གངས་ཀྱི་ལྷུག་རྩོམ་དེབ་གསར《ཤི་གསོན་གད་པ་སྟེང་འོག》པར་བསྐྲུན་དང་འགྲེམ་སྤེལ་བྱས།

  གངས་ཀྱི་ལྷུག་རྩོམ་དེབ་གསར་པ《ཤི་གསོན་གད་པ་སྟེང་འོག》ནི་རྩོམ་པ་པོའི་འཚོ་བའི་ཁྲོད་ཀྱི་བརྗེད་དཀའ་བའི་འདས་དོན་ཁ་ཤས་དང་ཁོའི་གྲོགས་པོ་རེ་གཉིས་ཀྱི་མི་ཚེའི་གཏམ་རྒྱུད་རེ་འགའ་ཞིབ་འབྲིའི་ཁོངས་སྣེར་བཟུང་པའི་ལྷུག་རྩོམ་གསར་པ་བཅུ་བཞི་ཡིས་གྲུབ་པའི་དེབ་ཅིག་ཡིན། དེབ་འདི་གཞུང་ཕྱོགས་ཀྱི་ལས་གཞི་སོགས་ཀྱི་དགོས་མཁོ་ལྟར་པར་སྐྲུན་བྱས་པ་ཞིག་མིན་པར་དེབ་ཀྱི་འགྲོ་སོང་ཡོངས་རྩོམ་པ་པོ་སྒེར་ངོས་ནས་བཏང་ཞིང་། ཕྱི་ནང་གི་ཇུས་འགོད་དང་། དཔེ་སྐྲུན་གྱི་ལས་ཀ་སོགས་ཆེད་ལས་མི་སྣ་རྐྱང་རྐྱང་གི་རམ་འདེགས་འོག་འགྲུབ་པར་བྱས་ཡོད། རྩོམ་པ་པོ་ཞིག་ལ་མཚོན་ན། དེབ་སྤུས་ལེགས་ཤིག་མི་ཡུལ་ལ་བཀྲམ་པ་ནི་ཀློག་མཁན་ལ་ཕུལ་བའི་ལེགས་སྐྱེས་ཆེས་ཡག་ཤོས་ཤིག་ཡིན་པའི་ཀུན་སློང་གི་ངོས་ནས་དེབ་འདི་འགྲེམ་སྤེལ་བྱས་ཡོད།

  དེབ་འདིའི་འགོ་བརྗོད་དུ་ཞུས་པ་ལྟར། “བརྗོད་དོན་གྱི་ཆ་ནས། རྩོམ་གྱི་མཐོང་སྣེ་གཙོ་བོ་དྲན་པ་དང་བརྩེ་བ། སྐྱེ་འཆི་སོགས་ཀྱི་ཕྱོགས་སུ་གཏད་དེ་འགྲོ་བ་མི་ཐུན་མོང་ལ་ཡོད་པའི་ཚེ་སྲོག་གི་མྱོང་སྣང་དག་མཚོན་པར་བྱས་ཡོད”པས། གལ་སྲིད་ཁྱེད་ཀྱིས་དེབ་འདི་ཞིབ་ཀློག་ཐེངས་གཅིག་བྱས་ཚེ། དེབ་འདིས་རྩོམ་མཁན་གྱི་བློ་ངོར་འཆར་མ་མྱོང་བའི་ཁྱེད་ཀྱི་མི་ཚེའི་གཏམ་རྒྱུད་རེ་ཁྱེད་ལ་མི་གླེང་བའི་ངེས་པའང་མི་འདུག

  རྩོམ་པ་པོ་ངོ་སྤྲོད།

  འཇམ་དཔལ་རྡོ་རྗེ། མིང་གཞན་ལ་གངས། མདོ་སྨད་རྨ་ཆུ་རྩྭ་ཐང་དུ་སྐྱེས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རྩོམ་རིག་རབ་འབྱམས་པ། རྩོམ་ལུས་སྣ་ཚོགས་ཀྱི་གསར་རྩོམ་ལ་འཇུག་མཁན་ཞིག 2023ལོ་དངོས་བཤུས་གློག་བརྙན《གཤོག་པའི་མཁའ་དབྱིངས》ཕབ་སྐྲུན་བྱས། ལོ་དེར་ཟློས་གར་འཁྲབ་གཞུང《དར་ཁ་ཡུག་ཅིག》ལ་ཀྲུང་གོའི་ཟློས་གར་རྩོམ་རིག་ལྷན་ཚོགས་ཀྱི་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ།

  དེབ་འདི་གཤམ་གསལ་རྩ་གཉིས་བཤེར་གྲངས་བརྒྱུད་དེ་མངགས་ཉོ་བྱས་ཆོག

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།