སྒོ་ཡོན་གྱི་སྙན་ངག་ཆེད་བཀོད།

སྒོ་ཡོན།(ཁྲིན་ཏུའུ) 琼迈文学网 2023-06-20

སྒོ་ཡོན།   རྩོམ་པ་པོ་དང་ལོ་ཙཱ་བ། བརྩམས་ཆོས«རང་རིག་རང་གསལ»དང་«སྣང་ཚོར་རོ་མཉམ»སོགས་ཡོད།
 
 ཆུ་ཕོར་པ་གང་།
 
དགེ་འདུན་ཆོས་འཕེལ་གྱིས་ཆུ་ཕོར་པ་གང་ལག་ཏུ་བཟུང་སྟེ
སྐད་ཆེན་པོས
“འདི་བདུད་རྩི་ཡིན་ནམ་རྣག་ཁྲག་ཡིན”
མི་མང་གི་དཀྱིལ་ནས་སྨྲས
 
“སྨྱོན་པ་ཐོན་བྱུང……”
སྨྱོ་ཆུ་འཐུང་བའི་མི་རྣམས་ཀྱིས་འུར་བརྒྱབ
དགེ་འདུན་ཆོས་འཕེལ་ཡང་འུ་ཐུག་པས
མཐར་སྨྱོ་ཆུ་འཐུང་དགོས་པར་གྱུར
 
མི་རིང་བར   མི་རྣམས་ཤི་སོང
དགེ་འདུན་ཆོས་འཕེལ་ཡང་ཤི་སོང
         ༢༠༢༢.༠༢.༠༨
 
ཆོམ་པོ།
 
བུ་མོ་དེས
ངའི་སྙིང་ལ་ཐུག་ཙམ་ཐུག་ཙམ་བྱས
ངའི་མཆུ་ཏོ་ལ་ཐུག་ཙམ་ཐུག་ཙམ་བྱས
སླར་ཡང
ངའི་ཡིག་འབྲུ་དག་ལ་ཐུག་ཙམ་ཐུག་ཙམ་བྱས
 
བུ་མོ་ཐག་རིང་དུ་ཕྱིན་སོང
ངའི་སྙིང
ད་དུང་འདར་བཞིན་འདུག
    ༢༠༢༠.༠༣.༢༠
 
ཡོན་བདག
 
མི་ལ་རས་པ་ཙོག་པོར་བཞུགས་པ་དང
མདུན་གྱི་སྒམ་ཆུང་ལ་གཟིགས
སྒམ་ནང་དུ་གསེར་སྲང་དོ་ཡོད་པ་དྲན
གསེར་སྲང་དོ་འདི་ཡོན་བདག་ཅིག་གིས་ཕུལ་པ་དྲན
ཡོན་བདག་དེས
ད་ལྟ་ཁ་ཟས་ཟ་ཡི་ཨེ་ཡོད
ཡོན་བདག་དེས
ད་ལྟ་ཆུང་མ་ལ་དགའ་མགུར་སྤྱོད་ཀྱི་ཨེ་ཡོད
ཡོན་བདག་དེ
ད་ལྟ་ནད་ཀྱིས་མནར་ཨེ་ཡོད
ཡོན་བདག་དེ
ད་ལྟ་ཤི་ཨེ་ཡོད
གང་ལྟར  སྒམ་ནང་དུ་གསེར་སྲང་དོ་ཡོད
གསེར་སྲང་དོ་ཡོད
      ༢༠༢༣.༠༢.༢༣
 
མཐོང་བ་རྗེན་ནེ་བ།
 
སྒྱུ་མ་མཁན་གྱིས
ནམ་མཁའ་སྟོང་པར་རི་མོ་འགའ་བྲིས
རི་མོའི་ནང
སྤྲིན་པ་ཞོགས
ཆར་པ་བབས
འཇའ་གུར་ཕུབ
 
རི་མོའི་ནང
རེས་འགའ   ཁ་དོག་སྣ་ཚོགས་ནམ་མཁའ་ལ་འཕྲོ
རེས་འགའ   ནམ་མཁའ་ཡང་ཁ་དོག་སྣ་ཚོགས་སུ་གྱུར
 
རི་མོའི་ནང
ཉི་འོད་གཅིག་པུ
ཁུ་སིམ་སིམ
མུན་པ་དང་བྲལ་བའི་ཁེར་རྐྱང་གིས་མནར
 
སྒྱུ་མ་མཁན་གྱིས
རི་མོའི་ནང
རང་ཉིད་སྒྱུ་མ་མཁན་ཡིན་པ་མཐོང
        ༢༠༢༣.༠༣.༢༤
 
མཉམ་པ་ཉིད།
 
མི་ལ་རས་པས་མགུར་བླངས
མགུར་ནང་དུ་བུ་མོ་ཆུང་ཆུང་ཞིག་གི་གླུ་སྐད་གྲག
བུ་མོ་ཆུང་ཆུང་དེ
མི་ལ་རས་པས་སྟོང་ཉིད་དང་དུས་གདབ་ས་ཡིན
སྟོང་པ་ཉིད
བུ་མོ་དེ་དང་དབྱེར་མེད་གྱུར
བུ་མོ་ཡང་སྟོང་པ་ཉིད་དང་དབྱེར་མེད་གྱུར
 
མི་ལ་རས་པས་མགུར་བླངས
མགུར་ནང་གི་བུ་མོ་ཆུང་ཆུང
ག་ལེར་ག་ལེར་སྙིང་ཁར་ལྷུང
 
མི་ལ་རས་པས
བུ་མོ་ཆུང་ཆུང་དེ་ལ་བལྟས་ནས
རང་ཉིད་ཀྱི་རྣམ་པར་རྟོག་པ་བཙལ
        ༢༠༢༣.༠༡.༢༥
 
བལྟ་བྱ་ཐུན་མོང་བ། ①
 
ཕྱི་དྲོ
ཉི་མ་ཧ་ཅང་དྲོ
མི་ཕམ་སྒོར་བུད་ནས་གླལ་བ་ཞིག་བྱས
 
དེ་ཙ་ན
མདུན་ཕྱོགས་ཀྱི་ལམ་རྐེད
མི་ཞིག་ཕར་འགྲོ་བཞིན་འདུག
 
མི་ཕམ་གྱིས་མི་དེར་བལྟས་ནས་དགོད་ཙམ་བྱས
མི་དེས་ཀྱང་ཕྱིར་ཁོ་ལ་བལྟས་ནས་དགོད་ཙམ་བྱས
 
མི་དེ་སྔར་བཞིན་ཕར་ཕྱིན་སོང
མི་ཕམ་གྱིས་སླར་ཡང་གླལ་བ་ཞིག་བྱས་པ་དང
ཕྱིར་ཁྱིམ་དུ་འཛུལ
 
ཕྱི་དྲོ
ཉི་མ་ཧ་ཅང་དྲོ
      ༢༠༢༡.༠༡.༠༣
 ① སྙན་ངག་འདི་ཉིད་སྔར་མི་ཕམ་རིན་པོ་ཆེ་མཆོག་གི«སད་རྨི་རྩོད་པའི་གླུ»དང་ཧྥོ་རེ་ཌི(Sigmund Freud)ལགས་ཀྱི«རྨི་ལམ་གྱི་རྣམ་གཞག»གཉིས་མཇལ་བའི་སྐབས་སུ་བློར་བཀོད་པ་དང་། ཕྱིས་སུ«སྤྲུལ་སྐུ་ཡེ་ཤེས་ལྔ་ལྡན་མི་ཕམ་གྱི་སྒྲུང་»བཀླགས་པ་དང་འཕྲལ་དུ་ཡི་གེར་བཀོད་པ་ཡིན།
 
རྗེ་བཙུན་སྒྲོལ་མ།
 
ཨ་ཁུ་བློ་བཟང
མཆོད་ཁང་ནང་འཛུལ
ཕྱག་གསུམ་བཙལ
 
གློ་བུར་ཡར་བལྟས་ཚེ
མཆོད་སྟེགས་སྟེང
རྗེ་བཙུན་སྒྲོལ་མ་འཛུམ་དམུལ་དམུལ
ཁ་རས་ནབ་མེད་པ་མཐོང
 
དེ་མུར
ཨ་ཁུ་བློ་བཟང་གིས
ཁོ་རང་ཉིད་ཀྱི་ཁ་རས་ཕྱུང་ནས
རྗེ་བཙུན་སྒྲོལ་མའི་ཞལ་ལ་གསོལ
 
རྗེ་བཙུན་སྒྲོལ་མ
སྔར་བཞིན་འཛུམ་དམུལ་དམུལ
      ༢༠༢༠.༠༡.༢༧
 
རྩྭ་འཇག་མ་གཅིག
 
ང་རང་སར་བསྡད་མ་ཐག
མདུན་དུ་རྩྭ་ཕུང་ཞིག་སྐྱེས་པ་མཐོང
 
ལག་པ་ཕར་བསྲིངས་ཏེ
རྩྭ་རྐང་གཅིག་མཛུབ་མོའི་བར་ལ་བཅུར
རྩྭ་ཐུར་དུམ་བུར་ཆག
 
རྩྭ་ཐུར་སྣེ་མོ་སར་ལྷུང་འཕྲལ
ང་རང་འགྱོད་པ་སྐྱེས
 
“རྩྭ་ཐུར་འདི་ཅིའི་ཕྱིར་གཅོག་དགོས”
ངའི་སེམས་སུ་དེ་ལྟར་དྲན་བཞིན
ཡང་ལག་པ་ཕར་བསྲིངས
……
        ༢༠༡༩.༠༩.༡༣
 
མེ་ལོང་ཕྱི་དོར།①
                               ___སྙན་ངག་པ་ཞིག་ཚེ་ལས་འདས་པར་ཕུལ་བ།
 
འཆི་བ
མདོག་འགྱུར་བའི་མེ་ལོང
མེ་ལོང་ངོས་སུ་དུས་ཀྱི་དྲི་མ་ཡལ་རྗེས
འཆི་བའི་རང་གཟུགས་ཤར
 
འཆི་བའི་ཕ་རོལ་ན
སླར་ཡང་འཆི་བ་ཡོད
མེ་ལོང་ཇི་ལྟར་ཕྱིས་ཀྱང
ལས་ཀྱི་བཙའ་ཆགས་པ་འདག་ཐབས་མི་འདུག
 
ང་ཚོ
མེ་ལོང་སྲུང་བའི་སྐྱེ་བོ
མེ་ལོང་ནང
གདོས་བཅས་ཀྱི་ཤ་ཁྲག་ཐམས་ཅད་འཇའ་ཚོན་དུ་གྱུར
             ༢༠༢༢.༠༩.༢༠
     ① སྙན་ངག་འདིའི་བསམ་བློའི་རྒྱབ་ལྗོངས་ནི་རོ་བྷེ་ཊི· ལན་ཟ(Robert Lanza)ལགས་ཀྱིས་མཛད་པའི«སྐྱེ་དངོས་ལྟེ་གནས་སྨྲ་བ»དང་«སྐྱེ་དངོས་ལྟེ་གནས་སྨྲ་བ་ལས་འདས་པ»ཞེས་བྱ་བའི་བསྟན་བཅོས་གཉིས་མཇལ་བའི་རྗེས་སུ་རྙེད་པ་ཡིན།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒོ་ཡོན་གྱི་སྙན་ངག་ཆེད་བཀོད།

2023-06-20 སྒོ་ཡོན།(ཁྲིན་ཏུའུ) ཀློག་གྲངས། མཆན ཡོད།

སྒོ་ཡོན།   རྩོམ་པ་པོ་དང་ལོ་ཙཱ་བ། བརྩམས་ཆོས«རང་རིག་རང་གསལ»དང་«སྣང་ཚོར་རོ་མཉམ»སོགས་ཡོད།
 
 ཆུ་ཕོར་པ་གང་།
 
དགེ་འདུན་ཆོས་འཕེལ་གྱིས་ཆུ་ཕོར་པ་གང་ལག་ཏུ་བཟུང་སྟེ
སྐད་ཆེན་པོས
“འདི་བདུད་རྩི་ཡིན་ནམ་རྣག་ཁྲག་ཡིན”
མི་མང་གི་དཀྱིལ་ནས་སྨྲས
 
“སྨྱོན་པ་ཐོན་བྱུང……”
སྨྱོ་ཆུ་འཐུང་བའི་མི་རྣམས་ཀྱིས་འུར་བརྒྱབ
དགེ་འདུན་ཆོས་འཕེལ་ཡང་འུ་ཐུག་པས
མཐར་སྨྱོ་ཆུ་འཐུང་དགོས་པར་གྱུར
 
མི་རིང་བར   མི་རྣམས་ཤི་སོང
དགེ་འདུན་ཆོས་འཕེལ་ཡང་ཤི་སོང
         ༢༠༢༢.༠༢.༠༨
 
ཆོམ་པོ།
 
བུ་མོ་དེས
ངའི་སྙིང་ལ་ཐུག་ཙམ་ཐུག་ཙམ་བྱས
ངའི་མཆུ་ཏོ་ལ་ཐུག་ཙམ་ཐུག་ཙམ་བྱས
སླར་ཡང
ངའི་ཡིག་འབྲུ་དག་ལ་ཐུག་ཙམ་ཐུག་ཙམ་བྱས
 
བུ་མོ་ཐག་རིང་དུ་ཕྱིན་སོང
ངའི་སྙིང
ད་དུང་འདར་བཞིན་འདུག
    ༢༠༢༠.༠༣.༢༠
 
ཡོན་བདག
 
མི་ལ་རས་པ་ཙོག་པོར་བཞུགས་པ་དང
མདུན་གྱི་སྒམ་ཆུང་ལ་གཟིགས
སྒམ་ནང་དུ་གསེར་སྲང་དོ་ཡོད་པ་དྲན
གསེར་སྲང་དོ་འདི་ཡོན་བདག་ཅིག་གིས་ཕུལ་པ་དྲན
ཡོན་བདག་དེས
ད་ལྟ་ཁ་ཟས་ཟ་ཡི་ཨེ་ཡོད
ཡོན་བདག་དེས
ད་ལྟ་ཆུང་མ་ལ་དགའ་མགུར་སྤྱོད་ཀྱི་ཨེ་ཡོད
ཡོན་བདག་དེ
ད་ལྟ་ནད་ཀྱིས་མནར་ཨེ་ཡོད
ཡོན་བདག་དེ
ད་ལྟ་ཤི་ཨེ་ཡོད
གང་ལྟར  སྒམ་ནང་དུ་གསེར་སྲང་དོ་ཡོད
གསེར་སྲང་དོ་ཡོད
      ༢༠༢༣.༠༢.༢༣
 
མཐོང་བ་རྗེན་ནེ་བ།
 
སྒྱུ་མ་མཁན་གྱིས
ནམ་མཁའ་སྟོང་པར་རི་མོ་འགའ་བྲིས
རི་མོའི་ནང
སྤྲིན་པ་ཞོགས
ཆར་པ་བབས
འཇའ་གུར་ཕུབ
 
རི་མོའི་ནང
རེས་འགའ   ཁ་དོག་སྣ་ཚོགས་ནམ་མཁའ་ལ་འཕྲོ
རེས་འགའ   ནམ་མཁའ་ཡང་ཁ་དོག་སྣ་ཚོགས་སུ་གྱུར
 
རི་མོའི་ནང
ཉི་འོད་གཅིག་པུ
ཁུ་སིམ་སིམ
མུན་པ་དང་བྲལ་བའི་ཁེར་རྐྱང་གིས་མནར
 
སྒྱུ་མ་མཁན་གྱིས
རི་མོའི་ནང
རང་ཉིད་སྒྱུ་མ་མཁན་ཡིན་པ་མཐོང
        ༢༠༢༣.༠༣.༢༤
 
མཉམ་པ་ཉིད།
 
མི་ལ་རས་པས་མགུར་བླངས
མགུར་ནང་དུ་བུ་མོ་ཆུང་ཆུང་ཞིག་གི་གླུ་སྐད་གྲག
བུ་མོ་ཆུང་ཆུང་དེ
མི་ལ་རས་པས་སྟོང་ཉིད་དང་དུས་གདབ་ས་ཡིན
སྟོང་པ་ཉིད
བུ་མོ་དེ་དང་དབྱེར་མེད་གྱུར
བུ་མོ་ཡང་སྟོང་པ་ཉིད་དང་དབྱེར་མེད་གྱུར
 
མི་ལ་རས་པས་མགུར་བླངས
མགུར་ནང་གི་བུ་མོ་ཆུང་ཆུང
ག་ལེར་ག་ལེར་སྙིང་ཁར་ལྷུང
 
མི་ལ་རས་པས
བུ་མོ་ཆུང་ཆུང་དེ་ལ་བལྟས་ནས
རང་ཉིད་ཀྱི་རྣམ་པར་རྟོག་པ་བཙལ
        ༢༠༢༣.༠༡.༢༥
 
བལྟ་བྱ་ཐུན་མོང་བ། ①
 
ཕྱི་དྲོ
ཉི་མ་ཧ་ཅང་དྲོ
མི་ཕམ་སྒོར་བུད་ནས་གླལ་བ་ཞིག་བྱས
 
དེ་ཙ་ན
མདུན་ཕྱོགས་ཀྱི་ལམ་རྐེད
མི་ཞིག་ཕར་འགྲོ་བཞིན་འདུག
 
མི་ཕམ་གྱིས་མི་དེར་བལྟས་ནས་དགོད་ཙམ་བྱས
མི་དེས་ཀྱང་ཕྱིར་ཁོ་ལ་བལྟས་ནས་དགོད་ཙམ་བྱས
 
མི་དེ་སྔར་བཞིན་ཕར་ཕྱིན་སོང
མི་ཕམ་གྱིས་སླར་ཡང་གླལ་བ་ཞིག་བྱས་པ་དང
ཕྱིར་ཁྱིམ་དུ་འཛུལ
 
ཕྱི་དྲོ
ཉི་མ་ཧ་ཅང་དྲོ
      ༢༠༢༡.༠༡.༠༣
 ① སྙན་ངག་འདི་ཉིད་སྔར་མི་ཕམ་རིན་པོ་ཆེ་མཆོག་གི«སད་རྨི་རྩོད་པའི་གླུ»དང་ཧྥོ་རེ་ཌི(Sigmund Freud)ལགས་ཀྱི«རྨི་ལམ་གྱི་རྣམ་གཞག»གཉིས་མཇལ་བའི་སྐབས་སུ་བློར་བཀོད་པ་དང་། ཕྱིས་སུ«སྤྲུལ་སྐུ་ཡེ་ཤེས་ལྔ་ལྡན་མི་ཕམ་གྱི་སྒྲུང་»བཀླགས་པ་དང་འཕྲལ་དུ་ཡི་གེར་བཀོད་པ་ཡིན།
 
རྗེ་བཙུན་སྒྲོལ་མ།
 
ཨ་ཁུ་བློ་བཟང
མཆོད་ཁང་ནང་འཛུལ
ཕྱག་གསུམ་བཙལ
 
གློ་བུར་ཡར་བལྟས་ཚེ
མཆོད་སྟེགས་སྟེང
རྗེ་བཙུན་སྒྲོལ་མ་འཛུམ་དམུལ་དམུལ
ཁ་རས་ནབ་མེད་པ་མཐོང
 
དེ་མུར
ཨ་ཁུ་བློ་བཟང་གིས
ཁོ་རང་ཉིད་ཀྱི་ཁ་རས་ཕྱུང་ནས
རྗེ་བཙུན་སྒྲོལ་མའི་ཞལ་ལ་གསོལ
 
རྗེ་བཙུན་སྒྲོལ་མ
སྔར་བཞིན་འཛུམ་དམུལ་དམུལ
      ༢༠༢༠.༠༡.༢༧
 
རྩྭ་འཇག་མ་གཅིག
 
ང་རང་སར་བསྡད་མ་ཐག
མདུན་དུ་རྩྭ་ཕུང་ཞིག་སྐྱེས་པ་མཐོང
 
ལག་པ་ཕར་བསྲིངས་ཏེ
རྩྭ་རྐང་གཅིག་མཛུབ་མོའི་བར་ལ་བཅུར
རྩྭ་ཐུར་དུམ་བུར་ཆག
 
རྩྭ་ཐུར་སྣེ་མོ་སར་ལྷུང་འཕྲལ
ང་རང་འགྱོད་པ་སྐྱེས
 
“རྩྭ་ཐུར་འདི་ཅིའི་ཕྱིར་གཅོག་དགོས”
ངའི་སེམས་སུ་དེ་ལྟར་དྲན་བཞིན
ཡང་ལག་པ་ཕར་བསྲིངས
……
        ༢༠༡༩.༠༩.༡༣
 
མེ་ལོང་ཕྱི་དོར།①
                               ___སྙན་ངག་པ་ཞིག་ཚེ་ལས་འདས་པར་ཕུལ་བ།
 
འཆི་བ
མདོག་འགྱུར་བའི་མེ་ལོང
མེ་ལོང་ངོས་སུ་དུས་ཀྱི་དྲི་མ་ཡལ་རྗེས
འཆི་བའི་རང་གཟུགས་ཤར
 
འཆི་བའི་ཕ་རོལ་ན
སླར་ཡང་འཆི་བ་ཡོད
མེ་ལོང་ཇི་ལྟར་ཕྱིས་ཀྱང
ལས་ཀྱི་བཙའ་ཆགས་པ་འདག་ཐབས་མི་འདུག
 
ང་ཚོ
མེ་ལོང་སྲུང་བའི་སྐྱེ་བོ
མེ་ལོང་ནང
གདོས་བཅས་ཀྱི་ཤ་ཁྲག་ཐམས་ཅད་འཇའ་ཚོན་དུ་གྱུར
             ༢༠༢༢.༠༩.༢༠
     ① སྙན་ངག་འདིའི་བསམ་བློའི་རྒྱབ་ལྗོངས་ནི་རོ་བྷེ་ཊི· ལན་ཟ(Robert Lanza)ལགས་ཀྱིས་མཛད་པའི«སྐྱེ་དངོས་ལྟེ་གནས་སྨྲ་བ»དང་«སྐྱེ་དངོས་ལྟེ་གནས་སྨྲ་བ་ལས་འདས་པ»ཞེས་བྱ་བའི་བསྟན་བཅོས་གཉིས་མཇལ་བའི་རྗེས་སུ་རྙེད་པ་ཡིན།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།