༢༠༡༢ལོའི་ཕྱི་ལོའི་ལོ་སར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།

 
 ༢༠༡༢ལོའི་ཕྱི་ལོའི་ལོ་སར་གྱི་དགའ་སྟོན་འཛམ་གླིང་གོ་ལ་རིལ་མོའི་མཐའ་དབུས་ཀུན་ཏུ་མངོན་པར་ཤར་བའི་སྐབས་འདིར། ངེད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་འདས་པའི་ལོ་ངོ་དྲུག་གི་རིང་ངེད་དྲ་བར་ཕྱག་རྩོམ་གྱི་སྦྱིན་པ་ཆར་དུ་སྩོལ་བའི་རྩོམ་པ་པོ་དག་དང་། མཛའ་བརྩེའི་ཕྱག་ཟུང་གིས་དམ་དུ་འཁྱུད་པའི་ཀློག་པ་པོ་ཀུན་གྱི་བསམ་པའི་དོན་འགྲུབ་པ་དང་། དགོས་པའི་འདོད་པ་འཇོ་བའི་བཀྲ་ཤིས་སྨོན་ལམ་བཏབ་པ་ཡིན། དེ་མཚུངས་༢༠༡༢ལོར་འཛམ་གླིང་ཞི་བདེ་འབྱུང་བ་དང་། དྲང་བདེན་གྱི་བསྟན་པ་དར་བ། དབུལ་ཕྱུག་དོ་མཉམ་པ། ནད་ཡམས་དང་མེད་མུག དམག་འཁྲུག རང་བྱུང་གནོད་འཚེ་སོགས་ཉུང་ནས་ཉུང་དུ་འགྲོ་བ་དང་། སྒོས་སུ་གངས་ཅན་བོད་མི་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་མངོན་པར་རོལ་བའི་སྨོན་ལམ་ཡང་བཏབ་པ་ཡིན། ཞལ་དྲོ་བར་གྱུར་ཅིག བཀྲ་ཤིས་པར་གྱུར་ཅིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༢ལོའི་ཕྱི་ལོའི་ལོ་སར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།

2012-01-01 ངེད་དྲ་བ། ཀློག་གྲངས། མཆན ཡོད།

 
 ༢༠༡༢ལོའི་ཕྱི་ལོའི་ལོ་སར་གྱི་དགའ་སྟོན་འཛམ་གླིང་གོ་ལ་རིལ་མོའི་མཐའ་དབུས་ཀུན་ཏུ་མངོན་པར་ཤར་བའི་སྐབས་འདིར། ངེད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་འདས་པའི་ལོ་ངོ་དྲུག་གི་རིང་ངེད་དྲ་བར་ཕྱག་རྩོམ་གྱི་སྦྱིན་པ་ཆར་དུ་སྩོལ་བའི་རྩོམ་པ་པོ་དག་དང་། མཛའ་བརྩེའི་ཕྱག་ཟུང་གིས་དམ་དུ་འཁྱུད་པའི་ཀློག་པ་པོ་ཀུན་གྱི་བསམ་པའི་དོན་འགྲུབ་པ་དང་། དགོས་པའི་འདོད་པ་འཇོ་བའི་བཀྲ་ཤིས་སྨོན་ལམ་བཏབ་པ་ཡིན། དེ་མཚུངས་༢༠༡༢ལོར་འཛམ་གླིང་ཞི་བདེ་འབྱུང་བ་དང་། དྲང་བདེན་གྱི་བསྟན་པ་དར་བ། དབུལ་ཕྱུག་དོ་མཉམ་པ། ནད་ཡམས་དང་མེད་མུག དམག་འཁྲུག རང་བྱུང་གནོད་འཚེ་སོགས་ཉུང་ནས་ཉུང་དུ་འགྲོ་བ་དང་། སྒོས་སུ་གངས་ཅན་བོད་མི་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་མངོན་པར་རོལ་བའི་སྨོན་ལམ་ཡང་བཏབ་པ་ཡིན། ཞལ་དྲོ་བར་གྱུར་ཅིག བཀྲ་ཤིས་པར་གྱུར་ཅིག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།