སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

གསར་འགོད་པ་མགོན་པོ་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-19

  ༼སྦྲང་ཆར༽རྩོམ་སྒྲིག་ཁང་དང༼གངས་རིའི་བུ་མོ༽རྩོམ་སྒྲིག་ཚོགས་ཆུང་གཉིས་མཉམ་འབྲེལ་བྱས་ཏེ། ༢༠༡༢ལོའི་ཟླ་༨པའི་ཚེས༥ཉིན་གྱི་ཕྱི་དྲོ་སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་ཁྲི་ཀའི་ཡུལ་ནས་མཛད་སྒོ་དངོས་སུ་སྤེལ།
  ཐེངས་འདིའི་གསོ་སྦྱོང་ལ་མདོ་དབུས་ཁམས་གསུམ་གྱི་ན་གཞོན་བུད་མེད་རྩོམ་པ་པོ་ཁ་བ་ལྷ་མོ་དང་ཚེ་སྒྲོན་སྐྱིད།  མཚོ་སོགས་དང་། རྩོམ་ཡིག་འབྲི་རྒྱུར་མོས་འདུན་དང་དགའ་ཞེན་ཆེ་བའི་ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གི་དགེ་རྒན་ཚེ་རིང་མཚོ་དང་སི་ཁྲོན་མི་རིགས་སློབ་གླིང་གི་སློབ་གྲོགས་གར་དབང་།  ལྷ་ས་དགེ་འོས་སློབ་གླིང་གི་སློབ་མ་ཚེ་རིང་བདེ་སྐྱིད་སོགས་བོད་མོ་ཉི་ཤུ་ལྷག་ཞུགས་པ་དང་། གདན་ཞུའི་དགེ་རྒན་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བྱ་མདོ་དོན་གྲུབ་ཚེ་རིང༼སྨྲེང་བུ༽ལགས་ཀྱིས་གཙོ་བོ་རྩོམ་རིག་དང་སེམས་ཁམས་སྐོར་ཞེས་ཁོང་གིས་གསར་རྩོམ་ནི་གཞེན་སྐུལ་མེད་པའི་ཚོད་ལྟ་དང་སུན་སྣང་མེད་པའི་རང་སྦྱོང་ཞིག་ཡིན་པ་སོགས་འཛུབ་ཁྲིད་དང་སྐུལ་སློང་རང་བཞིན་ལྡན་པའི་སློབ་ཁྲིད་གནང་བ་དང་། ཁྲི་ཀ་མི་རིགས་སློབ་འབྲིང་གི་དགེ་རྒན་གླིང་ཚ་པད་དབང་ལགས་ཀྱིས་སློབ་གསོའི་འབོལ་རྩོམ་སྐོར་གྱི་མྱོང་བ་ཐན་ཐུན་ཞེས་ཐོལ་རྩོམ་དང་ལྷུག་རྩོམ་གྱི་ཁྱད་པར་དང་ཁྱད་ཆོས། ཐོལ་རྩོམ་གྱི་རིགས་དང་མཉམ་འཇོག་བྱ་ཡུལ་སོགས་སྨྲ་གསལ་དག་གསུམ་སྒོས་སློབ་ཁྲིད་གནང་། བོད་ཀྱི་བུད་མེད་སྙན་ངག་པ་འཆི་མེད་ལགས་ཀྱིས་གསར་རྩོམ་གྱི་ཉམས་མྱོང་དང་མྱོང་ཚོར་ཞེས་རང་ཉིད་གསར་རྩོམ་གྱི་ལམ་ལ་ཞུགས་པའི་གོ་རིམ་དང་མྱོང་ཚོར། དེང་རབས་བོད་མོའི་རྩོམ་རིག་གི་གནས་བབ། བོད་མོ་རྩོམ་པ་པོ་བལྟོས་བཅས་ཀྱིས་ཉུང་བའི་རྒྱུ་རྐྱེན་སོགས་རང་གི་མྱོང་བ་དངོས་ཀྱི་ལམ་ནས་སློབ་གྲོགས་ཚོར་མཛུབ་ཁྲིད་གནང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་༼མཚོ་སྐྱེས༽ལགས་ཀྱིས་ཨ་མདོ་དང་བོད་ཀྱི་རྩོམ་རིག་བར་གྱི་འབྲེལ་བའི་བློས་བསླངས་ཞེས་རྩོམ་རིག་ལོ་རྒྱུས་ཀྱི་སློབ་ཁྲིད་གནང་ཞིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་རྩོམ་རིག་གི་ལྟ་བ་ཞེས་གཅིག་ནས་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་མེད་དང་དེའི་རྒྱབ་ལྗོངས། གཉིས་ནས་གསར་རྩོམ་གྱི་གོ་རིམ་ཞེས་ཐོག་མཐའ་བར་གསུམ་དུ་སྦྱོང་བརྡར་གལ་ཆེ་ཚུལ། གསུམ་པ་སྙན་ངག་གི་ཕྲན་དཔྱད་ཅེས་སྙན་ངག་གསར་རྙིང་གི་ཁྱད་པར་དང་རང་རེའི་བོད་ཀྱི་མིག་སྔའི་རྩོམ་རིག་གི་གར་སྟེགས་སྟེང་སྙན་ངག་གི་གསེར་ལྟ་བུའི་སྲོག་གི་ཆ་ལ་བོགས་འདོན་དང་བཙོ་སྦྱང་བྱས་པ་མི་འདང་ཚུལ་སོགས་གསར་རྩོམ་ལ་འཇུག་པའི་སློབ་མ་ཞིག་གིས་ངེས་པར་དུ་ཤེས་དགོས་ཤིང་མཉམ་འཇོག་བྱེད་དགོས་པའི་གནད་མང་པོ་ཞིག་གསུངས་བྱུང་།
  ཟླ༨པའི་ཚེས༡༡ཉིན་གྱི་ཕྱི་དྲོ་ཐེངས་འདིའི་གསོ་སྦྱོང་བདེ་ལེགས་ངང་མཇུག་སྒྲིལ་བའི་གསོལ་སྟོན་བཤམས་པའི་སྟེང་སློབ་གྲོགས་འགས་གསོ་སྦྱོང་གི་མྱོང་ཚོར་བཤད་པ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་བ་གཞོན་པ་བསོད་ནམས་ཚེ་རིང་དང་སྦྲང་ཆར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་རྟ་མགྲིན་རྒྱལ། གངས་རིའི་བུ་མོའི་གཙོ་སྒྲིག་པ་ཧོར་གཙང་ཀླུ་རྒྱལ་སོགས་ཀྱིས་སློབ་གྲོགས་ཚོར་གསོ་སྦྱོང་ལག་འཛིན་དཔང་ཡིག་གནང་ངོ་།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

2012-08-19 གསར་འགོད་པ་མགོན་པོ་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།