ལྷོ་ཀོ་རེ་ཡའི་བུད་མེད་རྩོམ་པ་པོ་ཧན་ཁཱང་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ།

ངེད་དྲ་བ། 琼迈文学网 2024-10-10

     དེ་རིང་སྟེ་སྤྱི་ཟླ་བཅུ་པའི་ཚེས་10ཉིན་མོར་ལྷོ་ཀོ་རེ་ཡའི་རྩོམ་པ་པོ་ཧན་ཁཱང་སྟེ།《དཀར་ཟས་པ》ཞེས་པའི་བརྩམས་ཆོས་སྐད་གྲགས་ཅན་དེ་འབྲི་མཁན་གྱི་སྐྱེས་མ་རྩོམ་པ་པོ་དེར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་འདུག ཁོང་མོ་ནི་གཟེངས་རྟགས་ཆེན་པོ་དེ་ཐོབ་པའི་ཨེ་ཤ་ཡའི་གླིང་གི་སྐྱེས་མ་ཐོག་མ་དང་། ལྷོ་ཀོ་རེ་ཡ་རྒྱལ་ཁབ་ཀྱི་རྩོམ་པ་པོ་ཐོག་མ་ཆགས་འདུག

  གཟེངས་རྟགས་དེ་གོ་སྒྲིག་བྱེད་མཁན་སུད་ཌན་རྩོམ་རིག་གླིང་གི་རྒྱུན་ལས་དྲུང་ཆེ་མད་ཋི་མལ་གྱིས་སི་ཊོག་ཁོར་མོ་རུ་འཚོགས་པའི་གསར་འགོད་ལྷན་ཚོགས་དེའི་སྟེང་དུ། ཁོང་མོའི་ཚོར་ཤུགས་དྲག་ཅིང་སྙན་ངག་གི་ཁྱད་ཆོས་ལྡན་པའི་ལྷུག་རྩོམ་གྱིས་ལོ་རྒྱུས་ཀྱི་བརྡབ་གསིག་ལ་གདོང་ལེན་དང་འགྲོ་བ་མིའི་ཚེ་སྲོག་གི་ཉམ་ཆུང་རང་བཞིན་གསལ་བར་མཚོན་པས་གཟེངས་རྟགས་འདི་ཐོབ་པ་ཡིན་ཅེས་བརྗོད་འདུག

  ཧན་ཁཱང་གི་བརྩམས་ཆོས《དཀར་ཟས་པ》ཞེས་པ་དེ་2007ལོར་ལྷོ་ཀོ་རེ་ཡའི་ནང་དུ་དཔེ་སྐྲུན་བྱས་ནས་དབྱིན་ཡིག་ཏུ་བསྒྱུར་རྗེས་དེར་2016ལོའི་རྒྱལ་སྤྱིའི་པུའུ་ཀེར་བྱ་དགའ་ཐོབ། དངོས་བརྒལ་བའི་ལུགས་ཀྱི་བརྩམས་སྒྲུང་དེའི་ནང་དུ་སྐྱོ་ཞུམ་གྱིས་མནར་བའི་ཁྱིམ་བདག་མོ་ཞིག་གིས་ཤ་བཅད་པའི་སྐབས་སུ་ཁྱིམ་མི་རྣམས་ཧང་སངས་སུ་བཅུག་ཅིང་། ཕྱིས་སུ་མོས་ཉི་འོད་ལ་བརྟེན་ནས་རང་ཉིད་གསོ་ཐུབ་པར་འདོད་དེ་ལྟོགས་སྐོམ་མྱངས་པའི་ཚུལ་ཞིབ་པར་བྲིས་ཡོད།

  གཟེངས་རྟགས་འདི་གསལ་བསྒྲགས་མ་བྱས་གོང་དུ། རྒྱན་འཇོག་མཁན་གྱིས་ཡིད་སྨོན་བྱ་ཡུལ་ནི་ཚན་ཞུའེ་རེད། ཚན་ཞུའེ་ནི་ཀྲུང་གོའི་གདོང་མཆོངས་པའི་ལུགས་ཀྱི་བརྩམས་སྒྲུང་རྩོམ་པ་པོ་ཞིག་སྟེ། མོ་སྲོལ་རྒྱུན་བརྩམས་ཆོས་དང་རྦད་དེ་མི་འདྲ་བའི་རྩོམ་རིག་གི་མཚོན་ཐབས་གསར་པ་བེད་སྤྱོད་མཁན་ཞིག་ཡིན།

  ནོ་བྷེལ་རྩོམ་རིག་གཟེངས་རྟགས་ནི་དེང་འདིར་གོ་ལའི་སྒང་གི་རྩོམ་རིག་གི་གཟེངས་རྟགས་མཐོ་ཤོས་དེ་ཡིན་ལ། གཟེངས་རྟགས་དེ་འཐོབ་ཡུལ་ནི་རྩོམ་པ་པོ་དང་། སྙན་ངག་པ། འཁྲབ་གཞུང་རྩོམ་པ་པོ་བཅས་ལས་རྩེ་མོར་སོན་པ་དག་ཡིན། དེ་སྔ་གཟེངས་རྟགས་དེ་བཞེས་མཁན་ལ་ཐོ་ནེ་མོ་རི་སེན་དང་ཧེ་རོ་ཌི་ཕེན་ཊར། ད་དུང་གཞས་པ་གྲགས་ཅན་བྷོ་བྷེ་ཌི་ལན་སོགས་ཡོད། དེའི་གཟེངས་དངུལ་ལ་སུད་ཌན་གྱི་ཀེ་རོ་ནེ་ས་ཡ་བཅུ་གཅིག་གམ་ཨ་སྒོར་ས་ཡ་གཅིག་ཡས་མས་ཤིག་ཡོད།

  2020ལོ་ནས་བཟུང་། སུད་ཌན་རྩོམ་རིག་གླིང་གིས་མི་ནག་གཅིག་ལ་གཟེངས་རྟགས་འདི་ཕུལ་ཡོད། དེ་ནི་ཐན་ཟན་ཉི་ཡའི་རྩོམ་པ་པོ་ཨབ་ཏུ་ལ་ཛ་ཁི་གུར་ན་ཡིན་ཞིང་། ཁོའི་བརྩམས་སྒྲུང་གིས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ཤུལ་བཞག་གནད་དོན་ལ་དཔྱད་བརྗོད་བྱས་ཡོད། གཞན་ཡང་སྐྱེས་མ་་གཉིས་ལ་གཟེངས་རྟགས་འདི་ཕུལ་ཡོད། གཅིག་ནི་ཨ་རིའི་སྙན་ངག་མཁན་ལུ་ཡི་སི་ཁི་ལོ་ཁི་རེད།གཞན་དེ་ནི་ཧྥ་རན་སིའི་རང་རྣམ་རྩོམ་པ་པོ་ཨན་ནེ་ཧེར་ནོ་རེད། ན་ནིང་གི་གཟེངས་རྟགས་དེ་འབུལ་ས་ནི་་འཇོན་ཧྥོ་སི་ཡིན་ཞིང་། ཁོང་ནི་ནོར་ཝེའི་རྩོམ་པ་པོ་དང་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན། ཁོང་གི་བརྩམས་སྒྲུང་ནི་ཚིག་གྲུབ་རིང་པོས་བྲིས་ཤིང་ཆོས་ལུགས་ཀྱི་ནང་དོན་ལྡན་པ་ཞིག་ཡིན།

                              (ནེའུ་ཡོག་དུས་བབ་ཀྱི་གསར་འཕྲིན་ལ་སྣོན་འཕྲི་ཅུང་ཙམ་བྱས་ཏེ་བོད་ཡིག་ཏུ་བསྒྱུར)

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷོ་ཀོ་རེ་ཡའི་བུད་མེད་རྩོམ་པ་པོ་ཧན་ཁཱང་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ།

2024-10-10 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།