document.write("");
document.write("
འཇང་བྷེ།ip:125.72.128.*
2015-07-04 15:33:31
གསེར་ཉ་ཞིག་གི་འོད་གཤོག་ངོགས་ནས་བུད་སོང་།
མཚོ་རླབས་ཀྱིས་བསམ་གཟས་དེད་ཡོང་བའི།
མི་རྟག་པའི་རླུང་བུ་དེ་གློ་རྡེག་ལ་ལྡང་བས།
གསེར་ཉ་ཞིག་གི་འོད་གཤོག་ངོགས་ནས།
སྲུང་སྐྱོང་དང་རྩིས་ཐང་གི་བདག་དབང་།
ཆེས་སྤྱིར་བཏང་མིན་པའི་ཚེ་སྲོག་དེའི་གཤེད་མར་གྱུར་ཏེ།
ཡང་འདི་ལྟར་ཁ་བ་ལ་གོད་ཆག་ཕབ་སོང་།
ཁ་བ་སྙིང་ལྕགས་ལ་མྱ་ངན་ཞུ།
");
document.write(" ཉི་ཚེ་བip:111.11.190.*
2015-07-01 22:12:42
ང་ཚོ་ཚང་མས་ཁོང་གི་དགོངས་བ་དྲན་ནས གླེང་ནས མྱོང་ནས སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་ནས་མཁའ་རུ་བསྒྲེང་་་་་་་་་་
");
document.write(" ལྗང་མྱུགip:118.213.149.*
2015-06-28 08:23:31
ཨ་ཙི་ཨ་ཙི ཁོང་སྐུ་གཤེགས་སོང་ཟིག
");
document.write(" བློ་བཟང་ip:27.98.255.*
2015-06-27 23:34:09
མེད་སོང་ཟེར
བརྒྱུད་ལམ་རིང་པོ་ཞིག་ནས
ན་གཞོན་ཞིག་མེད་སོང་ཟེར
ཡག་མོ་བྱས་ནས་ཉན་སྐབས
ན་གཞོན་རྩོམ་པ་པོ་སྙིང་ལྕགས་ལགས་རེད་ཟེར
དེ་ན་ངའི་སྣ་རྩ་སྐྱུར་མོ་རེད་སོང
སྔོན་མ་ཁྱེད་ཀྱི་བྲིས་པའི་སྙན་ངག་འགའ་མཐོང་མྱོང
དེ་ནས་ཁྱེད་ཀྱི་བྱིས་སྒྲུངས་མང་པོ་བྲིས་པ་མཐོང་སྐབས
ཨན་ཐུའུ་ཧྲང་འདྲ་བ་ཞིག་ཡོང་བར་རེ
ད་ཐེངས་ཁྱེད་ཁྲི་ཤོར་རྒྱལ་མོའི་གསེར་ཉྭ་རྩ་ཆེན་རྣམས་ཀྱི་ཆེད
རིན་བྲལ་ཚེ་སྲོགས་འདི་དེ་ཁར་ཕུལ་བ་ཐོས་སྐབས
ང་ཚོ་སྐྱོ་དགོས་པ་ནི
བོད་འདི་ལ་ཁྱེད་འདྲ་རེ་གཉིས་ལས་མིན་འདུག་པས་ཡིན
དེ་ནི་ན་ཚ་ཆེ་ཤོས་དང
གྱོང་གུན་ཆེ་ཤོས
ཕངས་སོང
ངོ་མ་ཕངས་སོང
གོ་ཁྲབ་མེད་པའི་དཔའ་བོ
ངེད་ཚང་ལ་ཁྱེད་འདྲ་བ་ནམ་ཡང་འཁོ
ག་ལེར་ཕེབས
ཁྱེད་ཀྱི་ལམ་ཤུལ་འདི་ནས་
ང་ཚོས་ཁྱེད་ཀྱི་རྐང་བརྗེས་རྣམས་མེད་པར་མི་གཏོང་ཐག་གཅོད་ཡིན
ངོ་མ་ཡིན
ལྷ་ས་བ་ཤིངྒྷན་རང་གྲོལ་ཟེར་བས་མྱང་ངན་ངང་བྲིས།
");
document.write(" རྭ་སྨྱོན།ip:221.13.91.*
2015-06-27 20:04:58
ཨ་ཙི་སྙིང་ལྕགས་ཁ་བ་དང་བྲལ་སོང་བ་སོང་།
");
document.write(" བོན་བརྒྱ་འབྲོང་ཞེན།ip:10.187.184.*
2015-06-27 19:27:45
སེམས་གཏིང་ནས་མྱ་ངན་ཞུ།
ཁ་སང་ཁྱེད་ཀྱིས་སྐད་འཕྲིན་དང་འཕྲིན་སྟེགས་སྒང་ལ
ད་དུང་བརྩམས་ཆོས་སྤེལ་གྱིན་འདུག
དེ་རིང་གློ་བུར་དུ་ཁྱེད་རང་འདི་ལྟར་བཞུད་པ་ཐོས་པས
ང་རང་ཡིད་ཆེས་བྲལ
གྲོགས་པོ་མང་པོར་ཡང་ཡང་དྲིས་རྗེས
ཡིད་ཆེས་ཐབས་བྲལ་ནའང
ཡིད་མི་ཆེས་ཀ་མེད་རེད
ཨ་ཧ་བོ
གྲོགས་པོ་ལགས
ཁྱེད་རང་འདི་ལྟར་གློ་བུར་དུ་གྱེས་འགྲོ་བ
སུ་ཞིག་གི་སེམས་ལའང་ཤར་མ་མྱོང་ལ
འཆར་མི་སྲིད
ད་ནི་ང་ཚོ་ཁྱེད་ཀྱི་འདྲ་པར་ལ་ཅེར་ནས
བརྩམས་ཆོས་ལ་ཁེན་ནས
སེམས་པ་སྟོངས་ལྷང་ངེར་ཧད་ཡོད
མིག་ཆུ་བཙན་གྱིས་བཀག་ནའང
དབང་མེད་ཤོར་འགྲོ
སེམས་ཀྱི་སྐྱོ་གདུང་འདི་ཚིག་གིས་མཚོན་ཐབས་བྲལ
བདེ་བར་བཞུད་དང་སྙིང་གི་གྲོགས
མང་པོ་ཞིག་གིས་ནམ་ཞིག་ཁྱེད་རང་བརྗེད་སྲིད་ན་ཡང
གྲོགས་པོ་ཚོས་ཁྱེད་རང་ནམ་ཡང་བརྗེད་མི་སྲིད
2015.6.27ཉིན་གྱི་སྔ་དྲོར་བོད་ཀྱི་ན་གཞོན་རེ་བ་ཅན་ཁ་བ་སྙིང་ལྕགས་ལགས་མ་བཞུགས་པ་ཐོས་པས་བོན་བརྒྱ་འབྲོང་ཞེན་གྱིས་སྐྱོ་གདུང་ཆེན་པོས་བྲིས།
");
document.write(" ཁ་བ།ip:27.227.188.*
2015-06-27 19:16:56
གཏམ་ངན་དེ་གོ་རྗེས།
ནང་སེམས་ཀྱི་མཆིན་ཤ་སྟེང་འོག་བརྗེས་འདྲའི་སྣང་བ་ཞིག་བྱུང་སོང་།
ང་ཚོདང་ཤིན་དུ་ཉེ་ས་ན
《འབུ་མེ་ལྕེབས》ཀྱི་འོད་གཤོག་ལྟ་བུའི་མི་བུ་འདི
དེ་ལྟར དེ་ལྟར་མི་སྣང་བར་བཞུད་སོང
འོན་ཀྱང
འབུ་མེ་ལྕེབས་དང་གཤོག་པ་ཤུལ་ན་ཡོད་དོ།།
བདེ་བར་གཟིམས།
སྐྱེ་བ་གཞུག་མར་ཡང་བསྐྱར་བོད་ཡུལ་ནས་འཛོམས་པར་སྨོན།
");
document.write(" བཤད་སྒྲུབ་རྒྱ་མཚོ།ip:113.63.231.*
2015-06-27 18:57:10
སྐྱོ་དགོས་པ་ནི་རང་ནུས་ཀྱིས་རང་རིགས་ལ་སྲི་ཞུ་སྒྲུབ་མཁན་གྱི་མི་བུ་སྒལ་ཚིགས་ཅན་ཞིག་དང་། མིག་རྒྱང་རིང་གི་འོད་ཁྱིམ་ལ་ཅེར་བའི་འབུ་མེ་ལྕེབས་ཤིག ལྷག་པར་བོད་སྐད་ཤོད་ལ་དགའ་ཞིང་། བོད་ཡིག་འབྲི་ལ་ཞེན་པའི་གངས་ཕྲུག་ཅིག་ད་ནངས་ནས་མེད་པར་གྱུར་སོང་བ་དེ་རེད།[流泪][流泪][流泪]
");
document.write(" བོད་གཞུག་སྐྱིད།ip:110.166.88.*
2015-06-27 15:52:15
བུ་གཞོན་ནུ་རེ་བ་ཅན་ཞིག་འདི་ལྟར་བུད་སོང་།ཁོང་ལ་བར་དོ་ན་འཇིག་པ་མེད་ཅིང་ཕྱི་མ་བོད་ནས་སྐྱེ་བའི་སྨོན་ལམ་འདེབས།ཨ་མའི་བུ་རེ་བ་ཅན། གུས་འདུད་དང་བཅས་ཏེ་མྱ་ངན་ཞུ།
");
document.write("");