རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་གསུམ་པ་བལ་ཡུལ་དུ་འཚོག་རྒྱུའི་གསལ་བསྒྲགས།

གསོ་རིག་ཁང་གི་གསར་འགོད་པ་སྨན་ག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-09-09

www.sorig.net

  ལས་དོན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ།

  ས་གནས། བལ་ཡུལ་གྱི་རྒྱལ་ས་ཀ་ཏི་མན་དོ།

  དུས་ཚོད། སྤྱི་ལོ་༢༠༡༤་ཟླ་བཅུ་གཉིས་ཚེས་༢༧་ནས་༣༠་བར།

  རྩ་འཛུགས་པ། བལ་ཡུལ་བོད་ཀྱི་གསོ་རིག་ཁང་།

  དྲྭ་གནས། www.attm-austria.at
  བོད་ལུགས་གསོ་རིག་པའི་སྨན་པ་དང་ནད་གཡོག ཞིབ་འཇུག་པ་དང་དགེ་རྒན་དང་སློབ་གཉེར་བ་རྣམ་པ་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་གསུམ་པར་ཕེབས་པར་གདན་ཞུ་དང་དགའ་བསུ་བྱ། དེ་ཡང་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་ཡན་ལག་བལ་ཡུལ་བོད་ཀྱི་གསོ་རིག་ཁང་གི་གཙོ་གཉེར་གྲྭ་སྒྲིག་བཞིན་། སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ནས་སུམ་བཅུ་བར་དུ་བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐེངས་གསུམ་པ་བལ་ཡུལ་གྱི་རྒྱལ་ས་ཀ་རྡི་མན་དོ་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན། ཐེངས་འདིར་ཆེད་དམིགས་ཀྱིས་བོད་ཀྱི་གསོ་རིག་གི་དགེ་རྒན་ཆེན་མོ་དང་། དགེ་རྒན། སྨན་པ། ཞིབ་འཇུག་པ་དང་སློབ་གཉེར་བ་སོགས། བོད་ཀྱི་ས་ཁུལ་ཁག་དང་། བལ་ཡུལ། སོག་པོ་དང་། འབྲུག་རྒྱལ་ཁབ་དང་རྒྱ་གར་དང་། ཀོ་རེ་ཡ་དང་ཤིན་ཅ་པོ་དང་ཨུ་རུ་སུ་སོགས་ནས་གདན་ཞུ་བྱས་སྟེ། ཕན་ཚུན་གྱི་ཐུན་མིན་ཕྱག་ལེན་དང་། གཞུང་ལུགས་ཤེས་བྱ་དང་བསམ་བློ་གསར་རྙིང་བརྗེ་རེས་ཅི་ཐུབ་བྱ་རྒྱུད་དང་། རྒྱལ་ཁབ་སོ་སོར་བོད་ཀྱི་གསོ་བ་རིག་པ་ཁྲིམས་མཐུན་ངོས་ལེན་དང་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་ངོ་སྤྲོད་དང་། དེང་དུས་དང་མ་འོངས་པའི་གསོ་རིག་འཕེལ་རྒྱས་ལ་བཀག་འགོག་དང་དཀའ་ངལ་ཅི་ཡོད་དང་དེ་དག་གི་སེལ་ཐབས་དང་སྔོན་འགོག་ཅི་ལྟར་བྱ་རྒྱུ་སོགས་ཀྱི་་བགྲོ་གླེང་དང་། ཁྱད་པར་དུས་རབས་བརྒྱད་པ་ནས་སྨན་རྒྱལ་གཡུ་ཐོག་གསར་རྙིང་གཉིས་ནས་གསར་བཏོད་དང་དར་རྒྱས་ཆེར་གནང་བའི་བོད་ཀྱི་གསོ་བ་རིག་པའི་རྩ་བ་ནི་གསོ་རིག་རྒྱུད་བཞི་ཡིན་པ་དང་དེ་ལ་བྱང་ཟུར་གཉིས་གཙོ་བྱས་འགྲེལ་བ་སྣ་མང་བྱུང་ཡོད་པ་དང་། དེང་སྐབས་རྒྱལ་ཁབ་དང་ཆབ་སྲིད་དབང་གིས་བོད་ཀྱི་གསོ་བ་རིག་པ་ལ། བོད་སྨན་ནམ་བོད་ཀྱི་གསོ་རིག སོག་པོ་ས་ཁུལ་དུ་སོག་སྨན་ནམ་སོག་པོའི་གསོ་རིག འབྲུག་ཡུལ་དུ་འབྲུག་སྨན་ནམ་འབྲུག་གི་གསོ་བ་རིག་པ་སོགས། དོན་ཚང་མ་ཁ་མཐུན་གྱིས་དཔལ་ལྡན་རྒྱུད་བཞིའི་རྗེས་སུ་འབྲང་ན་ཡང་། མིང་མ་མཐུན་པ་མང་དུ་ཡོད་པ་དེ་ལ་གཅིག་གྱུར་ཐུན་མོང་གི་མིང་ཞིག་གི་སྒོ་ནས། མ་འོང་པར་མཉམ་འབྲེལ་སྒོས་གཞན་ཕན་གསོ་རིག་གི་བསྟན་པ་འདི་འཛམ་གླིང་ཡོང་ལ་རྒྱལ་སྤྱིའི་རང་བཞིན་གྱི་ནུས་ཤུགས་ཐོན་རྒྱུ་དང་སློབ་གསོ་ཚད་ལྡན་སྤྲོད་རྒྱུ་ལ་དམིགས་བསལ་གྱི་བགྲོ་གླེང་བྱ་རྒྱུ་ཡིན་ལ། ཚོགས་འདུའི་རྗེས་སོར་བོད་ཀྱི་ལུས་སྦྱོང་དང་གཡུ་ཐོག་སྙིང་ཐིག་གི་ལུང་ཁྲིད་སོགས་ཀྱང་གོ་སྒྲིག་བྱ་བཞིན་པ་དང་། གནས་ཚུལ་རྒྱས་པ་དྲྭ་རྒྱ་སྟེང་དུ་གཟིགས་རོགས་ཞུ།
www.attm-austria.at/congress-2014.html
རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གྱི་ངོ་སྤྲོད་བསྡུས་པ།
རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ནི། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གིས་གཙོ་སྒྲིག་བྱ་བཞིན་པའི་སྨན་གཞུང་གི་ཚོགས་འདུ་ཞིག་ཡིན་ལ། དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གསོ་རིག་ཁྲིམས་མཐུན་དང་ཚད་ལྡན་སྒོས་འཛམ་གླིང་ཡོང་ལ་ཇི་ལྟར་དར་སྤེལ་བྱ་རྒྱུ་དང་། དེ་བཞིན་གསར་དུ་འཕྲད་བཞིན་པའི་སྨན་རྫས་ཀྱི་དཀའ་ངལ་དང་གཅིག་གྱུར་གྱི་སློབ་གསོའི་སྐོར། ཚན་རིག་ཞིབ་འཇུག་དང་། སྨན་པ་དང་ཞིབ་འཇུག་པ་དང་སྨན་ལས་པ་སོགས་ཀྱི་ཕན་ཚུན་གྱི་བསམ་བློ་བརྗེ་རེས་བྱ་རྒྱུ་སོགས་ཡིན། སྤྱིར་གསོ་རིག་ཚོགས་ཆེན་འདི་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚོགས་རྒྱུ་ཡིན་ན་ཡང་། ཐེངས་གསུམ་པ་ནི་བལ་ཡུལ་བོད་ཀྱི་གསོ་རིག་ཁང་གི་རེ་སྐུལ་ལྟར་ཤར་ཕྱོགས་ཀྱི་གསོ་རིག་དགེ་རྒན་དང་སྨན་པ་དང་ཞིབ་འཇུག་པ་ཚོ་ལ་སྟབས་བདེའི་དབང་གི་བལ་ཡུལ་རྒྱལ་ཁབ་ཏུ་འཚོགས་རྒྱུ་བྱས་པ་ཡིན། སྔོན་ཆད་རྒྱལ་སྤྱིའི་གསོ་རིག་ཚོགས་འདུ་ཞེས་པ་ཨི་ཊ་ལི། བྱང་ཨ་རི། ལྷ་ས་དང་རྡ་ས་བཅས་སུ་འཚོགས་ཡོད་ན་ཡང་། རྩ་འཛུགས་པ་མི་གཅིག་པ་དང་གནས་དང་དུས་དང་སེམས་ཁམས་དབང་གིས་དེ་དག་ལ་ཐེངས་དང་པོ་དང་ཐེངས་གཉིས་པ་སོགས་འདོག་རྒྱུར་མོས་མཐུན་མེད་པར་ཁ་འཐོར་ལྟ་བུར་གྱུར་ཡོད། དེས་ན་རྒྱལ་སྤྱིའི་གསོ་རིག་ཁང་གིས་གྲ་སྒྲིག་བྱ་བཞིན་པ་འདི་ལ་རྒྱལ་སྤྱིའི་གསོ་རིག་ཚོགས་ཆེན་ཞེས་མིང་ཅུང་མ་འདྲ་བཏགས་ནས་རྗེས་སུ་ལོ་རེར་མུ་མཐུད་རྒྱུན་འཁྱོང་བྱ་རྒྱའི་དམ་བཅའ་ཡོད་དོ།།

  ཚོགས་ཆེན་དང་པོ།

  ས་ཁུལ་ཡོ་རོབ།
  ཨོ་སི་ཏྲི་ཡའི་གྲོང་ཨེན་སུ་རྦུ་རིག

  དུས། ༢༠༡༢་ལོའི་ཟླ་༩།
རྩ་འཛུགས་པ། ཨོ་སུ་ཏྲི་ཡ་གསོ་རིག་ཁང།
  ཨོ་སུ་ཏྲི་ཡ་རྒྱལ་ཁབ་གྱི་ཨེན་སུ་ཕོ་རོ་ཀི་གྲོང་ཁྱེར་དུ།
  ཡོ་རོབ་གྱི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་དང་ཡན་ལག་ཨོ་སུ་ཏྲི་ཡ་གསོ་རིག་ཁང་གི་གྲ་སྒྲིག་ལྟར། ཉིས་སྟོང་བཅུ་གཉིས་ལོའི་སྤྱི་ཟླ་དགུ་བའི་ནང་ཉིན་བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་ཚོགས་ཆེན་ཐེངས་དང་པོ་འཚོགས། དེ་རུ་ཆེས་ལས་སྨན་པ་མཁས་པ་དང་། གསོ་རིག་ཞིབ་འཇུག་པ་དང་། སློབ་གཉེར་བ་དང་དོ་སྣང་བྱ་མཁན་སོགས་མི་གྲངས་ཉིས་བརྒྱ་སུམ་བཅུ་ལྷག་ཙམ་རྒྱལ་ཁབ་ཉེར་གཉིས་ནས་འབྱོར། ཚོགས་འདུའི་ནང་དོན་གཙོ་བོ་ནི། བོད་ཀྱི་གསོ་རིག་གི་འཛམ་གླིང་ལོ་རྒྱུས། དེང་སྐབས་ཀྱི་གནས་སྟངས་དང་ཚན་རིག་ཞིབ་འཇུག ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྲིམས་མཐུན་ལྟར་གསོ་རིག་དར་སྤེལ་དང་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་དང་། གསོ་རིག་དང་ཆོས་ལུགས་ཀྱི་ཞིབ་འཇུག དྲི་ཆུ་བརྟག་ཐབས་དང་། དབྱུག་བཅོས་དང་བསྐུ་མཉེ་སོགས་དཔྱད་བཅོས་ལག་ལེན་ཐོག་བགྲོ་གླེང་དང་ལག་ལེན་གྱི་སྐོར་ཉམས་སྟོན་བྱས་ཡོད་ལ། ཚོགས་ཆེན་འདིས་བོད་ཀྱི་གསོ་རིག་གི་བསྟན་པ་ནུབ་ཕྱོགས་སུ་དར་བའི་རྟེན་འབྲེལ་ལེགས་པོ་བྱུང་ཞིང་ཚོགས་འདུ་ལ་ཞུགས་མཁན་ཚོས་དགའ་བསུ་ཆེན་པོ་ཐོབ་བོ།།

  ཚོགས་ཆེན་གཉིས་པ།

  ས་ཁུལ་ཡོ་རོབ།
  ཨོ་སི་ཏྲི་ཡའི་གྲོང་ཨེན་སུ་རྦུ་རིག

  དུས། ༢༠༡༣་ལོའི་ཟླ་༡༠་ཚེས་༩་ཉིན་འགོ་ཚུགས།

  རྩ་འཛུགས་པ། ཨོ་སུ་ཏྲི་ཡ་གསོ་རིག་ཁང།
  སྤྱི་ལོ་༢༠༡༣་ཟླ་་བཅུ་བའི་ཟླ་མགོར་རྒྱལ་སྤྱིའི་ཚོགས་འདུ་གཉིས་པ་འཚོགས། དེ་ནི་གཙོ་བོ་བོད་གསོ་རིག་དང་སེམས་ནད་ཀྱི་སྐོར་ལ་དམིགས་བསལ་གྱི་བགྲོ་གླེང་བྱས། དེ་རུ་ནུབ་ཕྱོགས་ཡོ་རོབ་གླིང་གི་ཨི་ཊ་ལི། ཕ་རན་སི། ཞི་པན་ཡ། ཕོར་ཏོ་རྒལ། འཇར་མན། སུད་སི་དང་ཨོ་སུ་ཏི་ཡ་བཅས་དང་། ཡོ་རོབ་ཤར་ཕྱོགས་རྒྱལ་ཁབ་གྱི་ཨུ་རུ་སུ། ཕོ་ལན། རོ་མ་ཉི་ཡ་དང་ཅེ་ཀི་དང་ཧུང་ཀ་རི་ཡ་དང་། བྱང་ཨ་མི་རི་ཀ། ཤར་ཕྱོགས་ཀྱི་རྒྱ་གར་དང་བལ་བོ་དང་ཤིན་ཅ་པོ་སོགས་རྒྱལ་ཁབ་སུམ་བཅུ་ལྷག་གི་སྨན་པ་དང་ཆེད་ལས་མཁས་པ་དང་། ཞིབ་འཇུག་པ་སོགས་མི་སྣ་སུམ་བརྒྱ་ལྔ་བཅུ་ཙམ་འདུས་ལ། ཐེངས་དང་པོ་ལས་མི་མང་པ་དང་ནང་དོན་ཕུན་སུམ་ཚོགས་པ་བྱུང་། སྐབས་དེ་དང་བསྟུན་ནས་གསོ་རིག་ཁང་གི་བོད་སྨན་མཐར་ཕྱིན་སློབ་མ་ལྔ་བཅུ་དང་། བོད་ལུགས་བསྐུ་མཉེ་ཆེད་ལས་པ་བརྒྱད་བཅུ་ལྷག་ལ་མཐར་ཕྱིན་འཛིན་ཡིག་གི་མཛད་སྒོ་ཡང་བྱས་པ་ཡིན་ནོ།།

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་གསུམ་པ་བལ་ཡུལ་དུ་འཚོག་རྒྱུའི་གསལ་བསྒྲགས།

2014-09-09 གསོ་རིག་ཁང་གི་གསར་འགོད་པ་སྨན་ག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།