document.write("");
document.write("
སྒྲེན་པོ།ip:125.72.60.*
2020-07-27 19:05:44
རྟོག་པ་དང་ཞལ་སྤྲོད་དུ་བསྡད་དེ་ཁ་བརྡ་བྱས་པ་དང་འདྲ་བའི་ཚིག་གི་ང་རོ། མུན་པ་དང་མིག་ཅེར་གྱིས་བསྡད་དེ་ཕྱི་ཤུན་བཤུས་པ་དང་འདྲ་བའི་འོད་ཀྱི་རང་མདངས། རང་དབང་གིས་འཕྱོ་ལྡིང་གི་ངོ་བོར་རྩེན་པའི་ཚིག་གི་ལྡ་ལྡི། ཡོད་ཡོད་འདྲ་ལ་མེད་མེད་འདྲ་ཞིང་སྣང་བ་འདྲ་ལ་སྟོང་པ་འདྲ་བའི་སྐད་ཆའི་ལྡེབས་རིས་ངོས་སུ་གསལ་བའི་གདོད་མའི་དུས་ཚོད་དང་བར་མཐོངས་ཀྱི་ཡོམ་འགུལ། ཚེ་སྲོག་གི་གཙང་པོ་ཁ་རྒྱས་ཏེ་སྐད་ཅིག་བྲི་བ་དང་འདྲ་བའི་དབུགས་འབྱིན་རྔུབ་ཀྱི་མཚམས་ཚིགས།
སྒྲེན་པོས་སྦྱར། 2020/7/27 night
");
document.write("");