གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《 དགོས་དབང་གིས་སྙན་ངག་ལ་མ་བཅིངས་པར་བྲིས་པའི་སྐོར།

  • འབྲོག་པ་ip:27.225.39.*
    2015-01-08 17:02:18
    ཚིག་རྒྱན་ཡིན་པའི་སྐད་ཆ་དེ་སྙན་ངག་སོགས་རྩོམ་པའི་དམིགས་ཡུལ་ཏུ་སྙམ་པའམ་མཛེས་པ་དང་ཁྱད་ཆོས་མཐར་ཐུག་ཏུ་སྙམ་ན་གཟོད་དམངས་ཁྲོད་བཏགས་པ་མུ་མཐུད་ནས་ཐོགས་ཤོག་དང་དམངས་ཁྲོད་ནས་ལེགས་སྒྲིག་མཛད་ནའང་ཁྱོད་ཀྱི་ཤོབ་སྟོང་བརྒྱད་ཁྲིའི་ཡན་སྒྲིག་ཐུབ་ལེ་ཡིན་ཐག་ཆོད་་་་དེས་ཀྱང་མི་ཆོག་ན་དཔེ་ཆ་ཀློག་་
  • འབྲོག་པip:27.225.39.*
    2015-01-08 16:49:38
    ལོ་རྒྱུས་ཁྲོད་ཚིག་རྒྱན་གྱིས་བཅིངས་བའི་ཚིག་ཕྲེང་གི་རྣམ་པ་ཞིག་འཛམ་གླིང་ཤར་ནུབ་གང་ཏུའང་རྩོམ་རིག་གི་མཛེས་དཔྱོད་ཀྱི་གྲུབ་ཆ་ཞིག་ཏུ་གྲུབ་མྱོང་ཡོད་་་ལྷག་པར་བོད་ཀྱི་མཁས་དབང་གོང་མ་དག་གིས་ཚིག་རྒྱན་གྱི་ཐབས་ཀྱི་བཀོལ་སྤྱོད་ཆེས་མཐོའི་ཚད་ལ་བསྐྱལ་ཡོད་་་ཡིན་ནའང་མཛེས་དཔྱོད་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་རེས་སྣང་རེས་མེད་ལྟ་བུ་ཞིག་ཏུ་གྲུབ་ཡོད་་་དེ་འདྲ་གྲུབ་པའི་རྒྱུ་མཚན་ནི་མིའི་མཛེས་དཔྱོད་དགོས་མཁོ་ལ་འབྲེལ་ཡོད་་དངོས་འབྲིའི་བརྩམས་ཆོས་དང་དངོས་འབྲི་གསར་མའི་བརྩམས་ཆོས་་་དམར་དམར་བཤད་ན་ངེས་དོན་གྱི་རང་མོས་སྙན་ངག་ཅིག་ལ་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པའི་ཚིག་རྒྱན་གྱི་ཁྱད་ཆོས་འབུར་ཐོན་མེད་ཤག་ཡིན་་་དེ་ནས་ཚིག་རྒྱན་བྱ་བ་འདི་རྩོམ་རིག་ལ་མཚོན་ན་ཆེས་མ་མཐའི་སྨྱན་བྱེད་ཏུ་གྲུབ་པ་ལས་མཛེས་སྣང་གི་མྱོང་བའི་ཁྲོད་ཐོན་མེད་ཤག་ཡིན་་་དེའང་འདས་པའི་དུས་ལ་རྒྱན་ཡག་པོ་འཁྱོངས་ཡོད་མེད་ཀྱིས་སྙན་ངག་སོགས་ཀྱི་མཛེས་པའི་རིན་ཐང་གཞལ་མོད་་་ད་ལྟ་དེ་འདྲ་མ་ཡིན་་་
  • འབྲོག་པ་ip:27.225.39.*
    2015-01-08 16:20:52
    ཁྱེད་ནང་བཞིན་བཏགས་པ་ཡིན་ན་ཚིག་རྒྱན་དང་ཚིག་རྒྱན་ཡིན་ན་སྔོན་བྱོན་མཁས་པའི་གསུང་སྒྲོས་་གསུང་སྒྲོས་ཡིན་ན་ཚིགས་བཅད་་་ཚིགས་བཅད་ཡིན་ན་དོན་ཆེ་ཞིང་གྲགས་པ་འདོད་པ་དག་གིས་བཏགས་པ་སློབ་དགོས་ས་རེད་འདུག་ཀ་་་དེ་ན་སྔོན་བྱོན་མཁས་པས་དོན་ལ་གདམས་གསེས་མེད་པར་བཏགས་པ་རྙོག་ལེ་ཁ་ཤས་ནས་མགོ་འཁོར་དགོས་འདུག་ཀ་་་འདུལ་ཕུད་བཀའ་པོད་གཞུང་ཆེན་ཚིགས་བཅད་ཡིན་པ་གོ་རུང་ཚིག་རྒྱན་ཁོ་ནས་བཅིངས་པ་མིན་་སུམ་རྟགས་དང་སྒྲའི་གཞུང་སོགས་ཀྱང་ཚིགས་བཅད་ནས་གནས་ནའང་རྒྱན་ཏུ་གྲུབ་མེད་་་དེ་ནས་དམངས་ཁྲོད་བཏགས་པ་མཁན་དེ་ཚོའང་ཚིག་རྒྱན་ལ་མཁས་པས་ངེས་དོན་གྱི་གཞུང་ཆེན་བརྩམས་ཡོད་ཐུབ་ཡོད་སྣང་་་གཞུང་ཆེན་པོའང་བཏགས་པའི་ལམ་ནས་མཛད་སྣང་་་དེ་འདྲ་ཡོད་དམ་་སྔོན་བྱོན་མཁས་དབང་དཔལ་རྡོར་སོགས་ནས་ཚིག་རྒྱན་གྱི་སྦྱོར་བའི་སློབ་གཉེར་མཛད་པ་བཏགས་པ་རྩོམ་དགོས་ཆེད་དམ་་་མར་མཐུད་་་་་
  • སེང་།ip:221.207.37.*
    2015-01-08 01:00:17
    དེ་ནས། བཏགས་པ་ཞེས་པ་ནི་རྨད་བྱུང་གི་དཔེ་དང་ཕུལ་བྱུང་གི་རྒྱན་སོགས་ཀྱིས་གྲུབ་པའི་ཚིག་རྒྱན་རེད། དེ་ཟུར་ཟ་བྱེད་ས་ཞིག་མིན། ཟུར་ཟ་བྱས་པ་ཡིན་ན་དོན་གྱིས་སྔོན་གྱི་མཁས་པ་དག་ལ་ཟུར་ཟ་བྱས་པར་འགྱུར། དཔལ་སྤྲུལ་ལ་ཟུར་ཟ་བྱས་པར་འགྱུར། རྡོ་སྦིས་དགེ་བཤེས་ལ་ཟུར་ཟ་བྱས་པར་འགྱུར། རྒྱུ་མཚན་ནི། ཁོ་ཚོས་བཏགས་པའི་རྩོམ་སྟངས་བེད་སྤྱད་ཡོད་པས་ཡིན། ཁོ་ཚོ་ནི་བཏགས་པ་བྱེད་མཁན་ཆེ་ཤོས་དང་མཁས་ཤོས་རེ་ཡིན་པས་ཡིན། གནད་འདི་ཡང་ངས་མི་རྣམས་ལ་ར་གསལ་པོ་ཞིག་སྤྲོད་དགོས། འཕྲོད་མི་འཕྲོད་ཅིག་མེད། ནམ་ཞིག་མི་ཚོས་བཏགས་པ་ཞེས་ངན་པར་གཅོད་མི་ཐུབ་པ་ཞིག་ངས་བཅའོ། ། དེ་མིན། འདུལ་བ་ཕུད་བཀའ་པོད་ལྔའི་རྩ་བ་ཡོངས་རྫོགས་ཚིགས་བཅད་ཡིན། དེ་རེ་རེ་ལ་ཚིག་ཚོགས་མང་པོ་ཡང་མེད། ཤོག་ལྷེ་འགའ་ཙམ་ཡིན་ནོ། ། ལེའུ་རེ་ན་ཤོ་ལོ་ཀ་བཅུ་སྐོར་ཉི་ཤུ་སྐོར་ཞིག་ཡོད་མེད་ཙམ་ཡིན། རྒྱན་ཕྲུག་མཆོག་གཉིས་སོགས་ཀྱིས་ཚིགས་བཅད་ཐུང་ཐུང་དེ་དག་བྲིས་ནས་གླིང་ལ་གྲགས་པ་ཡིན། ལྐུགས་པ་མང་པོས་འདི་ཡང་གསལ་པོ་གོ་ཡི་མི་འདུག འོན་ཀྱང་ངས་མ་གོ་རང་གོ་ཞིག་ཏུ་གཏོང་ངེས། ཡ་ད་ནི་ཁ་གདོངས་ལ་ཕེ་ཐོབས། རང་གིས་རང་ལ་འགྲམ་ལྕག་དྲག་ཏུ་གཞུས་ཤིག དེའི་ཤུལ་དུ་ཁྲག་བཞུར་ན་གཞོབ་སློན་ཞིག དེས་ཀྱང་མི་དྲག་ན་ང་ལ་ཕྱག་བརྒྱ་ཐམ་པ་ཚོལ་དང་བཀོད་པ་འཐེན་ཡོང་།

  • སེང་།ip:221.207.37.*
    2015-01-08 00:34:04
    ད་ངས་ཁྱོད་ལ་ཐེར་ཐེར་ཞིག་བཤད། དེ་མིན་ཁྱོད་ལ་གོ་བ་མི་འདུག ཁྱོད་ཀྱིས་ཅི་ཞིག་བྲིས་ཡོད། ངས་ཅི་ཞིག་བྲིས་འདུག སྡུར་དང་། དེ་ནས་ངེད་གཉིས་སུའི་རྩོམ་ལ་ཤུགས་རྐྱེན་འདུག་དཔྱོད། འབྲོག་པ་སུ་རེད། སེང་རྡོར་སུ་རེད། སྔ་མ་དྲ་འབུ་ཞིག་རེད། ཕྱི་མ་སྟོན་ཆེན་ཞིག་རེད། ཁྱད་པར་དེ་རེད། དེ་ནས་བརྒྱ་སྡེའི་ཁ་ལ་ཉོན། སྟོང་སྡེའི་སེམས་ལ་ལྟོས། ཁྱོད་འདུག་གམ་ང་འདུག ཁྱོད་ལྟ་བུའི་མཆན་ཐུང་ཞིག་ཀྱང་འབྲི་མི་ཤེས་པ་ཞིག་གིས་རྩོམ་གྱི་རྣམ་གཞག་ཅི་ལྟར་ལབ་དགོས་པ་རེད། སངས་རྒྱས་ལ་ཀ་ཁ་མ་རེད་དམ། སྔོན་ལ་རྟུལ་ཕོད་ལྟ་བུ་ཞིག་ཕྲིས། བོད་སྐད་ཀྱི་གཏིང་ལྟ་བུ་ཞིག་ཕྲིས། བཅད་གསར་སྤྱི་དོན་ལྟ་བུ་ཞིག་ཕྲིས། དེ་ནས་གཟོད་ང་ལ་མཆན་འཇོག་ཏུ་ཤོག དེའི་ཚུན་ཆད་དུ་ཁྱི་ཁ་ཚུམས། བརྩམས་ཆོས་ས་རྡུལ་ཙམ་ཡང་མེད་ས་ཞིག་གིས་རྩོམ་སྟངས་གླེང་ཁུལ་བྱས་ན་དགོད་རྒྱུ་ཡོང་ངོ་། །
  • འབྲོག་པ་ip:118.183.140.*
    2015-01-07 13:18:27
    པར་བ་ཞིག་ལ་དཔེ་བླངས་ན་་་་པར་མ་བླངས་གོང་ཅི་ཞིག་ལེན་རྒྱུའི་གདམས་གསེས་ཡག་པོ་བྱེད་འོས་པ་དང་་་དེ་འདྲ་མ་བྱེད་པར་་་པར་རྙོག་རྙོག་རྫོབ་རྫོབ་མང་པོ་ཞིག་བླངས་རྗེས་གཞུག་ནས་པར་དགའ་ཟིག་འདེམས་རྒྱུར་རེམ་པ་དེ་ཧ་ཅང་ཐབས་སྡུག་ཅིག་ཡིན་ངེས་་་འདིར་བཤད་འདོད་པ་ནི་ཁྱོས་ཅི་ཞིག་བྲིས་རུང་བརྗོད་བྱ་བརྗོད་གཞི་བརྗོད་སྙིང་ལ་བསམ་བློ་མི་གཏོང་བར་རང་གིས་ཅི་རྙོག་ཅིག་འབྲི་ཀི་ཡོད་པ་འདྲ་་དེ་འདྲ་ཡིན་ནམ་་་
  • འབྲོག་པip:118.183.140.*
    2015-01-07 13:10:17
    སྔོན་ཆད་དམངས་ཁྲོད་ན་ཡིག་འབྲུ་གཅིག་གི་དོན་གོ་མི་ཐུབ་རུང་གེ་སར་སྒྲུང་བཤད་ན་ཆུ་འགོ་གངས་དཀར་སྟོད་ཡིན་རུང་ཆུ་རྔ་རྒྱ་མཚོའི་ཁ་ལ་བསྐྱལ་མཁན་གྱི་སྒྲུང་བ་ཡོད་་་དགེས་བའི་བཤེས་གཉེན་མ་ཡིན་རུང་བཏགས་པ་བཏགས་ནས་ཉི་ཤར་ནུབ་ལ་བསྐྱལ་མཁན་ཀྱང་ཡོད་་ལར་ཡིན་ན་སྙན་ངག་པ་ཡིན་ཟེར་ནས་བཏགས་པ་ལྟ་བུ་ཞིག་ལ་མགོ་འཁོར་ནས་དེའང་ས་རྡོ་རྒྱག་རྒྱག་བྱེད་བསྡད་ན་རྒྱུ་མཚན་ཨེ་ཡོད་ཁུ་་་བཏགས་པ་འབྲི་མ་ཐུབ་ཚེ་མཁས་པ་གོང་མ་ཟིག་གི་བཀའ་སྐྱུག་ལྡད་་གང་ལྟར་རིག་ལམ་ཡག་པོ་ཡོད་སྙམ་ནས་ཅི་ཡང་སྙམ་ནས་ཅི་འབྲིར་གདམས་གསེས་མེད་ན་མཁས་པ་མ་རེད་སྨྱོན་མ་རེད་་་གོ་རུ་ཆུགས
  • འབྲོག་པ་ip:118.183.140.*
    2015-01-07 12:58:48
    འདིར་ཉིན་ཐོ་ལྟ་བུའི་དཔྱད་ཐོ་ཟེར་རྒྱུ་ཟིག་དང་བཏགས་པ་ལྟ་བུའི་སྙན་ཐུང་ཟེར་རྒྱུ་གཉིས་ལབ་ཡོད་་དཔེ་དོན་གཉིས་ཀ་ཧ་གོ་དགོས་ཡ་་་་དེའང་མི་གོ་ན་ཁྱོས་བཏགས་པ་ལྟ་བུའི་སྙན་ཐུང་་་ལོ་རྒྱུས་ཀྱི་ས་ནག་ལ་རྫོང་རྒྱུ་ལྟ་བུ་འབྲི་དགོས་ལེ་མི་འདུག་འ་་
  • འབྲོག་པip:118.183.140.*
    2015-01-07 12:51:50
    འདིར་བཏགས་པ་ལྟ་བུའི་ཁ་འཆལ་སྨྲ་མཁས་ཁྱོད་དང་སྟོན་པ་་་ས་པཎ་སོགས་བསྡུར་ཐབས་ཡེ་ནས་མེད་དོ་་་ཚིགས་བཅད་འགའ་ཚིག་ཕྲེང་ནས་གཏུབས་ཚར་དུས་ཆོས་ཀྱི་དགོངས་པ་དང་ལད་ཟློས་ཀྱིས་འཇིག་རྟེན་ལུགས་ཤིག་བཏགས་པར་བཞག་པ་གཉིས་ལ་ཁྱད་པར་ཡོད་དོ་་་སྔ་མ་ནི་སྔར་ཡོད་པ་བསྡུས་ནས་བཅུད་ལ་སོང་བ་དང་ཕྱི་མ་ནི་མཁས་པའི་རྗེས་ཀྱི་བླུན་ཕྲུག་དང་མྱི་རྒན་གཞུག་གི་འུར་ཕྲུག་ཡིན་ནོ་་་
  • སེང་།ip:221.207.37.*
    2015-01-07 12:41:18
    དེ་ལྟར་བཤད་ན། འཇིག་རྟེན་ལ་གྲགས་ཆེ་བའི་ཆོས་ཀྱི་ཚོམས་ཀྱང་དཔྱད་ཐོ་ལྟ་བུའི་ཚིགས་བཅད་འགའ་ཡིན་པ་དང་། ས་པཎ་གྱིས་མཁས་བླུན་བརྟགས་པ་སོགས་ནི་བཏགས་པ་ལྟ་བུའི་ཁ་འཆལ་འགའོ།། འོན་ཀྱང་མི་ཚོས་ཟེར་ཡག་ལ་སྔ་མ་དེས་སྟོན་པའི་དགོངས་པའི་བཅུད་མཚོན་ཡོད་པ་དང་ཕྱི་མ་དེ་དེང་སང་ལྟར་བཤད་ན་ས་པཎ་གྱི་འཐུས་ཚབ་བརྩམས་ཆོས་སོ།། གོ་སོང་ངམ་ཐོས་པས་དབུལ་བ་ཚོ།
  • སེང་།ip:221.207.37.*
    2015-01-07 12:39:31
    དེ་ལྟར་བཤད་ན། འཇིག་རྟེན་ལ་གྲགས་ཆེ་བའི་ཆོས་ཀྱི་ཚོམས་ཀྱང་དཔྱད་ཐོ་ལྟ་བུའི་ཚིགས་བཅད་འགའ་ཡིན་ལ་དང་། ས་པཎ་གྱིས་མཁས་བླུན་བརྟགས་པ་སོགས་ནི་བཏགས་པ་ལྟ་བུའི་ཁ་འཆལ་འགའོ།། འོན་ཀྱང་མི་ཚོས་ཟེར་ཡག་ལ་སྔ་མ་དེས་སྟོན་པའི་དགོངས་པའི་བཅུད་མཚོན་ཡོད་པ་དང་ཕྱི་མ་དེ་དེང་སང་ལྟར་བཤད་ན་ས་པཎ་གྱི་འཐུས་ཚབ་བརྩམས་ཆོས་སོ།། གོ་སོང་ངམ་ཐོས་པས་དབུལ་བ་ཚོ།
  • སེང་།ip:221.207.37.*
    2015-01-07 12:38:38
    དེ་ལྟར་ན་བཤད་ན། འཇིག་རྟེན་ལ་གྲགས་ཆེ་བའི་ཆོས་ཀྱི་ཚོམས་ཀྱང་དཔྱད་ཐོ་ལྟ་བུའི་ཚིགས་བཅད་འགའ་ཡིན་ལ་དང་། ས་པཎ་གྱིས་མཁས་བླུན་བརྟགས་པ་སོགས་ནི་བཏགས་པ་ལྟ་བུའི་ཁ་འཆལ་འགའོ།། འོན་ཀྱང་མི་ཚོས་ཟེར་ཡག་ལ་སྔ་མ་དེས་སྟོན་པའི་དགོངས་པའི་བཅུད་མཚོན་ཡོད་པ་དང་ཕྱི་མ་དེ་དེང་སང་ལྟར་བཤད་ན་ས་པཎ་གྱི་འཐུས་ཚབ་བརྩམས་ཆོས་སོ།། གོ་སོང་ངམ་ཐོས་པས་དབུལ་བ་ཚོ།