document.write("");
document.write("
དེའུ་ཤེས་ལྡན།ip:43.242.180.*
2017-03-08 18:56:33
དགུན།
དགུན་གསུམ་རུ་ཁའི་ཁ་བ།།
དགུན་གསུམ་ཡུལ་ལ་བབ་སོང་།།
དགུན་གསུམ་དྲོང་མངར་ལྷོད་པོ།།
དགུན་གསུམ་རི་ནས་ཐོན་ཐལ།།
དགུན་དགུན་ཁ་བའི་ཡུལ་ནས།།
དགུན་དགུན་རི་ལ་འཁྱམས་ནས།།
དགུན་དགུན་རི་ལང་འདི་ནས།།
དགུན་དགུན་དགུན་ལས་རྫོཊ་ཐལ།།
དགུན་ནས་མི་ཞིག་མ་མཐོང་།།
དགུན་ནས་སྐྱིད་ཞིག་མ་རིག།
དགུན་ནས་མཐོང་བ་དེ་དག།
དགུན་ནས་འདི་ལྟར་འབོར་སོང་།།
དགུན་ལས་བཟི་ལ་ཤོར་ནས།།
དགུན་ལས་མི་ཚེ་ཚལ་ཐལ།།
དགུན་ལས་སྐྱོ་བའི་གང་ནས།།
དགུན་ལས་ཁྱེད་རང་མ་མཐོང་།།
དགུན་ཁྱོད་དགུན་ལ་དུང་བའི།།
དགུན་ཁྱོད་དགུན་ལ་མ་དུང་།།
དགུན་ཁྱོད་དགུན་ལ་དགའ་རོང་།།
དགུན་ཁྱོད་དགུན་ལ་མ་དགའ།།
དགུན་དེ་དགུན་ལ་དགའ་རང་།།
དགུན་དེ་མ་ཐོན་བསམ་ནས།།
དགུན་དེ་རྫོགས་པའི་སྔོན་ལ།།
དགུན་དེ་མ་དགའ་བཤད་དོ།།
");
document.write("");