document.write("");
document.write("
ས་བུ་ཆེ།ip:118.124.109.*
2021-05-04 22:16:55
ལུ་གུ་སྐེ་ནག་ལགས་ཐུགས་རྗེ་ཆེ
");
document.write(" ལུ་གུ་སྐེ་ནགip:182.48.98.*
2019-12-09 13:19:27
ས་བུ་ཆེ་ལགས་ཀྱི་དཔྱད་བརྗོད་དག་དང་བསྡུར་ན་བརྩམས་སྒྲུང་ནི་དེ་འདྲའི་ཕུལ་དུ་བྱུང་པ་ཞིག་ཏུ་མ་མཐོང་ཡང་། སྣང་བརྙན་གསར་བཞེངས་དང་མི་སེམས་ཀྱི་འགྱུར་ལྡོག་མཚོན་པ་སོགས་ལེགས་ལེགས་སུ་མཐོང་། ཚིག་ལ་ཡང་ཁྱེད་ཀྱི་དགོངས་པ་ལྟར་རྒྱ་དྲི་ཆེར་མེད་ཀྱང་། ཟུར་ཟ་ཆེན་པོ་ཞིག་ལ་ཞེས་པ་དེ་ནི་བོད་སྐད་དག་མ་ཞིག་མ་ཡིན་པ་འདྲ་བས། དེ་ལས་ལེགས་པའི་མཚོན་སྟངས་ཤིག་ཡོད་མེད་ལ་བསམ་བློ་བཏང་རོགས།
");
document.write(" ས་བུ་ཆེip:125.67.26.*
2018-05-24 13:52:17
རྣམ་གླིང་གི་མཆན་ལྟས་ཟིན
");
document.write(" མོ་བ་བསོད་སྐྱབས།ip:117.136.82.*
2017-08-12 01:55:58
སྡེབ་སྦྱོར་མི་སྙན་ལ་འདོན་ཀྱང་ཁག་པོ་འདུག ཡིག་ནོར་དང་དུས་གསུམ་གྱི་ནོར་འཁྲུལ་ཡང་མང་པོ་བསགས་འདུག
");
document.write(" ས་བུ་ཆེip:112.18.158.*
2017-07-24 20:42:58
རྣམ་གླིང་རིན་ཆེན་ལགས་ཐུགས་རྗེ་ཆེ། རྒྱ་དྲིའི་སྐོར་ལ་རྣམ་རྟོག་ཆེན་པོ་ཡོད། ལྕགས་ཚན་ལགས་ཀྱི་གསུངས་པ་ལ་རྒྱུ་མཚན་ཡོད་ས་རེད། འོན་ཀྱང་རང་སྐྱོན་རང་གིས་མི་མཐོང་བས། ལྕགས་ཚན་ལག་གྱིས་སྐྱོན་ཤོར་ས་ཉེ་བར་བསྟན་རོགས་བྱས་ན་ཉན་འདོད་ཆེན་པོ་ཡོད
");
document.write(" རྣམ་གླིང་རིན་ཆེན།ip:220.182.9.*
2017-07-23 20:57:04
བརྩམས་སྒྲུང་འདིའང་འབྲི་སྟངས་ཁྱད་པར་བ་ཞིག་ཏུ་མཐོང་། མུ་མཐུད་བརྩོན་རོགས། སྐད་ཆ་ལ་རྒྱ་དྲི་འཁྱེར་གྱིན་མིན་འདུག་ཀྱང་། ཚིག་འགའ་རེ་རྡོ་བཅག་བཙན་སྒྲིག་གི་རྗེས་ཤུལ་ཅུང་འདུག་བསམས། ཁ་དྲོ། བཀྲ་ཤིས།
རྩོམ་འབྲི་མཁན་ལ་སྐྱོན་ཡོད་པ་རེད། དེ་ནི་དཔེར་ན་ལས་ཀ་ལས་མཁན་ལ་སྐྱོན་འབྱུང་བའི་དཔེ་ལྟར་རེད།
རྣམ་གླིང་རིན་ཆེན་ནས།
");
document.write(" ས་བུ་ཆེip:183.220.84.*
2017-07-22 11:01:08
གང་ལྟར་མཆན་རེ་བཞག་པ་མཐོང་ན། རང་གི་རྩོམ་ལ་དོ་སྣང་བྱེད་མཁན་འདུག་བསམ་ནས་ཡ་ཆུང་ནང་ནས་དགའ་འི་ཡོད། ཐུགས་རྗེ་ཆེ
");
document.write(" ས་བུ་ཆེ།ip:183.220.84.*
2017-07-22 10:59:37
ངས་སྒྲུང་འབྲི་སྐབས། ཐོག་མ་ང་རང་གི་ཡུལ་སྐད་དེ་རྫ་ཆུ་ཁའི་འབྲོག་སྐད་ལྟར་འབྲི་འི་ཡོད། དེ་ནས་དེ་ལ་རང་གི་ཤེས་ཚོད་ཀྱིས་ཡིག་སྐད་ལ་བཅོས་ཆོག་པ་དག་བཅོས་ཀི་ཡོད། འོན་ཀྱང་ང་རང་གི་བརྡ་སྤྲོད་ཤིན་ཏུ་ཞན་པ་རེད། རྣམ་དབྱེ་བརྒྱད་ཀྱི་ནོར་བའང་ཤོར་འགྲོ་བའི་ཚོད་རེད། འོན་ཀྱང་། དེ་ནི་ཡི་གེའི་བརྡ་སྤྲོ་ཝད་མིན་ནམ་བསམ། གོང་གི་མི་སྣའི་ཁ་བརྡ་ལ་རྣམ་པ་ཚོས་རྒྱ་དྲི་ཚོར་གིན་ཡོད་དམ། དེ་ཡོད་ན། དེ་ནི་རྒྱ་དྲི་མ་རེད། ཡུལ་སྐད་རང་རེད། གལ་ཏེ་ཚིག་གཞན་ནས་རྒྱ་དྲི་མཐོང་ན། ད་དེ་ངོ་མ་སྐྱོན་འཛུགས་གནད་ལ་ཁེལ་ཡོད་རྒྱུ་རེད་བསམ། དེ་འདྲའི་སྐྱོན་བརྗོད་ལ་དགའ་བསུ་བྱེད་ཀི་ཡོད་པ་དང་། ཁ་བྲོ་ཞུ་འི་ཡོད
");
document.write(" ས་བུ་ཆེip:183.220.84.*
2017-07-22 10:54:32
བོད་ཀྱི་རྩོམ་རིག་དར་སྟངས་ཀི་རྐྱེན་གྱིས་མང་པོ་ཞིག་གིས་ཨམ་མདོའི་འབྲོག་སྐད་དང་དབུས་སྐད་གཉིས་ཁོ་ནར་བོད་སྐད་ཡང་དག་ལ་བརྩི་བ་དང་། ང་འདྲས་ཁམས་སྐད་ལབ་སྐབས། སྐད་དེ་ཨམ་དབུས་གཉིས་དང་ཅུང་མི་འདྲ་བས་དཔེ་ཀློག་གི་གོམས་གཤིས་དང་ཤིན་ཏུ་མི་འཕྲོད་པ་གྱུར་ངེས། གྲོགས་པོ་ལྕགས་ཚན་ལགས་ཀྱི་དགོངས་ཆར་ལ་རྒྱུ་མཚན་ཡོད་རྒྱུ་རེད། དེ་བས། ཉིད་ཀྱི་ལྟ་འོང་སྐབས། སྡེབ་སྦྱོར་གྱི་རྒྱ་སྐད་ཤན་ཞུགས་གང་ན་ཡོད་པ་དཔེ་ཡི་སྒང་ནས་བརྗོད་པ་མཚལ། རྒྱུ་མཚན་ནི་ངའི་ཨམ་སྐད་བརྩམས་སྒྲུང་ལྟ་དུས། དེ་ལའང་རྒྱ་དྲི་མེད་པ་མ་རེད། འོན་ཀྱང་འདི་ངོ་མ་གནད་དོན་རེད། གང་རྒྱ་དྲི་ཡིན་པ་དང་། གང་ཡུལ་དྲི་ཡིན་པ་ང་ཚོས་བགྲོ་གླེང་རིན་རེད་བསམ། དེ་བས། གྲོགས་པོ་ལྕགས་ཚན་གྱིས་བསླར་ཡང་དཔྱད་མཆན་འཇོག་པར་ཐུགས་རྗེ་ཆེ། ང་ལ་སྐྱོན་གང་ཡོད་མཛུབ་མོ་རི་སྟོན་གནང་རོགས་ཞུ།
");
document.write(" ལྕགས་ཚན།ip:106.121.58.*
2017-07-20 13:54:42
ཁྱེད་དང་ཀླད་གོར་སོགས་རྩོམ་རིག་གི་བློ་སྦྱོང་ཅུང་ཡོད་པ་ཚོས་བོད་ཡིག་མི་ཤེས་ལ། བོད་སྐད་བོད་ཡིག་ཅུང་ལེགས་པོ་ཤེས་མཁན་ཚོར་རྩོམ་རིག་གི་བློ་སྦྱོང་མེད་པ་ནི། ད་ལྟའི་རང་རེ་སྟེ། བོད་ཀྱི་རྩོམ་སྟེགས་ཀྱི་སྐྱོ་གར་ཆེ་ཤོས་རེད། ཕྱི་ནས་བོད་རྩོམ་འབྲི་བ་ལ་ཐ་སྙད་ཀྱི་ཞིབ་ཆ་དང་བོད་སྐད་རང་གི་སྐད་ཆའི་གོམས་གཤིས་ལ་ཅི་ནས་ཤིན་ཏུ་དོ་ནན་བྱ་དགོས་མ་གཏོགས། ཁྱོད་ཀྱི་གོང་དུ་བྲིས་པ་བཞིན་ཡིན་མདོག་མདོག་གིས་སྤྱད་པའི་ཐ་སྙད་ཁྲ་བོ་དག་ལ་ཞིབ་ཆ་མ་ཐོན་པས་ཉམས་ཐོན་པ་ལྟ་ཅི་གད་མོར་སོང་བ་དང་། སྡེབ་སྦྱོར་ལ་རྒྱ་སྐད་ཀྱི་ཤན་ཆེར་ཞུགས་པས་བོད་སྐད་སྨྲ་མཁན་ལ་བཀླགས་མི་བདེ་བ་སོགས་འབྱུང་སླ་བས། སྐད་ཆའི་སྦྱོང་བརྡར་དགོས་ངེས་ལ་འབད་རྩོལ་མི་ཉུང་བས་དོ་གལ་ནན་ཏུར་གནང་རྒྱུའི་རེ་བཅོལ་ཞུས་པ་ལགས།
");
document.write("");