ཉི་ཧོང་གི་སྙན་ངག་པ་གྲགས་ཅན་ཐ་ནེ་ཁ་བ་ཤོན་ཐ་རོ་ལགས་སྐུ་གཤེགས་པ།

བུམ་པ་རྒྱལ།(ཟི་ལིང) 琼迈文学网 2024-11-19

སྙན་ངག་པ་ཁོང་སྐུ་མ་གཤེགས་ཡར་སྔོན་གྱི་སྐུ་པར།

དེ་སྔ་དཔར་དུ་བསྐྲུན་པའི་ཁོང་གི་སྙན་དེབ་འགའ།

  2024ལོའི་ཟླ་11ཚེས་19ཉིན་ཉི་ཧོང་གི་སྨྱན་སྦྱོར་<<ཐུན་མོང་འཕྲིན་གཏོང་>>གིས་གནས་ཚུལ་སྤེལ་བར་གཞིགས་ན། དགུང་གྲངས་92ལ་སླེབས་པའི་ཉི་ཧོང་གི་དེང་རབས་ཀྱི་སྙན་ངག་པ་དང་འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན་ཐ་ནེ་ཁ་བ་ཤོན་ཐ་རོ(Tanikawa Shuntarō;谷川俊太郎)ལགས་སྤྱི་ཟླ་11ཚེས་13ཉིན་གྱི་ཕྱི་དྲོར་སྐུ་འདས་གྲོངས་སུ་ཕྱིན་འདུག

  ཐ་ནེ་ཁ་བ་ཤོན་ཐ་རོ་ལགས་ཀྱིས་བབ་ཆགས་ཀྱི་སྐད་ཆས་བྲིས་པའི་སྙན་ངག་དང་། ཡིག་སྒྱུར། འབོལ་རྩོམ་བཅས་ལ་ཉི་ཧོང་རྒྱལ་ནང་ཙམ་མ་ཟད་འཛམ་གླིང་གི་ཀློག་པ་པོ་མང་པོའི་གདེང་འཇོག་ཚད་མེད་ཐོབ་ཡོད། ཁོང་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་བྱུང་བའི་ཉི་ཧོང་གི་སྙན་ངག་པ་གཙོ་བོའི་གྲས་ཤིག་ཡིན་ལ། བརྩམས་ཆོས་དག་སྐད་རིགས་སྣ་མང་ལ་བསྒྱུར་ཏེ་པར་དུ་བསྐྲུན་ཡོད།

  ཁོང་གི་སྐྱེས་ས་ནི་རྒྱལ་ས་ཐོ་ཁྱོ་ཡིན། ཡབ་ཀྱི་མཚན་ལ་ཐ་ནེ་ཁ་བ་ཐེ་ཚུ་ཙོ(Tanikawa Tetsuzõ)རུ་འབོད་ལ། ཉི་ཧོང་གི་མཚན་ཉིད་རིག་པ་བ་ཞིག་ཡིན། ཐ་ནེ་ཁ་བ་ཤོན་ཐ་རོ་ལགས་ཀྱིས་ལོ་ན་བཅུ་གྲངས་ནས་བཟུང་སྟེ་སྙན་ངག་འབྲི་འགོ་བརྩམས་ཤིང་། 1952ལོར་སྙན་ངག་ཐོག་མ་<<འོད་ལོ་དུང་ཕྱུར་ཉི་ཤུའི་ཁེར་རྐྱང་>>ལ་སྙན་ངག་གི་སྐད་ཆ་གསར་པའི་བྲོ་བ་ལྡན་པས་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག སྙན་ངག་པ་ཁ་བ་ས་ཁེ་ཧེ་རོ་ཤིས་(Kawasaki Hiroshi)དང་ཨེ་བྷ་ར་ཀེ་ནོ་རེ་ཁོ(Ibaragi Noriko)གཉིས་ཀྱིས་གསར་འདོན་བྱས་པའི་སྙན་ངག་དུས་དེབ་<<གྲུ་སྐྱ>>ཞེས་པའི་ནང་དུ་ཞུགས།

སྙན་ངག་པ་ཁོང་སྐུ་ན་གཞོན་དུས་ཀྱི་སྐུ་པར།

  ཁོང་གིས་དེང་རབས་ཀྱི་སྙན་ངག་ཕུད། གཞན་ད་དུང་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ་རི་མོའི་དཔེ་དེབ་དང་། ཡིག་སྒྱུར། ལྷུག་རྩོམ། བྱིས་པའི་གླུ་ཚིག ཟློས་གར་གྱི་འཁྲབ་གཞུང་བཅས་མང་དུ་བརྩམས་ཤིང་། དེ་ལས་སྙན་ངག་འགའ་ཤས་<<ཞོགས་པའི་ཚགས་པར་>>ལ་སོགས་པའི་ཉི་ཧོང་གི་སྐད་ཡིག་གི་སློབ་དེབ་དུ་བདམས་ཡོད་པ་མ་ཟད། ཀློག་པ་པོ་རྒན་གཞོན་ཀུན་གྱིས་ཀློག་འདོན་བྱེད་ཀྱིན་ཡོད།

  གཞན་ཁོང་ལ་སྙན་ངག་ཕྱོགས་བསྒྲིགས་<<སྙན་ངག་གྱེར་འདོན་དྲུག་ཅུ་རེ་གཉིས་>>དང་། <<ཡི་གེའི་གླུ་གཞས>><<མཚན་ཉིད་>>བཅས་ཡོད་ལ། གཞས་ཚིག་ལ་<<ལྕགས་དཔུང་ཨ་ལུའོ་མུའུ་>>དང་<<རེས་གཟའ་བདུན་གྱི་གླུ>>ཡོད།

  འགྱུར་རྩོམ་ལ <<ངང་པའི་ཨ་མའི་གླུ་གཞས་>>ལས་གཞན། ཧྲི་ནུའུ་པི་དང་ཁྲ་ལི་པུའུ་ལང་གི་རབ་བཏགས་རི་མོ་<<བ་དམ>>ཞེས་པའི་རིམ་སྤེལ་དང་རི་མོའི་བརྩམས་དེབ<<ཆུ་རྐྱལ>>ཞེས་པ་དེའང་ཁོང་གིས་ཡིག་སྒྱུར་བྱས་པའི་བརྩམས་ཆོས་ནང་དུ་བཀོད་ཡོད།

ཟུར་བཀོད།

ཐ་ནེ་ཁ་བ་ཤོན་ཐ་རོ་ལགས་ཀྱིས་མི་ཚེའི་ནང་ཆེས་མཐའ་མར་བརྩམས་པའི་སྙན་ངག《དྲིན་གཟོ》བོད་འགྱུར་མ།(བུམ་པ་རྒྱལ་གྱིས་ཉི་ཡིག་ནས་བསྒྱུར)

སྙན་ངག《དྲིན་གཟོ》ཡི་ཉི་ཧོང་སྐད་ཀྱི་མ་ཡིག

གཉིད་ལས་སད་དུས།
སྒོ་རའི་ལོ་མ་དམར་པོ་དེ་མཐོང་བྱུང་།
ཁ་སང་དྲན་དུས།
ང་སྔར་བཞིན་གསོན་འདུག

དེ་རིང་ནི་ཁ་སང་གི་རྒྱུན་མཐུད་པ་ཙམ་རེད།
ངས་བལྟས་ན་འདི་ཧ་ཅང་བཟང་།
ང་ལ་བྱ་བ་ཅི་ཡང་བསྒྲུབ་རྒྱུའི་བསམ་པ་མེད།

ལུས་ལ་ན་ཟུག་མ་སྐྱེས་ཤིང་།
ཟ་འཕྲུག་ཀྱང་མ་ལངས་བ་དེར།
དོན་དངོས་སུ་གང་ཞིག་ལ་དྲིན་གཟོ་བྱ་དགོས་སམ།

ལྷ། འཛམ་བུ་གླིང་། འཇིག་རྟེན་གྱི་ཁམས།
གང་ཡིན་ཆ་མི་འཚལ་མོད།
དྲིན་གྱི་བསམ་པ་ཁོ་ན་འཇོག་འདོད།

ཟླ་10པའི་ཚེས་23ཉིན་ལོ་ཙཱ་པ་བུམ་པ་རྒྱལ་ལགས་སྙན་ངག་པ་ཁོང་དང་མཇལ་འཕྲད་བྱུང་ཞིང་ཁོང་གི་སྙན་ངག་བོད་འགྱུར་མ་བཀོད་པའི《འཛམ་གླིང་རྩོམ་རིག》དེབ་དང་པོ་སྤྱན་འབུལ་ཞུས་པ།

ཁོང་གི་སྙན་ངག་གཞན་པ་འགའི་བོད་འགྱུར། https://www.tibetcm.com/special/2014-12-11/7138.html
https://www.tibetcm.com/contemporary/translate/2014-12-14/7263.html
https://www.tibetcm.com/special/2014-12-11/7159.html

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཉི་ཧོང་གི་སྙན་ངག་པ་གྲགས་ཅན་ཐ་ནེ་ཁ་བ་ཤོན་ཐ་རོ་ལགས་སྐུ་གཤེགས་པ།

2024-11-19 བུམ་པ་རྒྱལ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།