སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས་མཚོ་སྔོན་ཞུན་ཧྭ་ནས་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ།

  ད་ལོར་རྒྱལ་སྟོན་དུས་ཆེན་ལ་ཉིན་བདུན་གྱི་གུང་གསེང་ཡོད་པ་ནི་ང་ཚོར་མཚོན་ན་ཆེས་གལ་ཆེན་ཞིག་རེད། སྤྱིར་བཏང་ངེད་ཅག་ལའང་རང་རང་གི་སྒེར་དོན་ཡོད་ལ། ཡང་ན་ངལ་གསོ་བའི་དགོས་པའང་ཧ་ཅང་ལྡན་   མོད། དུས་ཚོད་ནི་དེ་བས་ཀྱང་གལ་ཆེན་ཡིན་སྟབས། ང་ཚོས་གུང་གསེང་སྤྱད་དེ་ཟླ་བཅུ་བའི་ཚེས་གསུམ་ནས་ ཚེས་ལྔ་བར་མཚོ་སྔོན་ཞུན་ཧྭ་ས་ཁུལ་གྱི་སྡེ་བ་ལྔ་རུ་སོང་ནས་བོད་མོ་ཉིས་བརྒྱ་ལྷག་ལ་སྔར་བཞིན་ཨེ་ཙི་སོགས་ཚེ་སྲོག་ལ་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཐད་ཀྱི་ཤེས་བྱ་དང༌། འཕྲོད་བསྟེན་རྒྱུན་ཤེས་སོགས་བསྒྲགས་པ་མ་ཟད། སྡོམ་པས་རིན་གོང་དམངས་སྒོར2300ལྷག་གི་སྨན་དང་དོར་ཐུང་ནང་གོས། དེ་མིན་ཧྲང་ཧེ་གྲོང་ཁྱེར་དང་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་གི་ལྷག་བསམ་ཅན་ཚོས་སྦྱིན་པའི་གྱོན་གོས་སྣ་ཁ་བརྒྱ་ལྷག་བྱིན་པ་ཡིན།  ཞོར་དུ་ཕ་མ་མི་འཛོམས་པ་དང་ཆ་རྐྱེན་ཞན་པའི་ཁྱིམ་ཚང་སྐོར་ཞིག་ལ་དངོས་སུ་སོང་ནས་སློབ་མ་བདུན་གྱི་ཡིག་ཚགས་བཟོས་ཏེ་ཁོ་ཚོར་སློབ་ཡོན་ཐད་རོགས་སྐྱོར་བྱེད་ཨེ་ཐུབ་པར་འབད་པའི་འཆར་གཞིའི་ནང་བཞག་ཡོད།
 
 མཚོ་སྔོན་གསོ་རིག་སློབ་གླིང་གི་རབ་འབྱམས་པ་དབྱངས་མོ་ཚེ་རིང༌།
 ཐེངས་འདིར་དཔལ་མོ་དང་མཁའ་མོ་རྒྱལ། དབྱངས་མོ་ཚེ་རིང་ལས་གཞན་ད་དུང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པ་དཀོན་མཆོག་ནོར་བུ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པ་ལྷ་ལུང་དཔལ་རྡོར། དངོས་གཞི་སློབ་མ་དབྱངས་སྐྱིད་སྒྲོལ་མ་དང་ཚེ་རིང་ལྷ་མོ། གཙོའི་དགེ་ཐོན་སློབ་གྲྭའི་ལྷ་མོ་ཐར་བཅས་ཀྱིས་བྱེད་སྒོ་སྤེལ་བ་ཡིན།
 
 འདི་ནི་བྱེད་སྒོ་སྤེལ་བའི་སྒང་ཡིན་ལ། མཚན་མོ་དེར་བུད་མེད་བརྒྱ་ལྷག་འདུས་ཡོད།
 
 འདི་ནི་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལེན་པའི་སྒང་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།