གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ཀླད་ཀོར་གྱི་བརྩམས་སྒྲུང་། རོ་ལངས།

  • ཀླུ་འབུམ་ཚེ་རིང་།ip:61.178.103.*
    2021-12-25 09:59:04
    རྒྱུགས་ཆེ་བའི་བརྩམས་སྒྲུང་གི་སྒྲིག་གཞི་འགོད་སྟངས་ཏེ་བྱུང་རིམ་གཙོ་བོར་འཛིན་པའི་རིགས་མིན་པར། གཏམ་རྒྱུད་ཀྱི་དུས་ཚོད་དེ་ལོ་གསུམ་གྱི་སྔོན་ནས་མགོ་བརྩམས་ཡོད་ལ། གཏམ་སྦྱོར་གྱི་དུས་ཚོད་དེ་བསལ་སྒྲིབ་བྱས་ཏེ་རྩོམ་པ་པོས་དེ་ལ་རང་དབང་གིས་ཁ་ལོ་བསྒྱུར་བ་དེ་ནི་དེང་རབས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་བརྩམས་སྒྲུང་གི་རིགས་ཡིན། རྩོམ་པ་པོས་མཚོན་ཐབས་དེ་ལྟ་བུ་ལྷུར་ལེན་བྱས་ཡོད་པ་ནི་དགའ་འོས་པའི་དོན་ཡིན་མོད།འོན་ཀྱང་བརྩམས་སྒྲུང་དུ་དེ་མ་ཡིན་པའི་སྐྱོན་ཆ་འགའ་འང་མཆིས་ཏེ།  གློ་བུར་ཐོལ་བྱུངབའི་མི་སྣ་དེ་དག་དཔེར་ན་སུ་མུ་ཏེན་ལྟ་བུ་ནི་མི་སྣ་གློ་བུར་བ་ཡིན་པས་མོའི་བྱུང་བ་དང་རྩོམ་བར་གྱི་འབྲེལ་བ་དེ་བྱུམ་རིམ་ཁྲོད་ནས་རང་བྱུང་གིས་མངོན་ན་ལེགས་པ་ལས། རྩོམ་པ་པོས་དེ་ལ་ཟུར་དུ་ང་སྤྲོད་བྱ་དགོས་པའི་ངལ་བ་མཆིས་སོ། ། དེ་ལས་གཞན་ཡིག་ནོར་སྐྱོན་ལའང་གཟབ་གཟབ་འཇགས་པར་འཚལ། བཀའ་དྲིན་ཆེ།
  • གངས་ip:123.124.19.*
    2018-03-16 15:18:52
    ཀླད་ཀོར་གྱི་ཕ་ཡུལ་ཆབ་མདོ་ནས་ཡིན་བཟོ་འདུག།  ངོ་མ་ཡག་པོ་འདུག།
  • གཡགip:182.151.214.*
    2016-08-05 14:38:23
    གཞོན་ནུ་ཀླད་གོར་གྱི་སྒྲུང་ནི་ངེས་པར་དུ་དབུགས་ཐེངས་གཅིག་ལ་བཀླག་ཚར་དགོས་པའི་རིགས་རེད། སྐྱོ་ཉམས་ཆེ་ལ་ཁྱུ་ལས་བྲལ་བའི་གོམ་པ་གཉོམ་པོ་འདི་ནི་ཁྱོད་ཀྱི་སེམས་ལ་རྟོག་པས་བཏགས་པའི་ཤམ་བྷ་ལ་ཞིག་ཡོད་པས་རེད་དམ།
  • དཀར་པོ།ip:220.167.203.*
    2016-08-05 13:05:30
    ཡག་པ།