་ཐོག་རེངས་ཤིང་འདར་ལ་མཁྲེགས་པོ་ཆགས་ཏེ། ཡར་ལངས་མ་ཐུབ་པར་ཡུན་རིང་པང་དུ་ཉར་རྗེས། བོད་སྐད་ཀྱིས་སེམས་གསོ་བྱས་ཏེ་གཞི་ནས་དྲན་པ་གསོས་སོང་།

                             2024ལོའི་ཟླ་8ཚེས་27ཉིན་བསྒྱུར་གྲུབ།

ཨུ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕྱིན་ཆད།

2024-08-31 ཀློང་རྡོལ(龙冬)གྱིས་བརྩམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།