བོད་བརྗོད་གཞི་བྱས་པའི་གློག་བརྙན་ཆེན་པོ་༼གཏེར་སྒྲོམ་༽ཞེས་པ་ཞིག་གི་ལས་གཞི་འགོ་ཚུགས་ཟིན་པ།

  ངེད་དྲ་བར་གནས་ཚུལ་འབྱོར་གསལ་ལྟར་ན། ཨ་རིའི་གློག་བརྙན་ཚོང་སྡེ་ཊིཟིཁའོཝོར་ཞེས་པ་དེའི་ཞང་ཀང་དུ་བཅའ་སྡོད་བྱས་པའི་ཡན་ལག་སྡེ་ཚན་མིང་ལ་ཀྲུང་གོའི་འཚོལ་སྙེགས་ཟེར་བའི་བཟོ་སྐྲུན་ལས་ཁུངས་ཤིག་གིས་སྣེ་ཁྲིད་ཅིང་། ཧོ་ལན་ཊི་དང་འཇར་མན་། སུད་སེ། ལྗར་པན། ཧྥ་རན་སེ་བཅས་ཤར་ནུབ་རྒྱལ་ཁབ་དྲུག་གི་གློག་བརྙན་ཚོང་སྡེ་བདུན་མཉམ་ལས་བྱས་ཏེ།  བོད་ཀྱི་ངག་སྒྲུང་བརྗོད་གཞིར་བཟུང་བའི་ཁེར་ཊོན་གློག་བརྙན་ནམ་༼འདི་ལ་འགུལ་རིས་སམ་ཀོསྤིས་གློག་བརྙན་ཟེར་མཁན་ཡང་ཡོད་འདུག༽ཞིག་བཟོ་གཏན་འཁེལ་ཅིང་ད་ཆ་ལས་གཞི་དངོས་སུ་འགོ་བཙུགས་ཡོད་འདུག
  ཁྲོམ་རའི་བབས་དང་བསྟུན་ནས་ཅུང་ཟད་གསང་བ་གནང་གིན་པས། གློག་བརྙན་དེའི་འཁྲབ་འཁྲིད་དང་ལག་རྩལ་ལམ་སྟོན་སོགས་བཟོ་མཁན་གཙོ་བོ་དག་གི་གནས་ཚུལ་རྒྱུས་ལོན་མ་བྱུང་མོད། གཞུང་གཙོ་བོ་འབྲི་མཁན་ནི་བོད་ཀྱི་སྙན་ངག་པ་གྲགས་ཅན་དང་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་ལྗང་བུ་ལགས་ཡིན་པར་ར་སྤྲོད་གསལ་ཁ་བྱུང་འདུག
  འབྲེལ་ཡོད་འགན་འཛིན་པས་གནས་ཚུལ་ངོ་སྤྲད་པ་ལྟར་ན། གློག་བརྙན་དེ་ནི་དུས་རབས་ཉེར་གཅིག་པའི་བོད་དབུས་གཙང་གི་གཏེར་སྒྲོམ་ཆུ་ཚན་ཞེས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་གནས་གྲགས་ཆེན་དེའི་ཆུ་ཚན་མགྲོན་ཁང་ཞེས་པ་ནས་འགོ་ཚུགས་ཏེ། རིམ་བཞིན་དུས་ཚོད་ཀྱི་བཀག་རྒྱ་བཤིག་ནས་མི་རོ་རྩེད་སྒྲུང་གིས་མཚོན་རོ་སྒྲུང་པར་གཞི་མི་འདྲ་བ་བཅུ་གསུམ་དང་། གླིང་བཟའ་ཆོས་སྐྱིད་ཀྱིས་དམྱལ་བར་བྱ་ར་བྱས་པའི་ཟིན་ཐོ་དང་ཨ་ཅེ་ལྷམ་ཆུང་གི་སྒྲུང་སོགས་བོད་ཀྱི་འདས་ལོག་གི་སྒྲུང་དཔེ་མི་འདྲ་བ་བཞི་བཅུ་ལྷག་ཅིག་སྒྲུང་ཧྲིལ་བོའི་ས་བོན་ནམ་ཐོན་ཁུངས་གཙོ་བོ་བྱས་ཡོད་པ་དང་། སྒྲུང་གི་སྒྲོམ་གཞི་འཐུས་ཚང་སྤུས་གཙང་ཡོང་བའི་ཆེད་དུ།  བོད་ཀྱི་ངག་རྒྱུན་བྱིས་སྒྲུང་དང་གླིང་སྒྲུང་གི་ལེགས་ཆ་སྐོར་ཞིག་ཀྱང་ཁ་གསབ་ཀྱི་ཚུལ་གྱིས་མཉམ་འཇུག་བྱས་ཡོད་འདུག་ཅིང་། རྗེ་འབངས་ཉེར་ལྔས་མཚོན་སྤུར་རྒྱལ་དུས་ཀྱི་ལོ་རྒྱུས་མི་སྣ་སྐོར་ཞིག་དང། ཉང་ཉི་མ་འོད་ཟེར་དང་མ་ཅིག་ལབ་སྒྲོན། མི་ལ་རས་པ། འབྲུག་པ་ཀུན་ལེགས། ཐང་སྟོང་རྒྱལ་པོ་སོགས་གྲུབ་ཆེན་དང་གཏེར་སྟོན་སྐོར་ཞིག་གི་སྒྲུང་དུམ་པ་འདྲ་མིན་ཡང་གློག་བརྙན་གྱི་བར་གསེང་དུ་བཅུག་ཡོད་འདུག
  གློག་བརྙན་དེ་ནི་ལེའུ་བཞི་བཅུ་ཞེ་ལྔའི་༼ཞེ་ལྔ་ནས་ཞེ་དགུ༽བདག་ཉིད་ཅན་ཞིག་ཡིན་པ་དང་།  དེས་བོད་ཀྱི་ཐང་ཀ་སོགས་ཤར་ཕྱོགས་ཀྱི་རི་མོའི་མཛེས་ཆ་གཙིགས་སུ་བཟུང་ཐོག་དེང་རབས་ཀྱི་གློག་ཀླད་ལག་རྩལ་སྣ་མང་བེད་སྤྱོད་བཏང་ནས་བཟོ་བཞིན་ཡོད་ལ། སྤྱིའི་འགྲོ་སོང་ཡུ་རོབ་བྱེ་བ་གཉིས་ལས་བརྒལ་ཡོད་པ་ཀྲུང་སྒོར་དུ་བྱས་ན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ལྷག་ཙམ་ཡིན་པར་།   ཕལ་ཆེར་༢༠༡༣ལོའི་སྟོན་ཁར་འགྲེམ་སྤེལ་གནང་ཐུབ་ངེས་རེད།   རྒྱ་སྐད་དང་དབྱིན་སྐད་ཀྱི་པར་གཞི་ཁྲོམ་རར་འགྲེམ་སྤེལ་དང་མཉམ་དུ་། གློག་བརྙན་ཁང་ལ་སྟོན་བདེ་བའི་ཆུ་ཚོད་གཉིས་དང་སྐར་མ་ཉི་ཤུ་གཡས་གཡོན་གྱི་ཉིང་བསྡུས་གློག་བརྙན་ཞིག་ཀྱང་བཟོ་རྒྱུ་ཡིན་པར་མ་ཟད། བོད་སྐད་པར་གཞི་ཆ་ཚང་དེ་བོད་ཕྱི་ནང་དུ་རིན་མེད་ཐོག་ནས་འགྲེམ་སྤེལ་ཞུ་འཆར་ཡང་ཡིན་འདུག
 
པར་འདི་ནི་གློག་བརྙན་གྱི་མི་སྣ་དང་། ཡུལ་ལྗོངས། རྒྱན་གོས། འཛིན་ཆས་ཡོ་བྱད་སོགས་ཇུས་འགོད་ཐོག་དང་པོར་བྱེད་པའི་སྐབས་ཀྱི་རི་མོ་སྟོང་ཕྲག་དུ་མ་ལས་གང་དགར་བདམས་པའི་མ་ཟིན་ཁ་ཤས་ཡིན་མོད། གློག་བརྙན་དངོས་ནང་དུ་བེད་སྤྱོད་མ་བཏང་བ་སྐོར་ཞིག་རེད་ཟེར་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་བརྗོད་གཞི་བྱས་པའི་གློག་བརྙན་ཆེན་པོ་༼གཏེར་སྒྲོམ་༽ཞེས་པ་ཞིག་གི་ལས་གཞི་འགོ་ཚུགས་ཟིན་པ།

2011-12-31 ཡེ་ཤེས་པད་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།