བསོད་ནམས་དབང་པོའི་སྙན་ངག་བདམས་བཀོད།

བསོད་ནམས་དབང་པོ།(ལྷ་ས) 琼迈文学网 2024-11-06

བསོད་ནམས་དབང་པོ། གཅིག་དགུ་གོ་བདུན་ལོར་རྫ་ཆུ་ཁའི་འབུམ་གསར་སྡེ་བར་སྐྱེས། འཁྱམ་ཉུལ་གྱི་འཚོ་བའི་ཞོར་དུ་གཞན་ལ་ལས་གཡོག་ཏུ་རྒྱུག་ཅིང་རྩོམ་ཡིག་སྣ་ཚོགས་ཀྱང་ཀུན་གྱི་གཟིགས་མོར་སྤེལ་གྱིན་ཡོད། གཉིས་ཐིག་བཅོ་བརྒྱད་ལོར་སྙན་དེབ《ཇག་གླུ》ཞེས་པ་སྒོར་བཏོན།
 
ཉིན་ཞག་གྲངས་མེད་པའི་རབ་ཁ་བརྒལ་བ།

མཛེ་ནད་ཀྱིས་མནར་ཏེ་མལ་ཁྲིར་ལྷུངས་པའི་གྲོང་ཁྱེར་འདིར
ས་རུབ་ནས་རྒྱང་མིག་ཆད་རྒྱུར་ད་དུང་ཆུ་ཚོད་ཕྱེད་ཙམ་ཡོད
ཟ་ཟིའི་འོད་ངོགས་ན་འཕྱོ་བའི་སྐྲ་ལོ་དང་ཝུ་ཆང་གི་དྲི་ངད་ལས
ང་རང་རྦད་དེ་འཐོམས་སྦྲིད་སོང་ངམ  ཡང་ན་རྨི་ལམ་གཏོང་གིན་ཡོད
ངའི་ནང་གི་ཡུལ་ལྗོངས་ཧྲིལ་བོ་མུན་ནག་འཐིབས་ཤིང་སྣང་བ་རུབ

ཨར་ཁང་ཞིག་ནས་སྒོར་ཐོན་དུས
ལག་ཁྱེར་ཁ་པར་ངོས་ཀྱི་ཟླ་ཚེས་འཆོལ་ཉོག་ཕྱིན་འདུག
བོད་རྩིས་ཀྱི ༢༠༢༡ གི་ཟླ་བ ༡༢ པའི་ཚེས ༢༧ རེད
དཔེ་མི་སྲིད   ངའི་མིག་ལྕིབས་བར་ལ་ཅི་ཞིག་འཛུལ་ཏེ་གསལ་པོ་མཐོང་གིན་མེད་ཚོད

ཆུ་ལོག་བཞིན་ག་ས་གང་ནས་བཞུར་ཡོང་པའི་མི་ཚོགས་ཁྲོད་དུ
ང་ལ་ངོ་ཤེས་པ་གཅིག་ཀྱང་མི་འདུག
ནམ་རྒྱུན་ལྟར་རྒྱུས་ཡོད་ཀྱི་སྲང་ཤུར་རེ་རེ་བརྒྱུད་དུས
ངའི་རྗེས་སུ་འདྲེ་འཁོར་བ་ལྟར  རྒྱུས་མེད་པའི་ངོ་གདོང་དེ་དག་གི་འཚང་ག་ཤིག་ཤིག
སྲང་ལམ་ཧྲིལ་བོ་ཁོ་པ་ཚོའི་ཀླག་ཅོར་དང་འཁྲུག་ཟིང་གིས་འཁྱག་རེངས་སུ་བསྒྱུར

དེ་རིང་ལམ་ནོར་ཐེབས་སོང་དྲན་ནས
ཁ་ཕྱིར་རྒྱབ་ཕྱོགས་ལ་འཁོར་དུས
འབར་མདེལ་གཅིག་གིས་དམྱལ་བའི་ཆོ་ངེ་འབོད་པའི་ཡུག་རེན་ལ་སླེབས་བཞག
ཨ་ཁ་ཁ   ང་རང་ཚ་འཁྲུལ་འགྲོ་ཡི་འདུག་གམ
ཡང་ན  གསར་འགྱུར་གྱི་ཆུ་ཀླུང་གིས་ཐག་རིང་ལ་འཁྱེར་འགྲོ་བཞིན་ཡོད

མཁའ་འགྲོ  རྨི་ལམ་དེའི་དམག་འཁྲུག་ཁྲོད་དུ
ང་ནི་རྐང་རྗེན་ངང་རྩྭ་རྩེའི་ཟིལ་བ་འགོམ་བཞིན
རྩེད་འཇོའི་དགའ་སྣང་སྦྲུམ་སྟེ   ཁྱོད་སར་རྒྱུག་འོང་གིན་འདུག
སྐད་ཅིག་མ་དེར མགོ་ཐོག་གི་ནམ་མཁའ་དུ་སྨུག་གིས་བཏུམས་ཤིང
ས་གཞི་རྫས་མདེལ་གྱིས་རྨས་པ  ཁ་དབུགས་ཁྲོད་ནད་དུག་གིས་ཁྱབ་པ་སོགས་ལ་སྣང་བ་འཇོག་ཁོམ་མ་བྱུང

ས་ནག་གི་བརྩེ་སེམས།

ཀོག་ཧྥེ་ཁང་ལ
མེ་ཏོག་གི་རྫ་བུམ་བདུན་ཡོད
ད་ལྟ་གསུམ་མམ་བཞི་ལས་མེད
གཟའ་འཁོར་རེར་གཅིག་རེ་ཤི་སོང

རྫ་བུམ་དང་པོའི་མེ་ཏོག་གི་བེམ་པོ
ས་ནག་ལས་བལ་ཏེ་སྙིགས་སྒམ་ནང་འཕངས
དཔྱིད་ཀ་བསླེབ་ངེས
དུས་དེར་ས་བོན་གསར་པ་ཞིག་འདེབས་དགོས་སྙམ

གཉིས་པ་དང་གསུམ་པའི་བེམ་པོ
རྫ་བུམ་དུ་ཉིན་འགར་བསྐྱུར་ནས་ལུས

མེ་ཏོག་གི་རྫ་བུམ་རེ་རེར
ཞོགས་པར་ཆུ་གཙང་གཏོར
ཉི་འོད་ཀྱི་ཁ་དབུགས་ལ་བཅོལ
དེ་རྗེས་གྲལ་འགྲིག་པོའི་ངང
སྟེགས་བུར་བཤམས་ཚེ
སྙིང་རྗེ་པོ་ཞིག་ཆགས་ཀི་ཡོད

འོན་ཏེ  སྔར་བཞིན་འཆི་བ་ལ་བཀྱེད་མ་ཐུབ

ཤུལ་དུ་ལུས་པ་དེ་དག་ཀྱང
ཉིན་རེ་བཞིན་མདངས་ཡལ་ཞིང་རྒུད་པར་ཕྱོགས
ང་རང་འཆི་རྐྱེན་མ་ངེས་པ་འདི་ལ
འུ་ཐུག་པར་གྱུར

ཐག་རིང་གི་ཞིང་གྲོང་།

ཉི་ནུབ  སྲང་ཀྱོག་གི་འཁྲུག་ཟིང་ལ་བསྙེས
སྟོན་ཟླ་འབྲིང་པོར  
ཁོ་རང་ལ་ཡང་སྐྱོ་ངལ་ཞིག་ཡོད་བཟོ་འདུག
ས་རྡོ་སློག་མཁན་དང  སྟོན་ལོ་སེར་པོ་དག་ཕྱགས་དར་མཁན
ཁོ་པ་ཚོའི་ངལ་རྩོལ་གྱི་རྔུལ་ཆུ
བསིལ་རླུང་གིས་དགུན་ཁའི་ཕྱོགས་སུ་ཁྱེར

ཁ་སང་ནས་རི་རྩེ་ན་ཁ་བ་བཞག་འདུག
ཁ་སང་ནས་སོ་ནམ་པའི་གཞོན་ནུ་ཕོ་མོ
གྲིབ་ནག་བརྩེགས་པའི་གྲོང་ཁྱེར་གྱི་སྲིབ་ཏུ
གཅིག་འཕྲོར་གཉིས་བྱས་ཏེ་བསླེབ་ཡོང་གིན་འདུག

ཐག་རིང་གི་ཞིང་གྲོང
རྒྱང་རིང་ཡལ་གྱིན་པའི་རྒྱབ་གཟུགས་ལ་ཅེར་བ་བཞིན
སྐྱ་ཐིང་ངེར  འཇམ་མག་མོག
ལོ་ལེགས་བསྡུ་དུས་ཀྱི་ཁྲག་དང་མིག་ཆུ་ཡང

“ལྷམ་མགོ་ཕྱིས ལྷམ་མགོ་ཕྱིས”
ལུང་ཁུག་གི་སྐད་གཤིས་འདྲེས་པའི་འབོད་སྒྲ
གོམ་པ་འགའི་རྗེས་སུ་ཡལ་འགྲོ
ཡང་བསྐྱར་གོམ་པ་འགའི་རྗེས་སུ་གྲག་ཡོང

ཨ་ཅག་ལགས  ལྷམ་མགོ་ཕྱིས
རྒན་ལགས  ལྷམ་མགོ་ཕྱིས

རླངས་འཁོར་གྱི་དུང་བརྡ་རིང་པོ་དག་གིས
མཚན་མོ་འབོད་པ་གཏོང
བྱིས་པ་ཆུང་ཆུང་དེས་མཛུབ་མོ་གཅིག
རང་གི་ཁ་ནང་ལ་བཅུག་སྟེ
སྐར་ཚོགས་ཀྱི་མཚེར་ཤུལ་ལ་ཡར་ཡར་བལྟ

ང་རང་སྡོད་ཤག་ལ་སླེབས་ནས
གློག་བཀར་བའི་མཐེབ་སྒོ་མནན་ཙ་ན
དེས་ཀྱང་ལྷམ་མགོ་ཕྱིས་ཞེས་པའི་སྒྲ་གྲག་བྱུང

ཞོགས་པའི་སྙན་ངག

ཞོགས་པ་སྔ་མོ་འདིར
ང་རང་པཱ་ལགས་ཀྱི་དགེ་སྦྱོར་གྱི་དབྱངས་རྟའི་ཁྲོད
གཉིད་ལས་སད

ཕྱི་རོལ་ཏུ་ཞིབ་ཀྱིས་ཉན་ཚེ  
ཞོགས་ཆར་ནི་ནད་དང་ཚ་གདུག་གིས་ཉེན་པའི་ཚེ་སྲོག་གི་གཏིང་དུ
བྱམས་བརྩེ་དང་སྙིང་རྗེ་ཆེན་པོའི་ངང་སིམ་གྱིན་འདུག

བྱེའུ་སྐད་ཀྱ་ཀྱུར་གྱི་འགྱུར་ཁུགས་ལས
ང་ལ་མལ་ལས་ལྡང་འདོད་ཀྱི་སྤྲོ་བ་བསླངས་བྱུང

ང་ཡིས་ལག་པ་བརྐྱངས་ཏེ་ཕྱེས་པ་ནི
ཁང་བའི་སྒོ་ཡིན་མོད
ཆར་སྨུག་འཁྲིགས་པའི་ཡུལ་ལྗོངས་ཀྱི་ལག་པས
ངའི་སེམས་ཀྱི་སྒོ་གླེགས་ཕྱེས་སོང

མིག་རྒྱང་གང་ལ
སྟོན་ཁ་སླེབས་འདུག
རང་ཁྱིམ་ནས་སྐྱ་ཤུར་རེར་ཐག་རིང་ལ་བསྲིངས་པའི་ལམ་གྱིས
ང་རང་ཆུང་དུས་ཀྱི་དབྱར་གཞུང་ལ་ཁྲིད

སླར་ཁྱིམ་དུ་འཛུལ་ནས
ཕོར་ཁར་འཁྱིལ་བའི་འབྲི་མར་སེར་པོ་དེར་ལྟ་སྐབས་ཀྱང
རུ་བ་དབྱར་མཚེར་ན་ཡོད་སྣང་སྐྱེས་བྱུང
ཨ་མའི་ཕྱག་ཡ་གཅིག་གིས
སྒོའི་སྲིབ་ཁ་དེ་ནས་ཡར་འགྱོག་གིན
ཕྱི་ནས་ནང་ལ་བསླེབ་འོང་སྣང་འཁོར་བྱུང

རྣམ་རྟོག་དང་པྲོག་གསར།

གྲོང་ཁྱེར་ནི་གཟུགས་མེད་ཀྱི་རྩིག་པ་མཐོན་པོ་སྟེ
སྐྱེ་བོ་བརྒྱ་ཕྲག་གཅིག་ཏུ་བསྡུས་པའི་བཙོན་ར
ངས་ཁྱོད་ལ་སྒུག་པའི་ཕྱི་དྲོ་འདི
འཆི་ཁ་མའི་མི་ཞིག་གི་གྲོགས་པོ་དང་ཉེ་ཚན་ནང་བཞིན
འཚུབ་ཆ་ཕྲན་བུ་དང་བྲེལ་དངངས་བཅས་ཀྱིས་བསྐུལ
པྲོག་གསར
ནད་འབུ་ཕྲ་མོ་ཞིག་ནས་སྲོག་གཅོད་ཀྱི་སྟ་རེར་གྱུར
ཁྱོད་རང་ཁོ་ཚོར་རྣམ་རྟོག་ཟོས
ཡུལ་ལྗོངས་རྣམས་རྒྱ་ཆུང་དུ་ཕྱིན་ཏེ
རང་ལུས་ཙམ་ཡང་མི་ཤོང
ཁྱོད་ཀྱི་རྣམ་རྟོག  ལྟག་ཀར་དགྱེས་ཏེ་བརྔུབས་པའི་ཐ་མ་ཁའི་རྡུལ་བཞིན
མཇུག་མཐར་རང་གི་བྲང་ཁར་མར་ལྷུང
       ༢༠༢༢ ༧ ༢༧ ཁྲིན་ཏུའུ།

དུས་ད་ལྟ།

དེའི་རྗེས་སུ
ཁྱོད་ཀྱི་གྲོགས་པོ་ཚོ་དང་ང་ཚོ་ཐེངས་ཁ་ཤས་ལ་འཛོམས
ང་ཚོའི་བར་གྱི་མཛའ་བརྩེ
འཕྲུལ་ཆས་ཀྱི་ལྷུ་ལག་ཅིག་ལྟར
དུས་ཚོད་ཀྱིས་རྙིང་གིན
ཡིད་རྟོན་གང་ཡང་མེད་པ་ཞིག་ཏུ་གྱུར

ད་ལྟ་ང་ལ
ཐག་རིང་ཤམ་བྷ་ལའི་ལྗོངས་ལྟ་བུའི་
སྔོན་ཆད་ཀྱི་འཆར་སྒོ་ཡངས་པོ་དེའང་མེད
ཁྱོད་རང་བཞུད་པ
དེ་འདྲའི་གློ་བུར་བའི་སྒང་ལ
ཨ་མའི་ལང་ཚོ་དང་མཉམ་དུ་སྨིན་པའི་དུག་དེས
མེ་ཏོག་གི་རྫ་བུམ་སིལ་བུར་བཅག
ང་རང་མྱ་ངན་གྱི་ངག་ཀྱང་ལྐུགས་པར་བཏང

ཐ་སྙད་རྣམས
རྐང་ལག་གྱོལ་བའི་མི་ཞིག་ལམ་ལ་འགྲོ་བ་བཞིན
ཚིག་རྣམས
ལོ་འདབ་འབུས་པའི་ཡལ་ག་རྩད་པ་དང་བྲལ་བ་བཞིན
མི་རྟག་པའི་ཆུ་ལ
བརྒལ་ཅིང་སླེབས་པའི་སྐྱེ་བ་གྲངས་མེད་ཀྱང
བརྗེད་ངས་ཁོ
རྒྱལ་པོ་ནང་བཞིན་དབང་ཆེ་བས

ཡུལ་གྱར་གྱི་ལུས་པོའི་རྐང་གི
དྲོད་ཀྱི་མེ་སྟག་དེ་ཤི་བར་གྱུར་པས
ངའི་འཚོ་བའི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན
འུ་གཉིས  ཆུ་འགྲམ་ཞིག་གམ   
རི་སུལ་གྱི་མིག་རྒྱང་ཡངས་ས་ཞིག་ནས
ཝུ་ཆང་དམ་བུ་གང་རྔམ་འཐུང་བྱེད་པའི
ཁོམ་ལོང་དེ་ཙམ་ཡང་ད་ལྟ་མེད

འཇིག་ཉེན་གྱི་བཟོ་གྲྭ་འདི་རུ
ངས་རང་ཉིད་ཆུ་ནག་ལས་ཞིབ་པའི་འཕྲུལ་ཆས་ཤིག་ཏུ་མགར་གྱིན་ཡོད
ཉིན་མཚན་མཐུད་དེ
གསོག་གསོབ་ཀྱི་ངོས་དེ་གཞན་ལ་སྦེད་པའི་ཐབས་ཤེས་རྩོམ་གྱིན་ཡོད
             ༢༠༢༣། ༣། ༩། ཞོགས་པ་ལྷ་སར།

གནམ་ཐང་གི་མགྱོགས་བྲིས།

ལན་ཅིག་ཐོབ་པ་མི་ཡི་ལུས་རྟེན
དགའ་སྡུག་འདུ་བྲལ་བྱེ་བ་ཁྲག་ཁྲིག

མ་མཐོང་རྒྱང་གཡེར་གླིང་སྟོད་མཛོད་དགེའི
ཨ་ཅག་ལགས་དེ་གདུང་བའི་སྣོན་མ

ཆར་ཞོད་ཆེ་བ་ཕྱི་དྲོའི་གནམ་ཐང
སྤྱན་ཆབ་ལོ་མའི་ཟིལ་པ་བྲུལ་གྱིན

ཕྱིར་ལ་འཁོར་བ་རྒྱབ་གཟུགས་མག་མོག
དམིགས་སའི་ཡུལ་དེ་ཐག་རིང་ཐག་རིང

ང་ཉིད་ལོག་ཡུལ་མེད་པའི་མགྲོན་པོ
རྣམ་ཤེས་བཞིན་གྱི་བར་དོའི་མགྲོན་པོ

འཇིག་རྟེན་ཁམས་ནི་ཟང་ཟིང་ལང་ལོང
རྐང་ཟུང་ངལ་ཡང་ཨ་ཐང་གར་གསོ
       ༢༠༢༣། ༡། ༡༤། NingBo

སྙིང་གི་ནོར་བུ།

ནོར་བུ  ངའི་རྣམ་རིག་ཇེ་གསལ་དུ་འགྲོ་ཡི་འདུག
མཚན་གུང་ལ་སླེབ་པར་ཉེ
མུན་ནག་གི་མཆེ་སྡེར་གྱིས་ངོ་གདོང་དེ་དག་མག་མོག་ཏུ་བཏང་སོང་མོད
ཉི་མ་ནུབ་རི་ནས་སྤྱི་བོའི་རྩ་དབུ་མ་བརྒྱུད་དེ་ངའི་ཀླད་པའི་ནང་ཞུགས་པ་འདྲ
ཆོས་ཐམས་ཅད་ཀྱི་ངོ་བོ་གསལ་རྗེན་དུ་སྣང་ཡོང
འཇིག་རྟེན་འདི་ནས   ཕན་ཚུན་འདྲིས་པ་འདྲ་ཨང
བརྡ་སྤྲོད་དང་ཆས་ལུགས་ཀྱང་ཁྱད་མི་ཕྱེད
ཁ་རྩོད་ཆུང་ངུས་རྒྱུས་མངའ་མེད་པའི་ཚུལ་ཡང་སྟོན་ཏེ
ཞི་བསིལ་གྱི་གདོང་པ་ཁྲོ་ལྕགས་ཤིག་ལྟར་སྔོ་ནག་འགྱུར
སྙིང་གི་ནོར་བུ   སྐྱ་རེངས་ཀྱིས་འུར་ཟིང་གི་མེ་ཁ་གསོས་ནས་སླེབས་བྱུང
ངའི་རིག་པ་ཉབ་ཉོབ་ཏུ་འགྱུར་འགྲོ་བཞིན་འདུག
གསོན་དགོས་པའི་རྒྱུ་མཚན་ནི་ཤམ་བྷ་ལ་འཚོལ་བ་རེད་དམ

ཡང་ན་སང་ཉིན།

ཉི་རྩེ་ཕོག་པ་དང་དུས་གཅིག
འཆི་བ་བསིལ་རླུང་གི་རྒྱུ་བར་འགྲོགས་འདུག

ཁ་ཆེམས་ཡི་གེའང་འབྲི་ལོང་མ་བྱུང་པར
ང་དང་ངའི་གཤེགས་ཟིན་པའི་ཨ་མ་ལགས་མཇལ་འཕྲད་བྱུང

ཨ་མའི་དགུང་ལོ་གཞོན་དུ་མ་སོང་ལ
རྒ་རུའང་ཕྱིན་མེད  ཁོང་ཉིད་གྲོངས་ཁའི་ན་ཚོད་དེར་ཡོད

ངས་རང་གི་ཤ་ཉེ་འབྲེལ་དང་སྤུན་མཆེད་དག
བྲེལ་འཚུབ་བྱེད་བཞིན་པ་མཐོང་ཐུབ་ཀྱང
ཁོ་ཚོར་དལ་ཙམ་གནང་རོགས་ཞེས
སྐད་ཆ་ཤོད་མི་ནུས

དེ་སྔོན
ཐེ་ཚོམ་དང་དོགས་འཚེར་བྱ་ཡུལ་དེ་དག
ད་ལྟ   ང་ཡིས་ཆུ་དྭངས་མོའི་འོག་གི་རྡེའུ་ནང་བཞིན
གསལ་པོར་མཐོང

དུས་ཚོད་ཀྱི་བཞུར་རྒྱུན།

ཕྱི་དྲོ་འདི་ལ
ང་རང་ཐག་རིང་པོར་སླེབས
བརྒྱུད་ཡོང་པའི་ལམ་བུ་ཕྱིར་མིག་གིས་མི་ཟིན
གང་ལ་འགྲོ་དགོས་པའི་དམིགས་པ་ནི
སྔར་ནས་མེད་ཀྱང
ད་ལྟའང་མི་འདུག
ཞོགས་པའི་དུས་སམ
རྨི་འཁྲུལ་བྱུང་བའི་དུས་གང་རུང་ཞིག་ལ
ང་ཚོ་རི་རྩེ་རུ་སླེབས
ཐང་ལ་ལྟ་དུས
རུ་བ་རྣམས་ལྡེབས་རིས་ཤིག་གི་ལོགས་སུ་མཆིས
ཆར་ཆུས་ལོ་མང་ལ་བཀྲུས་པ་ཡིན་ཚོད
ཁ་དོག་ཡལ་ཟིན
ངའི་བརྩེ་དུང་དང  ལྷག་བསམ
ཚོང་པ་ག་གེ་མོའི་ལག་ན་འཚོང
དེ་ཙམ་གྱིས
ང་ཚོ་ཕན་ཚུན་གྱི་དགྲ་བོར་གྱུར་མེད་ཀྱང
སྔར་གྱི་རྒྱུས་མངའ་རྣམས་ནི་སྟོང་པར་གྱུར་ཟིན

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བསོད་ནམས་དབང་པོའི་སྙན་ངག་བདམས་བཀོད།

2024-11-06 བསོད་ནམས་དབང་པོ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།