སློབ་སྒྲུབ་བྱ་བའི་འཕེལ་རིམ་ལས་འབྱུང་འགྱུར་སློབ་གསོའི་ཁ་ཕྱོགས་རྙེད།

གསར་འགོད་པ་སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-25
                -------མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དང་གསེར་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོའི་སློབ་སྒྲུབ་བྱ་བའི་གནས་ཚུལ་ལ་ལྟ་སྐོར་དུ་སོང་ཚུལ།
   ཉེ་སྔོན་བསྟུད་མར།ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་བདུན་ཅུ་ལྷག་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དང་གསེར་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོ་རུ་སློབ་གྲྭ་ཕྱིའི་བཀོད་ལེགས་ཀྱི་འཛུགས་སྐྲུན་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པའི་བཟོ་བཀོད། རྣམ་པ་གསར་བའི་སློབ་གྲྭའི་སྒྲིག་གཞི། ལྷག་པར་སློབ་གྲྭ་དེ་གཉིས་ཀའི་དགེ་རྒན་རྣམ་པའི་སློབ་ཁྲིད་ཀྱི་ཐབས་ལམ་དང་སློབ་གྲོགས་ཚོའི་སློབ་སྦྱོང་གི་མཁའ་དབུགས། སློབ་སྦྱོང་བྱེད་ཐབས་སོགས་ཞིབ་ཕྲའི་རྒྱུས་ལོན་དང་ཉམས་མྱོང་བརྗེ་རེས་ཀྱི་ཚུལ་དུ་རིམ་པ་གཉིས་སུ་བགར་ནས་ལྟ་ཞིབ་ཏུ་སོང་བ་ཡིན།

   རིམ་པ་དང་པོ་རུ་བོད་ཡིག་དགེ་རྒན་སྐོར་ཞིག་དང་སྐད་གཉིས་དགེ་རྒན་སྐོར་ཞིག་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དང་གསེར་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོ་རུ་སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་ཐུན་མིན་གྱི་སློབ་མ་སྐྱོང་ལུགས། སློབ་ཁྲིད་ཀྱི་ཉམས་མྱོང་གསར་བ་འཚོལ་ཞིབ། དགེ་སློབ་མཉམ་འབྲེལ་གྱི་དགེ་མཚན་སོགས་ལ་གཅིག་གཅིག་གཉིས་གཉིས་དང་ནན་ནན་ཏན་ཏན་གྱི་སྒོ་ནས་སློབ་གསོ་སྤེལ་བའི་ལག་ལེན་གྱི་ཆ་ལ་ལྟ་ཞིབ་བམ་འཚོལ་སྡུད་བྱས།
   སློབ་གྲྭ་དེ་གཉིས་ཀའི་སོ་སོའི་ཁྱད་འཕགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་ལས་ང་ཚོ་དགེ་རྒན་རྣམ་པར་ཤེས་བྱ་ཇི་སྙེད་ཅིག་བསྩལ་བྱུང་སྙམ་པའི་ངེས་ཤེས་བསྐྱེད་ཅིང༌། ང་ཚོའི་རྒྱུད་ལའང་རང་ཤུགས་མེད་པར་ཤེས་བྱ་མོད་པོ་ཞིག་ཚུར་ལེན་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་པས།  ང་ཚོའི་རྗེས་ལུས་ཀྱི་སློབ་གསོའི་ཁ་ཕྱོགས་དང་བག་ལ་ཞ་བའི་དགེ་རྒན་རྣམ་པའི་ལས་ཞུགས་ཀྱི་སྟོབས་རྩལ་དང་ནུས་པ་ཐོན་མིན་གྱི་ཕྱོགས་སུ་སྟོང་ཆ་མོད་པོ་ཞིག་ཡོད་པ་ཝ་ལེར་མཐོང་ཐུབ། ལྷག་པར་ཡུལ་དེ་གའི་དགེ་རྒན་རྣམ་པའི་གཅིག་ལས་གཅིག་ལྷག་གི་སློབ་ཁྲིད་བྱེད་སྟངས་དེ་འཚོ་བ་དངོས་དང་ཟུང་དུ་སྦྲེལ་བ་ལས་དགེ་རྒན་གྱིས་ཉུང་བཤད་དང་སློབ་མས་ལག་ལེན་མང་པོ་སྤྱོད་པའི་ཁ་ཕྱོགས་གསལ་བོ་བསྟན་པ་ལས་གཞན་ཚོ་ཆུང་བགར་ནས་སློབ་སྦྱོང་གི་ནུས་པ་དང་སྤོབས་པ་སྐྱེད་སྲིང་ཐད་རམ་འདེགས་གང་མང་བསྩལ། དེ་དག་གི་ཁྲོད་ནས་སློབ་མ་ཡོངས་བཤད་ལ་མཁས་ཤིང་འདྲི་ལ་མོས་པ། ལག་ལེན་དངོས་ལ་ལེ་ལོ་དང་སྒྱིད་ལུག་གི་ཆ་ཏིལ་འབྲུ་ཙམ་ཡང་མི་འདྲེས་པར་ཁྲིད་གཞིའི་ནང་དོན་ཡོངས་རྫོགས་ཁོང་དུ་ཆུད་སོང་སྙམ་པའི་ཡིད་ཚོར་གསར་བ་ཞིག་སྐྱེས། དེ་ལས་ཀྱང་ཡ་མཚར་བ་ཞིག་ལ་དགེ་རྒན་རྣམ་པའི་དུས་རྒྱུན་གྱི་སློབ་སྦྱོང་གི་ཐབས་ལམ་གསར་བ་དེ་ སློབ་མའི་རྒྱུད་ལ་རྒྱུན་ཆགས་སུ་བཏང་བའི་དགེ་མཚན་གྱིས་ཉིན་གཅིག་གི་བྱ་བའི་གོ་རིམ་ཚགས་ཧ་ཅང་དམ་ཞིང་སྒྲིག་གཞི་གསལ་བ། ནུས་ཚད་མཐོ་བ། འབྲས་བུ་མངོན་པའི་ཡོན་ཏན་དུ་མ་མཆིས་པས་ང་ཚོ་དགེ་རྒན་ཡོངས་ཀྱི་མིག་གི་ལྟ་རྒྱ་ཅིག་ཅར་ཕྱེ་ཞིང་ཡིད་ཀྱི་ཁོང་ནས་ཧ་ལས་ཧང་སངས་འདྲའི་ཡ་མཚན་གྱི་དྲི་བ་མང་པོ་བྱིན།
   རིམ་པ་གཉིས་པ་ཡིན་རྒྱུ་ན་ངེད་སློབ་གྲྭའི་ལོ་རིམ་བརྒྱད་པའི་བོད་ཡིག་དགེ་རྒན་རྣམས་དང་དམའ་འབྲིང་རིམ་པའི་ལོ་རིམ་གཉིས་ཀྱི་སློབ་གྲོགས་བཞི་བཅུ་ཙམ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སྐབས་གཉིས་པའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་རྩོད་གླེང་བྱ་འགུལ་ལ་རོལ་བའི་སྐལ་བ་ཡག་པོ་ཞིག་རྙེད་པ་དེ་རེད། ཏག་ཏག་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་བརྒྱུད་མཐར་དུས་ཚོད་མ་ཡོལ་མ་འགྱངས་པར་བྱ་འགུལ་གྱི་མགོ་མཇུག་བར་གསུམ་ཆ་ཚང་ཞིག་མྱོང་རོལ་བྱེད་ཐུབ་པ་བྱུང༌། འདི་ནི་དངོས་ནས་བོད་ཁུལ་གཞན་དག་དང་་ཐུན་མོང་མ་ཡིན་པའི་དེང་རབས་སློབ་གསོའི་མྱོང་བ་གསར་བ་ཞིག་དང་འབྲས་རྟགས་ངོམ་ས་ཞིག  ཁོ་ཚོས་རེབ་འདིའི་བྱ་འགུལ་བདེ་ལེགས་དང་གཟབ་རྒྱས།  ངོ་མཚར་ངང་མཇུག་བསྡུ་བའི་སླད་དུ། བྱ་འགུལ་ཁྱོན་ཡོངས་བརྒྱུད་རིམ་ལྔ་རུ་བགོས་ཡོད་པ་སྟེ། དང་པོ། ཐུན་མོང་གི་རྩོད་པ།  གཉིས་པ། དྲི་བ་དྲིས་ལན། གསུམ་པ། མི་སྒེར་ཕན་ཚུན་རྩོད་པ། བཞི་བ། དགེ་རྒན་རྣམ་པའི་དཔེ་སྟོན་རྩོད་པ། ལྔ་བ། ཟླ་བོ་ཉིས་ཆའི་རྩོད་པ་བཅས་རིམ་པ་རེ་རེ་བཞིན་ཞིབ་ཚགས་ཀྱིས་འགྲན་སྡུར་གྱི་ཆོ་ག་སྤེལ་བར་ང་ཚོ་ལ་དངོས་གནས་སྤྲོ་སྣང་དང་ཡིད་ཆེས་ཀྱིས་ཁེངས་པའི་མཁའ་དབུགས་ཤིག་ངང་གིས་བྱིན་བྱུང༌། འགྲན་ཞུགས་པ་རེ་རེ་བྱང་ཆ་ལྡན་ལ། ཉམས་འགྱུར་དོད་པོ། སྨྲ་ལྕེ་རྒོད་ཅིང༌། དཔའ་གདེངས་མཐོ་བའི་རང་བཞིན་རང་ག་བ་རེ་བ་ནས་སྔ་ན་མེད་པའི་དེང་རབས་བོད་རིགས་ན་གཞོན་སློབ་བུའི་སྟོབས་སེམས་དང་བློ་དཀྱེལ།  སྒམ་བརླིང་ཞིག་རང་འགུལ་གྱིས་མྱོང་ཚོར་བྱེད་དུ་བཅུག རེབ་འདིར་ངེད་སློབ་གྲྭའི་དགེ་སློབ་ཀུན་ལ་མཚོན་ནའང་ཤུགས་དྲག་པོའི་སློབ་གསོ་ཞིག་དང་སྐུལ་སློང་དྲོན་མོ་ཞིག་ངང་གིས་བསྩལ་ཞིང་རྗེས་ཕྱོགས་ཀྱི་སློབ་སྦྱོང་འཚོ་བའི་ཐད་བཅོས་བསྒྱུར་བྱ་དགོས་ཚུལ་གྱི་ཐབས་ལམ་མོད་པོ་ཞིག་ཀྱང་སྔོག་འདོན་དང་མཁོ་སྤྲོད་བྱས་པར་ནུས་པ་ཁྱད་མཚར་ཞིག་ཐོན།
 
01. སློབ་མ་རང་ངོས་ནས་ལག་ལེན་དངོས་ལ་བབ་ནས་སློབ་ཁྲིད་ཀྱི་ནང་དོན་རེ་རེ་གསལ་འགྲོལ་བྱེད་པའི་ཚུལ།
 
02. ཚོ་ཁག་མང་པོ་བགོས་ནས་སློབ་མ་ཕན་ཚུན་གྱིས་སློབ་སྦྱོང་གི་དཀའ་ཁག་སེལ་རོགས་དང་ཁྲིད་བྱའི་ནང་དོན་བདེ་བླག་ཏུ་ཤེས་པར་མཉམ་འབྲེལ་དབྱེ་ཞིབ་ཀྱི་ཐབས་ལམ་གསར་བ་མངོན་པ།
 
03.སློབ་གྲྭའི་ཚད་མའི་དགེ་རྒན་གྱིས་སློབ་གྲོགས་ཡོངས་ལ་མིག་དཔེ་གསར་བའི་རྟགས་གསལ་འཕེན་སྲོལ་གྱི་ཆོ་ག་སྤེལ་བ།
 
04.སློབ་མ་སྒེར་ནས་རྟགས་གསལ་འཕངས་ཏེ་བློ་རིག་གི་སྒོ་མོ་ཆེ་ཆེར་བསྐྱེད་པ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་སྒྲུབ་བྱ་བའི་འཕེལ་རིམ་ལས་འབྱུང་འགྱུར་སློབ་གསོའི་ཁ་ཕྱོགས་རྙེད།

2011-12-25 གསར་འགོད་པ་སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།