མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས2011ལོའི་ཀྲུང་གོའི་བོད་གཞས་འགྲན་བསྡུར་དུ་ཨང་དང་པོ་བླངས་པ།

   ཟླ9བའི་ཚེས25ཉིན་གྱི་དགུང་མོ།   2011ལོའི་ཀྲུང་གོའི་བོད་གཞས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་སི་ ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིS1བརྒྱུད་གཏོང་ཁང་དུ་ཚོགས་པ་དང་།   ཧ་ཅང་ཛ་དྲག་གི་འགྲན་བསྡུར་གོ་རིམ་བརྒྱུད་དེ་མཐའ་མར་པེ་ཅིང་འགྲན་ཁུལ་ནས་ཡོང་བའི་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་ཨང་དང་པོའི་རྒྱལ་ཁ་བླངས་ཤིང་།   དེའི་འཕྲོར་ཨ་དུང་དང་བསྟན་ཆོས་ཨ་བདེ་གཉིས་ཀྱིས་སོ་སོར་ཨང་གཉིས་པ་དང་གསུམ་པ་བླངས་པ་རེད། 
 
  མ་སྐྱེས་ཨ་མའི་གཞས་ཚོགས།
   རྒྱ་ཆེ་བའི་བོད་གཞས་དགའ་མོས་ཅན་རྣམས་ཀྱིས་བཤད་རྒྱུར། མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་རྒྱལ་ཁ་བླངས་བ་ནི་མིང་དོན་དང་མཚུངས་བ་ཞིག་ཡིན་ཞིང་ཆེས་བློ་ཁ་དང་མཐུན་པའི་མཇུག་འབྲས་ཤིག་ཡིན།   འདི་ལས་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་དུས་ཡུན་ལོ་འགར་སྦྱོང་བརྡར་གང་མང་བྱས་པའི་གྲུབ་འབྲས་ཤིག་ཏུའང་མཐོང་བ་རེད།
    མ་སྐྱེས་ཨ་མའི་གཞས་ཚོགས་ཀྱི་ཁུངས་མི་སོ་སོས་རང་ཉིད་ཀྱི་ལག་ཆས་རྣམས་ཁྱེར་ཏེ་ རང་རློམ་དང་བློ་སྤོབས་ཤིག་གི་སྣང་བརྙན་སྒོས་ཐེངས་འདིའི་རྟིང་རྩོད་འགྲན་ བསྡུར་དངོས་ལ་ཞུགས་ཤིང་།  ཆེས་ལྷད་མེད་པའི་རང་བྱུང་གླུ་སྐད་ལས་འདིར་བཞུགས་ལྷན་རྒྱས་ཀྱི་དང་བ་ཡོངས་སུ་ དཀྲོགས་བྱུང་།   ཁོ་ཚོའི་གླུ་གཞས་འདིས་གནའ་དང་དེང་།  དེང་རབས་དང་སྲོལ་རྒྱུན། དམངས་གླུ་དང་དེང་གླུ་སོགས་ཕན་ཚུན་ཟུང་སྦྲེལ་བྱས་ཡོད་པ་དང་།   བོད་མི་རིགས་རང་གི་སྲོལ་རྒྱུན་དམངས་ཁྲོད་གླུ་གཞས་ཀྱི་རྨང་གཞིའི་སྟེང་འཛམ་གླིང་གླུ་གཞས་ཀྱི་རྒྱུ་ཆ་ཁ་གསབ་བགྱིད་ཡོད་ལ།   གཞས་ཆས་དང་གླ་སྐད་ལྷན་མར་སྦྱར་བའི་ཡིད་འགུག་གི་ཚོར་བ་སྦྱིན་གྱི་ཡོད།  འདི་ནི་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་བོད་ཀྱི་གླུ་གཞས་ཁྱབ་ཁུངས་ནང་ཐོག་མར་འཚོལ་སྙེག་བྱས་པའི་ལམ་བུ་ཞིག་ཡིན་ཞིང་།   གཞན་དང་མི་མཐུན་པའི་ཁྱད་ཆོས་ཤིག་ཏུའང་མངོན་གྱི་ཡོད།

རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས2011ལོའི་ཀྲུང་གོའི་བོད་གཞས་འགྲན་བསྡུར་དུ་ཨང་དང་པོ་བླངས་པ།

2011-09-26 ལྷ་མོ། ཀློག་གྲངས། མཆན ཡོད།

   ཟླ9བའི་ཚེས25ཉིན་གྱི་དགུང་མོ།   2011ལོའི་ཀྲུང་གོའི་བོད་གཞས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་སི་ ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིS1བརྒྱུད་གཏོང་ཁང་དུ་ཚོགས་པ་དང་།   ཧ་ཅང་ཛ་དྲག་གི་འགྲན་བསྡུར་གོ་རིམ་བརྒྱུད་དེ་མཐའ་མར་པེ་ཅིང་འགྲན་ཁུལ་ནས་ཡོང་བའི་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་ཨང་དང་པོའི་རྒྱལ་ཁ་བླངས་ཤིང་།   དེའི་འཕྲོར་ཨ་དུང་དང་བསྟན་ཆོས་ཨ་བདེ་གཉིས་ཀྱིས་སོ་སོར་ཨང་གཉིས་པ་དང་གསུམ་པ་བླངས་པ་རེད། 
 
  མ་སྐྱེས་ཨ་མའི་གཞས་ཚོགས།
   རྒྱ་ཆེ་བའི་བོད་གཞས་དགའ་མོས་ཅན་རྣམས་ཀྱིས་བཤད་རྒྱུར། མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་རྒྱལ་ཁ་བླངས་བ་ནི་མིང་དོན་དང་མཚུངས་བ་ཞིག་ཡིན་ཞིང་ཆེས་བློ་ཁ་དང་མཐུན་པའི་མཇུག་འབྲས་ཤིག་ཡིན།   འདི་ལས་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་དུས་ཡུན་ལོ་འགར་སྦྱོང་བརྡར་གང་མང་བྱས་པའི་གྲུབ་འབྲས་ཤིག་ཏུའང་མཐོང་བ་རེད།
    མ་སྐྱེས་ཨ་མའི་གཞས་ཚོགས་ཀྱི་ཁུངས་མི་སོ་སོས་རང་ཉིད་ཀྱི་ལག་ཆས་རྣམས་ཁྱེར་ཏེ་ རང་རློམ་དང་བློ་སྤོབས་ཤིག་གི་སྣང་བརྙན་སྒོས་ཐེངས་འདིའི་རྟིང་རྩོད་འགྲན་ བསྡུར་དངོས་ལ་ཞུགས་ཤིང་།  ཆེས་ལྷད་མེད་པའི་རང་བྱུང་གླུ་སྐད་ལས་འདིར་བཞུགས་ལྷན་རྒྱས་ཀྱི་དང་བ་ཡོངས་སུ་ དཀྲོགས་བྱུང་།   ཁོ་ཚོའི་གླུ་གཞས་འདིས་གནའ་དང་དེང་།  དེང་རབས་དང་སྲོལ་རྒྱུན། དམངས་གླུ་དང་དེང་གླུ་སོགས་ཕན་ཚུན་ཟུང་སྦྲེལ་བྱས་ཡོད་པ་དང་།   བོད་མི་རིགས་རང་གི་སྲོལ་རྒྱུན་དམངས་ཁྲོད་གླུ་གཞས་ཀྱི་རྨང་གཞིའི་སྟེང་འཛམ་གླིང་གླུ་གཞས་ཀྱི་རྒྱུ་ཆ་ཁ་གསབ་བགྱིད་ཡོད་ལ།   གཞས་ཆས་དང་གླ་སྐད་ལྷན་མར་སྦྱར་བའི་ཡིད་འགུག་གི་ཚོར་བ་སྦྱིན་གྱི་ཡོད།  འདི་ནི་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་བོད་ཀྱི་གླུ་གཞས་ཁྱབ་ཁུངས་ནང་ཐོག་མར་འཚོལ་སྙེག་བྱས་པའི་ལམ་བུ་ཞིག་ཡིན་ཞིང་།   གཞན་དང་མི་མཐུན་པའི་ཁྱད་ཆོས་ཤིག་ཏུའང་མངོན་གྱི་ཡོད།

རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།