གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གད་སྙིགས་ལ་མདུད་པའི་གནས་བསྐོར།

  • Lhan-baip:61.50.133.*
    2016-11-15 20:36:55
    མི་ལ་ཙི་ཙི་ཡི་ལྗགས་རྩོམ་འདི་ཚིག་སྙན་དོན་ཟབ་གནད་ཆེ་ཕྱིར་ཤིན་ཏུ་ཡི་རངས་པའི་གནས་ལགས་པས་མངོན་པར་བསྟོད་དོ ། །
  • lhip:221.207.29.*
    2016-11-10 19:56:44
    རེད་ཡ།  དཔྱད་གཏམ་བཀླགས་ཟིན།  དངོས་ནས་དེ་འདྲ་རེད།  ཏ་ཅི་ཞིག་གི་བཀོད་པ་ཡོད་དམ།  ང་ཚོའི་མང་ཚོགས་ནི་ནམ་ཡང་སད་རྒྱུ་མེད་པའི་རྡོ་ཕ་བོང་ཞིག་རེད
  • ཨ་བོip:111.12.251.*
    2016-10-30 12:38:37
    འུ་ཚོའི་དད་པ་ཟེར་བ་དེས། རྨ་ཆེན་གངས་རི་རྙིང་དུ་བཅུག་ཅིང་ཁྲི་ཤོར་རྒྱལ་མོ་རུལ་དུ་ཡང་བཅུག་མྱོང་། གཉན་པོ་གཡུ་རྩེ་འབག་ཏུ་བཅུག་ཅིང་ཉི་ཟླ་རི་བོ་ཟད་དུ་ཡང་བཅུག་མྱོང་། ད་ནི་བྲག་དཀར་སྤྲེལ་རྫོང་ཡང་རུལ་ལ་ཉེ།
  • བསྟན་པའི་དཔལ་འགྱུར།ip:36.42.35.*
    2016-10-27 11:46:44
    མི་ལ་ཙི་ཙི་ཟེར་བ་སྔ་མོ་ནས་གོ་མྱོང་ཡོད། རིགས་ཀྱི་འདུ་ཤེས་དང་ཀུན་སློང་གི་ཆ་ནས་ཡི་རང་དང་རྒྱབ་སྐྱོར་བྱེད་མུས་ཡིན། གཞན་ཉིད་ཀྱི་རྩོམ་ཡིག་འདི་ཡང་འགོ་ནས་མཇུག་བར་དུ་ཐེངས་ཤིག་བཀླགས་པ་ཡིན་ལ་མིག་ལ་གཟན་པའི་ཡིག་ནོར་དུ་མའི་གུས་པོའི་སེམས་ཁ་དེ་འདྲའི་བདེ་བོ་མ་བྱུང་། ཤེས་ཡོན་པ་རུ་རློམ་པའི་བོད་པ་སྨྱུག་འཛིན་པ་ཞིག་གི་ངོས་ནས་ཡིག་ནོར་ཉུང་འབྲི་བྱས་ན་ལེགས་སྙམ།
  • གསང་གྲོལ།ip:220.167.156.*
    2016-10-26 23:42:23
    མཁས་མིང་ཁྱེར་མཁན་འདི་ཚོ་ལ་ཁ་ལས་ཅི་ཡང་མེད། གལ་སྲིད་ཁྱོད་སྤྲེལ་རྫོང་གི་ཁོར་ཡུག་ལ་དེ་འདྲའི་ཤ་ཚ་དང་སྙིང་རྗེ་ཞིག་སྐྱེས་ཡོད་ན་ཅིའི་ཕྱིར་ཁྱོད་རང་ཉིད་ཀྱིས་གཙང་སྦྲ་མ་བྱས་པ་ཡིན། ངས་སྐད་ཆ་འདི་འདྲ་ཞིག་བཤད་ཡོང་དུས་འགའ་རེའི་བློ་ངོར་འདི་འདྲའི་དྲི་བ་ཞིག་འཁོར་ངེས། མི་ལ་ཙི་ཙི་གཅིག་པུས་དེ་འདྲའི་གཞི་རྒྱ་ཆེ་བའི་ཁོར་ཡུག་དང་གྲངས་འབོར་མང་བའི་གད་སྙིགས་ལ་བདག་བྱེད་ཐུབ་བམ་ཞེས་པ་དེ་རེད། རེད། མི་ལ་ཙི་ཙི་གཅིག་པོས་བདག་བྱེད་མི་ཐུབ་ནའང་ཐང་། རེད་དེ། དོན་དམ་པར་ཁོ་ཁོར་ཡུག་དེ་ལ་ཤ་ཚ་དང་སེར་སྣ་ཞིག་ཡོད་ན། ཁོས་ཚོགས་པ་བཅས་ཏེ་ཁོར་ཡུག་ལ་གད་བདར་བྱེད་ཆོག  གད་སྙིགས་ལ་བདག་པོར་བརྒྱབས་ཏེ་ཡུལ་གཞན་དུ་དྲུད་ཆོག   དོར་ལྭ་རུལ་བ་འགའ་མཐོང་ཡོང་དུས་སྐྱུག་བྲོ་ལངས་བ་ཞིག་ཡིན་མི་འོས།  ད་དུང་ཁོས་སློབ་གསོའི་གོ་རྟོགས་ཅི་ཡང་མེད་ཅིང་སྒོར་མོ་དམར་ཧྲུལ་མ་ལས་ཅི་ཡང་དྲན་མི་ཤེས་པའི་རྒད་པོ་ཚེ་རྡོར་༼གཡར་མིང་དེ་སྤྱོད་ཆོག་པར་ཞུ༽ལ་གཤེ་གཤེ་བཏང་བ་དང་ཁོར་ཡུག་ལ་ཤ་ཚ་ཡོད་མདོག་སྟོན་པས་ཅི་ཞིག་ཕན།