ཧོར་གཙང་གི་དྭ་ཕྲུག་སློབ་གྲྭར་ཟི་ཁྲོན་དབུལ་སྐྱོབ་གཞུང་ལས་ཁང་གིས་རོགས་སྐྱོར་བྱས་པ།

 ༢༠༡༡ལོའི་ཟླ ༡༢པའི་ཚེས༡༢ཉིན་སི་ཁྲོན་ཞིང་ཆེན་དབུལ་སྐྱོབ་གཞུང་ལས་ཁང་གིས་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཏེ་གངས་རིའི་བུ་མོའི་རིག་གནས་ལས་སྒྲུབ་ཁང་གི་ཧོར་གཙང་ཀླུ་རྒྱལ་དང་མགོན་པོ་སྐྱིད་གཉིས་ཀྱིས་ཀན་ལྷོ་བསང་ཆུ་རྫོང་ཧོར་གཙང་དྭ་ཕྲུག་སློབ་གྲྭའི་སློབ་མ་ཡོངས88ལ་དགུན་ལྭ་དང་སློབ་ཆས་སོགས་ཀྱིས་རོགས་རམ་བྱས་པ་སྟེ།  བོད་ལྭ་དང་སྐ་རགས་ཆ་ཚང་རེ། དགུན་ལྷམ་དང་རྐང་འབོབ། དགུན་ཞྭ་ཆ་ཚང་རེ། སོ་བཀྲུ་དང༌། སོ་སྨན། སོ་སྨན་སྡུད་སྣོད་ཆ་ཚང་རེ། གཞན་ལོ་རིམ་དྲུག་པ་དང་དམའ་འབྲིང་དང་པོ། གཉིས་པ་སོགས་མཐོ་རིམ་སློབ་མར་རྒྱ་ཡིག་དང་བོད་ཡིག  དབྱིན་ཡིག་སོགས་ཀྱི་ཚིག་མཛོད་རེ་དང༌། བོད་ཡིག་དང་རྒྱ་ཡིག་གི《ཆུང་འབྲིང་སློབ་མའི་རྩོམ་ཡིག་འབྲི་དཔེ》སྟེ། དངོས་པོ་འབྲི་ཚུལ།  དོན་དག་འབྲི་ཚུལ།  སྲོག་ཆགས་འབྲི་ཚུལ།   ཡུལ་ལྗོངས་འབྲི་ཚུལ།   མི་སྣ་འབྲི་ཚུལ་སོགས་ཀྱི་དཔེ་ཆ་རེ།   ད་དུང་བསང་ཆུ་རྫོང་དང་གཙོས་བོད་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་དམའ་འབྲིང་དང་བོ་དང་གཉིས་པའི་སློབ་མ་ཚོར་འཚོ་བའི་ཁ་སྣོན་གྱི་སྒོར་བརྒྱ་རེ།བོད་རྒྱ་རྩིས་གསུམ་ལ་ཟིན་བྲིས་འབྲི་དེབ་རེ་དང་ལྕགས་སྨྱུག་རེ་བཅས་དང༌། དེ་ལས་གཞན་མཐོ་རིམ་བུ་མོ་སློབ་གྲོགས་ཚོར་དོར་ཐུང་གཉིས་རེ་བཅས་ཀྱིས་རོགས་སྐྱོར་གནང་ངོ༌།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།