ཆོས་དབྱིངས་རྒྱ་མཚོའི་སྒྲུང་དེབ་ཐོག་མ《སྒེའུ་ཁུང》ཞེས་པ་པར་དུ་བསྐྲུན་པ།

  ཉེ་ལམ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག་གནང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཞེས་པའི་དེབ་ལྔའི་བདག་ཉིད་ཅན་གྱི་དེབ་ཚོགས་འདི་ཉིད་ད་ལྟ་དངོས་སུ་སྤྱི་ཚོགས་སོ་སོར་བཀྲམ་ཡོད་པ་དང་། དེའི་ཁྲོད་དུ་ཆོས་དབྱིངས་རྒྱ་མཚོའི་སྒྲུང་ཐུང་ཕྱོགས་བསྡུས་དེབ《སྒེའུ་ཁུང》ཞེས་པའང་པར་སྐྲུན་བྱས་འདུག དེབ་འདི་ནི་རྩོམ་པ་པོ་༢༠༡༨ལོར་བརྩམས་སྒྲུང་གསར་རྩོམ་ལ་ཞུགས་པ་ནས་༢༠༢༢ལོའི་བར་དུ་བྲིས་པའི་སྒྲུང་ཐུང་ལྔ་བཅུ་ལྷག་ལས་ཅུང་ལེགས་ཤོས་རྣམས་ཕྱོགས་གཅིག་ཏུ་བདམས་ནས་གྲུབ་པ་ཡིན། རྩོམ་པ་པོས་རང་ཉིད་ཀྱི་འཚོ་བ་དང་ལས་དོན། སློབ་སྦྱོང་བཅས་ཀྱི་བརྒྱུད་རིམ་ཁྲོད་ནས་རྙེད་པའི་གཏམ་རྒྱུད་ཀྱི་ཁུངས་སྣེ་དང་ཡང་ན་རྟོག་བཟོའི་ཐབས་ལམ་སོགས་ལ་བརྟེན་ནས་སྒྲུང་ཐུང་དེ་དག་བརྩམས་པ་རེད་འདུག

  ཆོས་དབྱིངས་རྒྱ་མཚོ་ལགས་ནི། ༡༩༩༥ལོར་ཁམས་བྲག་འགོའི་རྩང་སྟོད་སྡེ་བར་སྐྱེས། ༢༠༡༤ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་ཐོན་བྱུང་བ་དང་། ད་ལྟ་ལི་ཐང་རྫོང་ཐོག་ཏུ་དགེ་རྒན་གྱི་ལས་ཀ་གཉེར་ཞོར་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། 《གངས་དཀར་རི་བོ》དུས་དེབ་ཀྱི་རྐང་འཛིན་རྩོམ་པ་པོ་སོགས་ཀྱི་འགན་ཁུར་བཞིན་ཡོད། ༢༠༡༨ལོ་ནས་བརྩམས་སྒྲུང་འབྲི་སྦྱོང་གི་ཕྱོགས་ལ་གོམ་ཁ་བསྒྱུར་ཏེ་ད་བར་དུ་བརྩམས་ཆོས་མི་ཉུང་བ་ཞིག《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《ཟླ་ཟེར》《གངས་དཀར་རི་བོ》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་སུ་བཀོད་མྱོང་།

ཕྱིར་མིག་ཐེངས་གཅིག

  ----སྒྲུང་ཐུང་ཕྱོགས་བསྒྲིགས《སྒེའུ་ཁུང》གི་མཇུག་གཏམ་གྱི་དོད་དུ།

  ཏག་ཏག་མི་ལོ་ཧྲིལ་བོ་ལྔ་འགོར་འདུག

  ཁོ་བོ་བརྩམས་སྒྲུང་གསར་རྩོམ་གྱི་ལས་ལ་ཞུགས་ནས་ཏག་ཏག་མི་ལོ་ཧྲིལ་བོ་ལྔ་འགོར་འདུག

  གཏམ་རྒྱུད་འདི་ནི༢༠༡༨ལོའི་དཔྱིད་ཀ་ཞིག་ནས་མགོ་བརྩམས་ཏེ་གླེང་དགོས་པ་འདྲ། སྐྱེ་དངོས་ཀུན་ལ་གསོན་ཤུགས་རྒྱས་ཤིང་མི་སེམས་ལ་རེ་བས་བརྟས་པའི་དཔྱིད་ཟླ་ཐ་མ་དེར། ང་ལ་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་ལོར་རང་ཁུལ་གྱི་ན་གཞོན་རྩོམ་པ་པོའི་གྲས་ནས་རེ་བཞག་ཅན་གྱི་རྩོམ་པ་པོ་བཅུ་བདམས་ཏེ་གསོ་སྐྱོང་ལེགས་པོ་ཡོང་ཆེད་དུ། ལོ་གཅིག་གི་རིང་ལ་འཆར་གཞི་ལྡན་པའི་སྒོ་ནས་གསར་རྩོམ་བྱེད་པར་གན་རྒྱ་འཇོག་པའི་ལས་གཞི་ཞིག་སྒྲུབ་རྩིས་ཡོད་པ་དང་། གུས་པའང་དེའི་ཁྲོད་དུ་བདམས་ཐོན་བྱུང་བས་རང་ངོས་ནས་ཞུགས་མོས་ཡོད་མེད་དྲིས་བྱུང་། དྲང་མོར་བཤད་ན་སྐབས་དེར་དེའི་ལེགས་ཉེས་དགེ་སྐྱོན་གྱི་དབྱེ་བ་གསལ་ཐག་ཆོད་པ་ཞིག་འབྱེད་དཀའ་བར་འདུག་མོད། རྩོམ་རིག་དང་དམ་དུ་འབྲེལ་བ་ཞིག་ཡིན་ན་ཅིས་ཀྱང་གཅེས་འཛིན་བྱེད་འོས་སྙམ་མུར་ཁ་མལ་དེ་ནས་དང་ལེན་བྱས་པར་མ་ཟད་གོ་སྐབས་ལེགས་སྩོལ་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན། གན་རྒྱ་འཇོག་པའི་ཚོགས་འདུ་དངོས་སུ་འཚོགས་ཉིན་ད་གཟོད་མཛད་པ་འཕྲིན་ལས་དེའི་དམིགས་ཡུལ་དང་འཆར་གཞི། བཀོད་སྒྲིག་སོགས་གསལ་པོར་རྟོགས་པ་དང་། ད་ནས་བཟུང་རང་ཉིད་ཀྱང་དངོས་སུ་རྩོམ་པ་པོ་ཞིག་ཏུ་འགྱུར་བའི་རྟེན་འབྲེལ་འགྲིག་པ་མིན་ནམ་སྙམ་པའི་དགའ་ཚོར་དང་ང་རྒྱལ་དུས་གཅིག་ཏུ་སྐྱེས། འོན་ཀྱང་མིག་མདུན་ན་དཀའ་ཁག་ཅིག་ལྷག་ཡོད་པ་ནི། རང་ཉིད་ཀྱིས་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་གསུམ་ལས་གང་ཞིག་གི་ཕྱོགས་ལ་འབྲི་སྦྱང་བྱེད་རྒྱའི་གན་རྒྱ་འཇོག་དགོས་སམ་སྙམ་པའི་ཐེ་ཚོམ་གྱི་དབང་དུ་གྱུར་བ་དེ་རེད། སྔོན་ཆད་ལྟར་ན་ཚིགས་བཅད་དང་གཞས་ཚིག འབོལ་རྩོམ། ཡིག་སྒྱུར་སོགས་རྩོམ་ལུས་སྣ་མང་ལ་ཞུགས་ཏེ་སྦྱངས་རྩོམ་མང་པོ་ཞིག་དེབ་ཚགས་སོགས་སུ་སྤེལ་མྱོང་ན་ཡང་། ཁོ་བོ་རང་ཉིད་ཀྱི་གསར་རྩོམ་གནས་བབ་ལ་ཡིད་ཚིམ་པོ་ཞིག་གཏན་ནས་བྱུང་མ་མྱོང་ལ། སྐབས་རེར་ཁོ་ཆད་པ་དང་རེ་བས་སྟོང་བ་སོགས་ཅི་ཡིན་འདི་ཡིན་མེད་པ་ཞིག་ཏུ་ཆགས་འགྲོ་བཞིན་ཡོད་སྟབས། མཐར་འདས་སོང་གི་སྦྱོང་བརྡར་དང་ད་ལྟའི་ཉེར་བསྡོགས་ཅི་ཡང་མེད་པར་སྒྲུང་གཏམ་གསར་རྩོམ་ལ་འབྲི་སྦྱོང་བྱེད་རྒྱུའི་གན་རྒྱ་བཞག་པ་ཡིན། དེ་ནི་རྒྱུས་མངའ་མེད་པའི་བགྲོད་ལམ་ཞིག་གི་ལམ་སྣེ་གསར་དུ་རྡོག་པས་མནན་པ་ལྟར། མདུན་ཕྱོགས་ནས་ལམ་ནོར་འཁུར་བ་སོགས་དཀའ་ཁག་ཅི་ཞིག་ལ་འཕྲད་སྲིད་པ་སུས་ཀྱང་དཔོག་ཐབས་མེད། དེ་ལྟ་ནའང་ཤིན་ཏུ་དགའ་འོས་པ་ཞིག་ནི་གན་རྒྱ་བཞག་རྗེས་ཀྱི་ལོ་ངོ་གཅིག་རིང་གི་མཛུབ་སྟོན་དགེ་རྒན་ལ་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷ་ལགས་གདན་འདྲེན་ཞུས་འདུག་པས། རང་ཉིད་ལ་མཚོན་ན་བརྩམས་སྒྲུང་གསར་རྩོམ་སྐོར་གྱི་རྨང་གཞི་ཅི་ཡང་མེད་ཀྱང་ཁོང་ལྟ་བུའི་དགེ་རྒན་ཞིག་གི་སློབ་མར་འགྱུར་བའི་སྐལ་བ་ལྡན་དུས་རང་ངོས་ཀྱི་འབད་བརྩོན་གྱིས་མ་བསླུས་ན་རེ་བ་མེད་པའང་ག་ལ་ཡིན་བསམས་ཏེ་ཡིད་ཆེས་དང་དཔའ་གདེང་ཞིག་ཀྱང་ཅིག་ཅར་དུ་རྙེད་དོ།།

  དུས་དེ་ནས་བཟུང་སྟེ། ཁོ་བོས་ཚིགས་བཅད་སྙན་ངག་སོགས་རྩོམ་ལུས་གཞན་དག་རེ་ཞིག་བློས་བཏང་སྟེ་བརྩམས་སྒྲུང་གསར་རྩོམ་གྱི་ལས་ཁོ་ན་གཉེར་བ་ཡིན། སྐབས་དེ་ཙམ་ལ་བཀའ་དྲིན་གསུམ་ལྡན་གྱི་དགེ་རྒན་འགའ་རེས་གུས་པའི་ཚིགས་བཅད་སྙན་ངག་ལ་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱི་ཡར་ཐོན་ཆེན་པོ་ཡོད་པར་གསུངས་ལ། དེ་སྔོན་གཟིགས་བཟོས་བྱ་དགའ་རེ་ཟུང་ཡང་ཐོབ་མྱོང་ནའང་། དྲང་མོར་བཤད་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་ན་རང་ཉིད་ཀྱིས་ད་བར་དུ་རྩོམ་རིག་གི་སྐོར་ལ་བློ་སྦྱོང་ངམ་ངེས་པ་དོན་གྱི་སློབ་གཉེར་གང་ཡང་མ་མྱོང་སྟབས། ད་བར་དུ་བྲིས་པ་ཕལ་མོ་ཆེ་ནི་བོད་ཡིག་ལ་བཅངས་པའི་འཛིན་པ་ཞིག་གམ་ཡང་ན་རང་གི་ཉེ་འཁོར་ནས་བྱུང་བའི་གནད་དོན་འབའ་ཞིག་ལ་ཁ་གཏོང་བའི་ལག་ཆ་ཙམ་དུ་གྱུར་བ་ལས། དོན་དམ་གྱི་རྩོམ་རིག་སྒྱུ་རྩལ་ཐད་ལ་ཐོད་བརྒལ་དང་ངོམ་རི་བའི་གྲུབ་འབྲས་ཅི་ཡང་མེད་པས། ཅིས་ཀྱང་དམིགས་ཡུལ་གསར་པ་ཞིག་ལ་གཞི་བཅོལ་ནས་འབད་འཐབ་གསར་པ་ཞིག་གི་དབུ་ཁྱུད་འབྲི་བའི་དུས་ལ་བབ་འདུག་པ་རྟོགས་ཡོད། དེ་བས། ཁོ་བོས་དགེ་རྒན་བཀྲ་བྷ་ལགས་ཀྱི་མཛུབ་སྟོན་འོག་ཏུ་ཆེས་རྨང་གཞིར་གྱུར་བའི་བརྩམས་སྒྲུང་གི་གོ་དོན་དང་། བརྩམས་སྒྲུང་དང་གཏམ་རྒྱུད་ཀྱི་ཁྱད་པར། བརྩམས་སྒྲུང་གི་དབྱེ་བ། བརྩམས་སྒྲུང་གི་གྲུབ་ཆ་གསུམ། གྲུབ་ཆ་རེ་རེའི་བླང་བྱ་སོགས་གཞུང་ལུགས་ཤེས་བྱ་རྣམས་རུས་སྦལ་གྱི་ནུར་འགྲོས་ལྟར་བསླབ་པ་དོན་དུ་གཉེར་བར་མ་ཟད། བརྩམས་སྒྲུང་གསར་རྩོམ་གྱི་ལག་ལེན་ཐད་ལའང་དངོས་སུ་གོམ་པ་སྤོས་ཏེ་འབྲི་སྦྱོང་བྱེད་མགོ་བརྩམས་པ་ཡིན། སྔོན་ཆད་རྩོམ་པ་པོ་གཞན་གྱི་བརྩམས་སྒྲུང་ཁར་ཁེར་ཀློག་སྐབས་ངས་འདི་ལྟར་དྲན་མྱོང་། བརྩམས་སྒྲུང་ཞེས་པའི་རྩོམ་ལུས་ནི་རྩོམ་པ་པོར་གཏམ་རྒྱུད་ཡིད་དབང་འཕྲོག་པ་ཞིག་དང་དུས་ཚོད་འདང་ངེས་ཤིག་ཡོད་མེད་ཙམ་ལས་འབྲི་མི་ཤེས་པ་ཅི་ཡང་མི་འདུག་བསམས་མྱོང་མོད། འོན་ཀྱང་། རང་ཉིད་དངོས་སུ་ལས་དེ་ལ་ཞུགས་དུས་ཝ་སྨུག་པའི་ནང་ལ་བཏང་བ་བཞིན་ཁ་ཕྱོགས་བོར་ཅིང་མགོ་རྨོངས་པར་གྱུར་འགྲོ་བས། སྔོན་ཆད་ཀྱི་ནར་མ་སོན་པའི་བསམ་བློ་གཏོང་སྟངས་ལ་ཁ་སྐྱེངས་པ་དང་དགོད་བྲོ་བ་ཞིག་བྱུང་། དེ་ལྟ་ནའང་རང་གིས་བརྩམས་སྒྲུང་ཡིན་མིན་ཆ་མི་འཚལ་བའི་ཡིག་ཚོགས་རྣམས་དགེ་རྒན་ལ་བསྐུར་ཐེངས་རེར། དགེ་རྒན་གྱིས་ཞིབ་ཚགས་དང་ནན་ཏན་ཆེན་པོས་རིན་ཐང་ལྡན་པའི་དགོངས་ཚུལ་འདོན་པ་དང་ལམ་ལོག་ཏུ་འགྲོ་བ་མཐོང་ཚེ་དུས་ལྟར་ཡོ་བསྲང་གནང་བ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་པས། མ་འོངས་འབྱུང་འགྱུར་གྱི་དུས་ལ་གསར་རྩོམ་ཐད་གྲུབ་འབྲས་ཆེན་པོ་ཞིག་ལོན་ཐུབ་མིན་ཅི་ཆ་ཡང་། དགེ་རྒན་ཁོང་གིས་འདི་ལྟར་ལྷག་བསམ་དཀར་པོ་དང་ངལ་བ་འཛེམ་མེད་ཀྱིས་མཛུབ་སྟོན་གནང་ན་རང་ཉིད་ནས་ཅིས་ཀྱང་ཤ་ཐང་རུས་ཐང་དུ་འབད་དགོས་སྙམ་པའི་ཆོད་སེམས་ཤིག་སྐྱེས།

  བཟློག་ཐབས་མེད་པའི་ཆོད་སེམས་དེ་ཉིད་རང་རྒྱུད་དུ་ལུས་དང་གྲིབ་མ་བཞིན་བྲལ་ཐབས་མེད་པ་ནས་བཟུང་། ཁོ་བོས་བརྩམས་སྒྲུང་གསར་རྩོམ་སྐོར་གྱི་གཞུང་ལུགས་ཀྱི་དཔེ་ཆ་དང་རང་རེའི་བོད་ཀྱི་གནའ་དེང་གཉིས་ཀྱི་བརྩམས་སྒྲུང་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་བཀླགས་པར་མ་ཟད། མི་རིགས་དང་རྒྱལ་ཁབ་གཞན་གྱི་རྩོམ་པ་པོ་གང་མང་ཞིག་གི་འཐུས་ཚབ་བརྩམས་ཆོས་རྣམས་ཀྱང་ཞིབ་ཀྱིས་བཀླགས་པ་ཡིན། དཔེ་ཀློག་གི་བརྒྱུད་རིམ་ཁྲོད་ཅི་ཞིག་རྟོགས་འདོད་ཀྱི་འདུན་མ་ཆུ་ཁོལ་བཞིན་གདུས་མྱོང་ལ། གང་ཞིག་རྙེད་འདོད་ཀྱི་བསམ་བློ་མེ་ལྕེ་བཞིན་མཆེད་མྱོང་ན་ཡང་། སྐོམ་པའི་ཚེ་ཆུ་བཏུང་ན་ལམ་སང་སྐོམ་སེལ་འགྲོ་བ་དང་ལྟོགས་པའི་ཚེ་ཟ་མ་ཟོས་ན་མགྱོགས་པོར་འགྲངས་ཡོང་བ་ཇི་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཅི་ཡང་མི་འདུག་སྟེ། སྐབས་རེར་ཁ་ནང་དུ་འཁོར་ནས་བསམ་བློ་ཞིབ་ཏུ་གཏོང་བའི་ཚེ་རང་ཉིད་སྒྲུང་གཏམ་གསར་རྩོམ་ལ་གདེང་མེད་པ་དང་ཡིད་ཆད་པ། བློ་ཕམ་པ་སོགས་ཚོར་སྣང་སྣ་ཚོགས་པས་མནར་ཡོང་བར་འདུག འོན་ཀྱང་། བསམ་གཞིག་གི་འཁོར་ལོ་བསྐྱར་དུ་བསྐོར་ན་ང་ཚོ་ཆུང་ནས་ད་བར་དུ་ཨ་མའི་ནུ་ཞོ་དང་བཟའ་བཏུང་འདྲ་མིན་ལོངས་སུ་སྤྱད་པའི་དབང་གིས་ད་ལྟ་འདས་ཟིན་པའི་ལོ་ཟླའི་ནང་དུ་ཅི་ཞིག་ཟོས་པ་དང་ཅི་ཙམ་ཟོས་པ་གྲངས་ལ་གཞལ་ཐབས་བྲལ་ཡང་ཆུང་ཆུང་ཤིག་ལྟ་བུ་ཞིག་ནས་ཆེན་པོ་གཡག་ལྟ་བུ་ཞིག་ཏུ་གྱུར་འདུག་པ་ནི་དེའི་འབྲས་བུ་ཡིན་པ་ཇི་བཞིན་དུ། ད་ལྟ་དཔེ་ཆ་ཅི་ཙམ་བཀླགས་ཀྱང་ཉི་མ་སྤྲིན་བྲལ་ལྟ་བུའི་བློ་སྐྱེད་ཅིག་ཐོབ་དཀའ་ཡང་དཔེ་དེབ་རེ་རེའི་ནང་གི་ཤེས་བྱའི་ཉིང་བཅུད་མང་པོ་ཞིག་རང་གི་བློ་གྲོས་དང་ཤེས་རབ་ཀྱི་རྩ་བར་ཐིམ་བཞིན་ཡོད་པ་མིན་ནམ་དྲན་ན། རང་གིས་བདམས་ཟིན་པའི་ལམ་ཁར་མུ་ནས་མུ་མཐུད་དེ་བརྩོན་པ་ཆེན་པོས་བསྐྱོད་དགོས་པའི་ངེས་ཤེས་འདྲོངས་པས། སླར་ཡང་གནའ་དེང་གི་དཔེ་དེབ་མང་པོ་བཀླགས་པ་ཡིན་ལ། དྲ་ལམ་དང་ཡུལ་དངོས་སོགས་ནས་རྩོམ་རིག་གསར་རྩོམ་སྐོར་གྱི་འཆད་ཁྲིད་མང་པོའང་གོ་སྐབས་དམ་འཛིན་གྱིས་ཉན་པར་མ་ཟད། དངོས་སུ་འབྲི་སྦྱོང་བྱེད་པའི་ཐད་ལའང་སྔར་ལས་ལྷག་པའི་སེམས་ཤུགས་དང་དུས་ཚོད་བཏང་བ་ཡིན།

  དེ་ལྟར་བརྩམས་སྒྲུང་གསར་རྩོམ་གྱི་ལམ་ཁར་ཞུགས་པ་ནས་ཐོག་མར་ཡིད་ཆེས་ཐོབ་ཅིང་བར་དུ་ཆོད་སེམས་རྙེད་པ་དང་། ཐ་མར་དཀའ་སྤྱད་འབད་བརྩོན་བརྟེན་པ་བཅས་ལས་མི་ལོ་ཧྲིལ་བོ་ལྔ་འདས་པའི་དུས་ད་ལྟ་ཡང་མདུན་སྐྱོད་ཀྱི་གོམ་མཚམས་བཞག་མེད་ཅིང་། དཔེ་ཆ་རེ་རེ་བཀླགས་པ་དང་འཆད་ཁྲིད་རེ་རེ་ཉན་པ། བརྩམས་ཆོས་རེ་རེ་འགྲུབ་པའི་རྗེས་སུ་སྔར་ལས་ཀྱང་སེམས་ཤུགས་རྒྱས་ཏེ་དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་རྩོམ་རིག་གསར་རྩོམ་ཐད་ལ་བརྩོན་པའི་རྒྱུན་གཏོང་མི་རུང་བའི་འགན་འཁྲི་ཞིག་ཡིད་ལ་བརྣགས་བཞིན་ཡོད་པར་མ་ཟད། རང་རྒྱུད་དུ་ལམ་ཁ་འདི་ནས་གཞན་གང་ལས་ཀྱང་རྙེད་ཐབས་བྲལ་བའི་རིན་ཐང་གི་འདུ་ཤེས་ཤིག་སྲ་བརྟན་ཐེར་གཟུགས་སུ་འགྱུར་བཞིན་འདུག་ལ། སྨུག་པས་བཏུམས་པའི་གངས་ཀྱི་རྩེ་མོར་ཉི་འོད་ཕོག་པ་ཇི་བཞིན་མངོན་པར་གསལ་ཡོང་བ་ཞིག་ཏུ་འཁུམས། དེ་ནི་མ་འོངས་པའི་མི་ལོ་ཧྲིལ་བོ་ལྔ་ཅན་གསུམ་དང་བཞི་ཡང་ན་ལྔ་དང་དྲུག་སོགས་ཀྱི་རྗེས་སུ་གྲུབ་འབྲས་ཅུང་ཙམ་འཐོབ་པའི་སྔ་ལྟས་ཤིག་མིན་ནམ་སྙམ་པ་བྱུང་། གཅིག་བྱས་ན་དེ་ནི་ཆུ་ནང་དུ་ཟླ་བ་དང་སྨིག་རྒྱུའི་གྲོང་ཁྱེར་མཐོང་བ་ལྟར་འཁྲུལ་སྣང་ཞིག་མིན་པའི་ངེས་པའང་ཅི་ལ་ཡོད།

  ཁོ་བོ་བརྩམས་སྒྲུང་གསར་རྩོམ་གྱི་ལས་ལ་ཞུགས་ནས་ཏག་ཏག་མི་ལོ་ཧྲིལ་བོ་ལྔ་འགོར་བའི་སྐབས་འདིར། དཀར་མཛེས་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་སླར་ཡང་དགོངས་པ་ཆེར་བཞེས་ཀྱིས་ཁོ་བོའི་སྦྱངས་རྩོམ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་བདམས་ནས་དཔར་སྐྲུན་འགྲེལ་སྤེལ་བྱེད་རྒྱུའི་གོ་སྐབས་ལེགས་སྩོལ་གནང་བྱུང་། འདི་ནི་ཁོ་བོར་མཚོན་ན་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟ་བུའི་གཏམ་བཟང་ཞིག་ཅི་ལ་མིན་ཏེ། ཡུན་རིང་རྨིས་པའི་རྨི་ལམ་གང་ཉིད་ཏག་ཏག་མངོན་དུ་འགྱུར་བའི་སྐལ་བཟང་ཤར་བ་ཡིན་ནོ།། མ་གསང་གསོང་པོར་བརྗོད་ན་སྔོན་གྱི་ཚེ་ནའང་འབོལ་རྩོམ་བདམས་བཏུས་ཀྱི་དེབ་ཆུང་གཅིག་དང་སྙན་ངག་དང་བོད་འགྱུར་བརྩམས་ཆོས་ཀྱི་ཕྱོགས་བསྒྲིགས་སོགས་དེབ་གཟུགས་འགའ་ཞིག་སྤྱི་ཚོགས་སུ་བཀྲམ་མྱོང་ནའང་། ད་ཐེངས་རྒྱལ་སྤྱིའི་ཚད་ལྡན་དཔེ་རྟགས་བླངས་ནས་དཔར་སྐྲུན་འགྲེམ་སྤེལ་བྱེད་རྒྱུའི་གོ་སྐབས་བྱུང་བ་ནི་དགའ་བ་བརྗོད་ཀྱིས་མི་ལང་བ་ཞིག་རེད། ཡང་གཅིག་བཤད་ན་འདི་ནི་ཁོ་བོའི་མི་ལོ་ལྔའི་རིང་གི་གསར་རྩོམ་ལ་ཕྱོགས་སྡོམ་རྒྱག་སྟངས་ཡག་ཤོས་ཤིག་ཀྱང་ཡིན་དགོས་འདུག

  གུས་པའི་བརྩམས་སྒྲུང་ཐོག་མ《དོ་དགོང་གི་ཨ་ཁུ་དོན་གྲུབ་ཚང》ཞེས་པ་ནས་མགོ་བརྩམས་ཏེ་གྲངས་སུ་བརྩིས་ན་ད་བར་དུ་སྒྲུང་ཐུང་ལྔ་བཅུ་ལྷག་ལོངས་པ་དང་། དེ་དག་ལས་ཕལ་མོ་ཆེ་ཞིག་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་སོགས་སུ་ས་མིག་མ་སྟོང་ཙམ་དུ་བཀོད་པའི་སྐལ་བ་བྱུང་ཞིང་། སྒྲུང་ཐུང་འགའ་ཞིག་ལ་གཟིགས་བཟོས་བྱ་དགའ་རེ་ཟུང་ཡང་ཐོབ་མྱོང་བས། བསམ་བློ་ནང་དུ་བསྐོར་ནས་འདང་ཞིབ་ཏུ་བརྒྱབ་ན་མང་པོ་ཞིག་གི་སྣང་ངོར་རིན་ཐང་དང་དོན་སྙིང་ཅི་ཡང་མེད་པའི་གོ་སྐབས་འདི་དག་ནི་ངའི་གསར་རྩོམ་གྱི་སྒུལ་ཤུགས་བླ་ན་མེད་པ་ཞིག་ཏུ་གྱུར་འདུག་སྟེ། གལ་སྲིད་རྩོམ་སྒྲིག་ཁང་སོ་སོའི་རྩོམ་སྒྲིག་དགེ་རྒན་རྣམས་ཀྱིས་ང་ལ་བོང་བ་གསེར་གཟུགས་དང་ངའི་བརྩམས་ཆོས་རྣམས་ལ་ཞི་ལའི་མི་གཙང་བ་གསེར་དུ་བསྒོམས་ནས་ཆེ་མཐོང་སྤྲད་མེད་ན། ཁོ་བོའི་གསར་རྩོམ་གྱི་ལམ་བུ་ནི་ནམ་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་བྲལ་བའི་མི་བུ་འཁྱམ་པོ་ཞིག་གནས་ངེས་མེད་དུ་འཕྱན་པ་ལྟར་ནམ་ཞིག་གོ་མེད་ཚོར་མེད་དུ་གྱུར་མི་འགྲོ་བའི་ངེས་པའང་ལར་ནས་མེད་དོ།།

  ཁྱད་པར་དུ་ཁམས་ཕྱོགས་ཀྱི་དུས་དེབ་གྲགས་ཅན《གངས་དཀར་རི་བོ》དང་དེའི་རྩོམ་སྒྲིག་དགེ་རྒན་རྣམས་ནི་ཁོ་བོའི་རྩོམ་རིག་གསར་རྩོམ་གྱི་ལམ་ཁར་གནམ་གྱིས་ས་བཀབ་པ་ལྟ་བུའི་དྲིན་ཅན་ཤ་སྟག་ཡིན་ཏེ། ཁོང་ཚོས་ཐོག་མ་ནས་ད་ལྟའི་བར་དུ་ང་ལ་བཅངས་བའི་རེ་བ་དང་ཡིད་ཆེས་ནི་རྟག་བརྟན་འགྱུར་མེད་ཀྱི་རྡོ་བསྐོས་རི་མོ་ཇི་བཞིན་ནམ་རྒྱུན་ང་རང་ལྷོད་གཡེང་དང་བག་མེད་དུ་གནས་པའི་སྐབས་སུ་འབད་བརྩོན་ཧུར་ཐག་དགོས་པའི་རྟིང་སྐུལ་དང་ཅོང་བརྡ་ཞིག་ཏུ་གྱུར་ཡོད་པར་མ་ཟད། དུས་རྟག་པར་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་སོགས་སུ་སློབ་སྦྱོང་གི་གོ་སྐབས་གང་མང་བསྩལ་བ་ནི་ཁོ་བོའི་ལྟ་རྒྱ་མཐོང་རྒྱ་ཇེ་ཡངས་སུ་འགྲོ་བ་དང་རྩོམ་རིག་གསར་རྩོམ་གྱི་ལམ་ཁར་རང་ཉིད་དང་དགའ་ཕྱོགས་གཅིག་ཅིང་སློབ་སྦྱོང་འོས་པའི་གྲོགས་པོ་དང་དགེ་རྒན་མང་པོ་ཞིག་གསར་དུ་ངོ་ཤེས་པའི་གོ་སྐབས་ལེགས་ཤོས་ཤིག་ཏུ་བསྒོམས་ཡོད། དེ་བས། ང་ནི་དུས་དེབ《གངས་དཀར་རི་བོ》དང་དེའི་རྩོམ་སྒྲིག་པ་རྣམས་ཀྱིས་སེམས་ཀྱིས་བསྐྱངས་ཤིང་མིག་གིས་འཚོས་ནས་ཡོང་བའི་གཞོན་སྐྱེས་རྩོམ་འབྲི་བ་ཞིག་ཡིན་ཞེས་བཤད་ནའང་ཐལ་མི་ཆེ་བས། ཁོ་བོས་ཀྱང་རང་ཉིད་ཀྱི་བརྩམས་ཆོས་རྣམས་ལས་ཅུང་ཡིད་ཚིམ་པའམ་གསར་ཤོས་རྣམས་དམིགས་བསལ་གྱིས《གངས་དཀར་རི་བོ》ཚང་ལ་ཕུལ་བ་ཡིན། དེའི་རྐྱེན་གྱིས་ཁོ་བོའི་སྒྲུང་ཐུང་རྣམས་ལས་མང་ཤོས་ཤིག་གིས་དུས་དེབ《གངས་དཀར་རི་བོ》ཡི་བརྩམས་སྒྲུང་ལེ་ཚན་གྱི་ས་མིག་གང་མང་ཞིག་བཙངས་མྱོང་བའོ།།

  མདོར་ན། ཁོ་བོ་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ནས་ཏག་ཏག་མི་ལོ་ཧྲིལ་བོ་ལྔ་འགོར་བའི་རྗེས་ཏེ། ཁོ་བོའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཐོག་མ《སྒེའུ་ཁུང》ཞེས་པ་དཔར་དུ་བསྐྲུན་ལ་ཉེ་བའི་སྐབས་འདིར། ཁོ་བོས་དམིགས་བསལ་གྱིས་བཀའ་དྲིན་ཞུ་དགོས་པ་འགའ་ཡོད་དེ། གཅིག་ཏུ་གུས་པའི་རྩོམ་རིག་གསར་རྩོམ་ལ་ཁ་ཕྱོགས་དང་རེ་བ་གནང་མཁན་གྱི་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་ལས་སྣེ་བ་རྣམས་དང་། གཉིས་སུ་གུས་པའི་བརྩམས་སྒྲུང་གསར་རྩོམ་གྱི་སྐོར་ལ་ཡང་དག་པའི་མཛུབ་ཁྲིད་གནང་མཁན་གྱི་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་དགེ་རྒན་བཀྲ་བྷ་ལགས་དང་། གསུམ་དུ་གུས་པའི་གསར་རྩོམ་གྱི་ཐད་ལ་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་བླ་ལྷག་ཆེ་བའི《གངས་དཀར་རི་བོ》རྩོམ་སྒྲིག་ཁང་གི་གདན་ཞུས་རྩོམ་སྒྲིག་པ་དགེ་རྒན་གངས་དབང་བཀྲ་ཤིས་དང་། ལག་བསྟར་རྩོམ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་དང་ཆོས་དབྱིངས་ནོར་བུ་སོགས་དང་། དེ་མིན་གསར་རྩོམ་གྱི་ལོ་ཟླ་རིང་མོའི་ཁྲོད་དུ་གཡས་སྐྱོར་གཡོན་འདེགས་བྱེད་པའི་བོད་ཀྱི་རྩོམ་པ་པོ་རྒན་གཞོན་ཀུན་དང་ནམ་ཡང་སེམས་ཤུགས་དང་རེ་བ་སྩོལ་བའི་ཀློག་པ་པོ་དང་གྲོགས་པོ་རྣམས་ལ་དཀྱུས་གཅིག་ཏུ་བཀའ་དྲིན་ཆེ་ཞུ་བ་དང་། ཆབས་ཅིག་ཏུ་བདག་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་གནང་ཞིང་དྲིན་གྱིས་བསྐྱངས་པའི་མ་དྲིན་མོ་ཆེ་གཙོར་བྱས་པའི་ཁྱིམ་མི་རྣམས་དང་། ནམ་རྒྱུན་ཁོ་བོའི་དགའ་ཁ་འཁྱེར་ཕྱོགས་དང་སློབ་སྦྱོང་ལ་རྒྱབ་སྐྱོར་ཅི་ཐུབ་གནང་མཁན་གྱི་སྐྱིད་སྡུག་གཅིག་པའི་བརྩེ་བའི་ཆུང་མ་དང་གཅེས་པའི་བུ་ཕྲུག་རྣམས་ལའང་གོ་སྐབས་འདི་དང་བསྟུན་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

  མཇུག་མཐར་ཞུ་འདོད་པ་ནི། ཁོ་བོའི་སྒྲུང་ཐུང་ཕྱོགས་བསྡུས་ཀྱི་དེབ་ཐོག་མ《སྒེའུ་ཁུང》ཞེས་པ་འདི་ལྟར་ཁྱེའུ་ཞིག་གི་ངང་ཚུལ་གྱིས་འཇིག་རྟེན་མི་ཡུལ་དུ་སླེབས་ཡོང་བ་ཡིན་ན། འདི་ལ་ལྟ་ཀློག་གི་རིན་ཐང་དང་དཔྱད་བརྗོད་ཀྱི་དགོས་པ་སོགས་གང་ཡང་ཡོད་མི་སྲིད་མོད། འདི་ནི་ཁོ་བོས་མི་ལོ་ལྔའི་གོང་རོལ་ནས་བདམས་པའི་ལམ་ཁ་ཡིན་ལ། མ་འོངས་པར་ཡང་ལམ་ཁ་འདི་ནས་འབད་པ་ལྷུར་ལེན་གྱིས་མདུན་དུ་བསྐྱོད་པར་ངེས་པས། ལམ་ཁ་འདི་ནས་ཕྲད་མྱོང་བ་དང་འཕྲད་པར་འགྱུར་བའི་མི་བོ་ཆེ་དག་གིས་མུ་མཐུད་དུ་གཡས་སྐྱོར་གཡོན་འདེགས་དང་མཛུབ་སྟོན་གང་ལེགས་གནང་བའི་རེ་བ་བླ་ལྷག་ཆེའོ།།

                    ༢༠༢༣ལོའི་ཟླ༦ཚེས༢༧ཉིན་དེབ་འདིའི་རྩོམ་པ་པོས་ཁམས་ལི་ཐང་ནས་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།