«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ཀྱི་མཚམས་སྦྱོར་དང་རྩོམ་བརྡ།
རྐང་ཚ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»རྩོམ་རིག་དུས་དེབ་འདིའི་ལོ་ཟླའི་དགའ་སྐྱོ་ཁུར་ནས་དུས་དེ་རིང་ལ་ཐོན་དུས། «མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དེབ་ཀྱི་འདས་མ་ད་གསུམ་གྱི་ལས་དབང་ལ་སེམས་ཁུར་བགྱི་མྱོང་བའི་རྩོམ་པ་པོ་རྒན་གཞོན་དག་ལ་བཀའ་དྲིན་སྙིང་ནས་ཞུ།ད་དུང་མུ་མཐུད་དུ«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དེབ་ཀྱི་གོམ་ཁ་རྒྱང་ལ་སྤོ་དགོས་པས། རྩོམ་པ་པོ་རྒན་གཞོན་དག་གི་མཛུབ་སྟོན་དང་རྒྱབ་སྐྱོར་གནང་རྒྱུ་ནི་ང་ཚོའི་རེ་བ་དང་དུས་དེབ་ཀྱི་ཚེ་སྲོག་ཡིན།
སྤྱི་ལོ2016ལོ་ནས་བཟུང་། ལོ་ཕྱེད་རྩོམ་རིག་དེབ«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ཏུ་བསྒྱུར་བ་ཡིན་ལ། རྩོམ་རིག་ལ་བློ་དཀར་བའི་བོད་ཀྱི་རྩོམ་པ་པོ་རྒན་གཞོན་དག་གིས་རྒྱབ་སྐྱོར་དང་མཛུབ་སྟོན་གནང་བ་ང་ཚོའི་ནམ་ཡང་བརྗེད་མི་སྲིད་ལ། རང་རང་གི་བློ་གྲོས་ཀྱི་རྩལ་ལས་བཞེངས་པའི་བརྩམས་ཆོས་རེ་རེ«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»དུས་དེབ་ཀྱིས་ཁྱེད་ལ་གར་སྟེགས་སྐྲུན་པ་ཁྱེད་ཀྱིས་ཀྱང་ནམ་ཡང་བརྗེད་མི་སྲིད་པ་ང་ཚོར་ཡིད་ཆེས་ཡོད། ཁྱེད་ཀྱི་བརྩམས་ཆོས་རེ་རེ་ཡི་ལོག་ཕེབས་ནི་ང་ཚོ་ལམ་ལ་ཆས་པའི་ལམ་བྲོ་ཡིན་ནོ།།
རྩོམ་ལུས་ཀྱི་ཆ་ནས། བརྩམས་སྒྲུང་། ཚིགས་བཅད་དང་རང་མོས། དཔྱད་གཏམ། སྒྱུར་རྩོམ། ད་དུང་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་རྩོམ་པ་པོ་དག་ལ་དམིགས་ཏེ«ནས་སོན»ཞེས་པའི་ལེ་ཚན་ཞིག་ཆེད་གཉེར་གནང་གིན་ཡོད་པས།དེ་འབྲེལ་གྱི་མི་སྣ་དག་གིས་བརྩམས་ཆོས་རེ་བསྐུར་བར་ཞུ། བརྩམས་ཆོས་བསྐུར་དུས་དོ་སྣང་གནང་དགོས་ས་གཤམ་གསལ་ལྟར།
གཅིག རྩོམ་ཡིག་བསྐུར་དུས་རྩོམ་པ་པོའི་སྡོད་གནས་དང་རྒྱུན་སྤྱོད་ཁ་པར་ཨང་གྲངས་འབྲི་དགོས།
གཉིས། རྩོམ་ཡིག་གི་ནང་དོན་ཆབ་སྲིད་ཀྱི་དགོངས་དོན་དང་སྤྱི་ཚོགས་དཔལ་ཡོན་གྱི་ཕྱོགས་ལ་འགལ་མི་ཆོག
གསུམ། སྒྱུར་རྩོམ་ཡིན་ཚེ་མ་རྩོམ་དང་མཉམ་དུ་བསྐུར་ཡོང་དགོས།
བཞི། དུས་དེབ་ཀྱི་རྩོམ་ཡིག་བསྡུ་ཚུལ།
དེབ་དང་པོ། ལོ་རེའི་ཟླ་དང་པོའི་ཟླ་མཇུག་ལ་བསྡུ་མཚམས་འཇོག་པ།
དེབ་གཉིས་པ། ལོ་རེའི་ཟླ་གསུམ་པའི་ཟླ་མཇུག་ལ་བསྡུ་མཚམས་འཇོག་པ།
དེབ་གསུམ་པ། ལོ་རེའི་ཟླ་བདུན་པའི་ཟླ་མཇུག་ལ་བསྡུ་མཚམས་འཇོག་པ།
དེབ་བཞི་བ། ལོ་རེའི་ཟླ་བཅུ་བའི་ཟླ་མཇུག་ལ་བསྡུ་མཚམས་འཇོག་པ།
«མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་ནས།
ཡིག་སྒམ། 3078087844@qq.com
རྩོམ་ཁུངས། ངེད་དྲ་བ།