1999ལོར་བྲིས་པའི་སྙན་ངག་བཅུ་ཚན་མ། (ཁག་དང་པོ)

IMG_4563.JPG

                      མི་ནི་གད་སྙིགས་རེད།



ནང་ཁྲོལ་ནི་བསམ་བློ་སྡོམ་བྱེད་ཀྱི་ཐག་པ་ཁ་ཤས་དང་མཚུངས
ཅི་མི་སྙམ་པར  རང་ཉིད་ཧ་ཅང་ཆུང་བའི་སྡོད་ཁང་ལ་བཅུག་སྟེ
འབུ་སྲིན་གྱི་གསེབ་ནས་ཀུ་རིང་འདེབས་དུས
འཚོ་བ་ལས་སྐྱུར་དྲི་བྲོ་བའི་ནག་ཉེས་འཕྱུར
གདོང་ལ་འགོས་པའི་རིག་གནས་ཀྱིས
མིག་ཟུང་གི་དྲོད་ཚད་དམའ་ནས་དམའ་རུ་བཏང

ཉི་འོད་དང་དུས་ཚོད་ལ་བརྩི་བཀུར་བྱེད་པའི
མི་ནི་གད་སྙིགས་རེད།

              2/25/1999 ཆུ་ཁ་མ།

                     གྲོགས་པོ་ཚོ།

གྲོགས་པོ་ཚོ་སྙན་ངག་པ་ཡིན་ཡང་སྲིད
ལམ་ལ་ཆས་དུས གཏམ་རྒྱུད་ཟ་འདོད་ཀྱི་བཀྲེས་སྐོམ་མྱངས
མདུན་གྱི་གྲོང་ཚོ་དེར་བུད་མེད་ཡོད་མེད་བཤད་དཀའ

གྲོགས་པོ་ཚོ་ཕན་ཚུན་གྱི་རུས་གསེང་དུ་འཚངས
ཁྲག་དང་སྡུག་སྨྲེ་ལ་ཆགས་པས
ཟླ་འོད་བསྐྱུར་ནས་ཐག་རིང་ལ་བྲོས

ཤ་ཁྱི་དེས  གྲང་ཞིང་དམར་བའི་སྨྲ་ལྕེ་སྣར
ཡང་ནས་ཡང་དུ

            2/25/1999 ཆུ་ཁ་མ།

                       ཁ་པར་གྱི་སྣེ་མོ།

            ༡


སྐད་ཆ་དེར་ཚོས་རྩི་བྱུགས་རྗེས
ངས་ཁ་པར་གྱི་སྣེ་མོ་ནས་ཁྱོད་ཉིད་བསད

             ༢


ཅི་ཞིག་བཤད་པར་རྩོམ་དུས
མགྲིན་པའི་སྦུབས་སུ་སྦྲང་མ་འགའ་འདར

             ༣
ཁྱོད་ལ་བརྗོད་ཆོག་པའི ཉམ་ཆུང་གི་སྙན་ངག
གློག་འོད་དམར་པོ་དེས་གློ་བུར་བཀག

              ༤
སྐད་ཆ་དེར་ཚོས་རྩི་བྱུགས་རྗེས
ངས་ཁ་པར་གྱི་སྣེ་མོ་ནས་ཁྱོད་ཉིད་བསད།

                  3/21/1999 གཙོས།

                      ཁང་སྟོང་།

ཅ་ལག་དེ་དག་ལ་གློ་མཆིན་བྲལ
རང་ཉིད་གློག་འོད་དུ་བཅུག་རྗེས
གཡའ་དག་པ་མཐའ་དག་མུན་པར་གྱུར
རྡུལ་གྱི་ཕྱེ་མས ཁྱོད་ལ་བརྩེ་དུང་མི་གནང

ཁང་སྟོང་ཞིག་ཡིན་པ་གཞི་ནས་ཤེས་བྱུང་།

             3/25/1999 བླ་བྲང་།

                      བདག་གི་ལམ།

མེ་ལྕེ་དང་གསེར་དངུལ་འགྱེད་པའི་དཔལ་འབར་ཡང་མེད
རང་ལ་བཟོས་པའི་པགས་པ ས་གཞི་སྔོན་པོ་ཞིག་ཏུ་གྱུར།

             26/3/1999

                      བུ་མོ།

ཁྱོད་ཀྱི་ལུས་དྲི་འགོས་པའི་མལ་ཁྲི་ལ  རུལ་སུངས་མེད
ཉམ་ཐག་པའི་མིག་གིས འདོད་ཆགས་དང་བཅས
ཟོལ་བཅོས་ཀྱི་སེམས་པ་ཞིག་ཕམ་པར་བརྒྱབ

བུ་མོ  ཁྱོད་ནི་ཁ་རོག་ཏུ་སྡོད་པའི་སྒྲུང་མཁན་ཞིག་རེད།

            26/3/1999 བླ་བྲང་།

                     ལྕགས་དྲའི་ནང་ནས་གྲོགས་པོར་ལྟ་བ།

ཁྱོད་ཀྱིས་སྨིན་མ་གཤོག་པ་བཞིན་རྐྱོངས་དང
སྐྱི་གཡའ་བའི་གཉེར་རིས་བསུབ་མཁན་ལ
གསེར་འོད་འཚེར་བའི་དབྱངས་ཡིག་དང
བཀོད་འདོམས་གང་ལའང་མི་ཉན་པའི
མེ་ཏོག་ལྡོམ་པོ་ཞིག་ཡོད་ངེས།

               27/3/1999 བླ་བྲང་།

                       ཉི་འོད།

ཁང་མིག་རེ་རེ་དང  གསེར་དངུལ་གྱི་རུས་པ་གསལ་བར་བྱས
བརྗོད་དུ་མེད་པའི་ན་ཟུག་ཀྱང་བསླངས
ལག་དམར་གྱི་ངོ་གདོང་ལའང་དྲོད་འཇམ་སྦྱིན
ཉི་འོད  གདུག་རྩུབ་ཀྱི་ལག་པ་གང་གིས་དྲངས་སམ།

                 1/4/1999 གཙོས།

                      འབུ།

ཕྱི་ཤུན་ནི་ཤོག་བུ་ཡིན་ན
དེའི་སྟེང་དུ་གཤོག་པའི་སྐོར་གྱི་སྙན་ངག་ཅིག་འབྲི

སྡོད་ཁང་མེད་པའི་ནམ་མཁའ་ཡངས་པོ
བརྩེ་དུང་ཞུགས་སའི་ཁྲག་ཐིགས་ཀྱིས  མི་སྦགས་པར་སྨོན

མེ་ཏོག་དེ་གཙང་བོས་འཁྱེར་དུས
ང་ལའང་འདབ་མ་ཞིག་བགོ་སྐལ་དུ་སྟེར་རོགས།

             5/4/1999 རྨ་ཆུ།

                      ཁྱོད་ཀྱང་མགྲོན་པོ་ཞིག་གོ

ཕྱིར་ལྟ་དུས  རྫ་རི་དེའི་རྩེ་ལ་མིག་ཆུ་ཞིག་མི་ལྷུང
ཁྱོད་ཀྱི་པགས་པ  ཤེལ་དང་ཚོན་རྩི་སྣ་ཚོགས་ཀྱིས་གྲུབ
ཕན་ཚུན་བར་གྱི་གྱང་རྫོབ་ངོས་སུ
མུན་ནག་འདམ་བག་བཞིན་འབྱར
གོམ་པ་གཅིག་གིས་ཀྱང  ནག་ཉེས་ཤིག་བསགས་ཡོད་མེད
མེ་ལོང་དང་རྩིབས་མ་ལྟར་གཤར་བའི་ཐ་སྙད་ལ་འདྲི
འོན་ཀྱང  བུ་མོ
བདག་གི་ཀུན་སྤྱོད་ལས་གྲོལ་བའི  ཤ་ཁྲག་གི་མདུན་དུ
ཁྱོད་ཀྱང་མགྲོན་པོ་ཞིག་གོ།

                     6/4/1999 གཙོས།

 

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

1999ལོར་བྲིས་པའི་སྙན་ངག་བཅུ་ཚན་མ། (ཁག་དང་པོ)

IMG_4563.JPG

                      མི་ནི་གད་སྙིགས་རེད།



ནང་ཁྲོལ་ནི་བསམ་བློ་སྡོམ་བྱེད་ཀྱི་ཐག་པ་ཁ་ཤས་དང་མཚུངས
ཅི་མི་སྙམ་པར  རང་ཉིད་ཧ་ཅང་ཆུང་བའི་སྡོད་ཁང་ལ་བཅུག་སྟེ
འབུ་སྲིན་གྱི་གསེབ་ནས་ཀུ་རིང་འདེབས་དུས
འཚོ་བ་ལས་སྐྱུར་དྲི་བྲོ་བའི་ནག་ཉེས་འཕྱུར
གདོང་ལ་འགོས་པའི་རིག་གནས་ཀྱིས
མིག་ཟུང་གི་དྲོད་ཚད་དམའ་ནས་དམའ་རུ་བཏང

ཉི་འོད་དང་དུས་ཚོད་ལ་བརྩི་བཀུར་བྱེད་པའི
མི་ནི་གད་སྙིགས་རེད།

              2/25/1999 ཆུ་ཁ་མ།

                     གྲོགས་པོ་ཚོ།

གྲོགས་པོ་ཚོ་སྙན་ངག་པ་ཡིན་ཡང་སྲིད
ལམ་ལ་ཆས་དུས གཏམ་རྒྱུད་ཟ་འདོད་ཀྱི་བཀྲེས་སྐོམ་མྱངས
མདུན་གྱི་གྲོང་ཚོ་དེར་བུད་མེད་ཡོད་མེད་བཤད་དཀའ

གྲོགས་པོ་ཚོ་ཕན་ཚུན་གྱི་རུས་གསེང་དུ་འཚངས
ཁྲག་དང་སྡུག་སྨྲེ་ལ་ཆགས་པས
ཟླ་འོད་བསྐྱུར་ནས་ཐག་རིང་ལ་བྲོས

ཤ་ཁྱི་དེས  གྲང་ཞིང་དམར་བའི་སྨྲ་ལྕེ་སྣར
ཡང་ནས་ཡང་དུ

            2/25/1999 ཆུ་ཁ་མ།

                       ཁ་པར་གྱི་སྣེ་མོ།

            ༡


སྐད་ཆ་དེར་ཚོས་རྩི་བྱུགས་རྗེས
ངས་ཁ་པར་གྱི་སྣེ་མོ་ནས་ཁྱོད་ཉིད་བསད

             ༢


ཅི་ཞིག་བཤད་པར་རྩོམ་དུས
མགྲིན་པའི་སྦུབས་སུ་སྦྲང་མ་འགའ་འདར

             ༣
ཁྱོད་ལ་བརྗོད་ཆོག་པའི ཉམ་ཆུང་གི་སྙན་ངག
གློག་འོད་དམར་པོ་དེས་གློ་བུར་བཀག

              ༤
སྐད་ཆ་དེར་ཚོས་རྩི་བྱུགས་རྗེས
ངས་ཁ་པར་གྱི་སྣེ་མོ་ནས་ཁྱོད་ཉིད་བསད།

                  3/21/1999 གཙོས།

                      ཁང་སྟོང་།

ཅ་ལག་དེ་དག་ལ་གློ་མཆིན་བྲལ
རང་ཉིད་གློག་འོད་དུ་བཅུག་རྗེས
གཡའ་དག་པ་མཐའ་དག་མུན་པར་གྱུར
རྡུལ་གྱི་ཕྱེ་མས ཁྱོད་ལ་བརྩེ་དུང་མི་གནང

ཁང་སྟོང་ཞིག་ཡིན་པ་གཞི་ནས་ཤེས་བྱུང་།

             3/25/1999 བླ་བྲང་།

                      བདག་གི་ལམ།

མེ་ལྕེ་དང་གསེར་དངུལ་འགྱེད་པའི་དཔལ་འབར་ཡང་མེད
རང་ལ་བཟོས་པའི་པགས་པ ས་གཞི་སྔོན་པོ་ཞིག་ཏུ་གྱུར།

             26/3/1999

                      བུ་མོ།

ཁྱོད་ཀྱི་ལུས་དྲི་འགོས་པའི་མལ་ཁྲི་ལ  རུལ་སུངས་མེད
ཉམ་ཐག་པའི་མིག་གིས འདོད་ཆགས་དང་བཅས
ཟོལ་བཅོས་ཀྱི་སེམས་པ་ཞིག་ཕམ་པར་བརྒྱབ

བུ་མོ  ཁྱོད་ནི་ཁ་རོག་ཏུ་སྡོད་པའི་སྒྲུང་མཁན་ཞིག་རེད།

            26/3/1999 བླ་བྲང་།

                     ལྕགས་དྲའི་ནང་ནས་གྲོགས་པོར་ལྟ་བ།

ཁྱོད་ཀྱིས་སྨིན་མ་གཤོག་པ་བཞིན་རྐྱོངས་དང
སྐྱི་གཡའ་བའི་གཉེར་རིས་བསུབ་མཁན་ལ
གསེར་འོད་འཚེར་བའི་དབྱངས་ཡིག་དང
བཀོད་འདོམས་གང་ལའང་མི་ཉན་པའི
མེ་ཏོག་ལྡོམ་པོ་ཞིག་ཡོད་ངེས།

               27/3/1999 བླ་བྲང་།

                       ཉི་འོད།

ཁང་མིག་རེ་རེ་དང  གསེར་དངུལ་གྱི་རུས་པ་གསལ་བར་བྱས
བརྗོད་དུ་མེད་པའི་ན་ཟུག་ཀྱང་བསླངས
ལག་དམར་གྱི་ངོ་གདོང་ལའང་དྲོད་འཇམ་སྦྱིན
ཉི་འོད  གདུག་རྩུབ་ཀྱི་ལག་པ་གང་གིས་དྲངས་སམ།

                 1/4/1999 གཙོས།

                      འབུ།

ཕྱི་ཤུན་ནི་ཤོག་བུ་ཡིན་ན
དེའི་སྟེང་དུ་གཤོག་པའི་སྐོར་གྱི་སྙན་ངག་ཅིག་འབྲི

སྡོད་ཁང་མེད་པའི་ནམ་མཁའ་ཡངས་པོ
བརྩེ་དུང་ཞུགས་སའི་ཁྲག་ཐིགས་ཀྱིས  མི་སྦགས་པར་སྨོན

མེ་ཏོག་དེ་གཙང་བོས་འཁྱེར་དུས
ང་ལའང་འདབ་མ་ཞིག་བགོ་སྐལ་དུ་སྟེར་རོགས།

             5/4/1999 རྨ་ཆུ།

                      ཁྱོད་ཀྱང་མགྲོན་པོ་ཞིག་གོ

ཕྱིར་ལྟ་དུས  རྫ་རི་དེའི་རྩེ་ལ་མིག་ཆུ་ཞིག་མི་ལྷུང
ཁྱོད་ཀྱི་པགས་པ  ཤེལ་དང་ཚོན་རྩི་སྣ་ཚོགས་ཀྱིས་གྲུབ
ཕན་ཚུན་བར་གྱི་གྱང་རྫོབ་ངོས་སུ
མུན་ནག་འདམ་བག་བཞིན་འབྱར
གོམ་པ་གཅིག་གིས་ཀྱང  ནག་ཉེས་ཤིག་བསགས་ཡོད་མེད
མེ་ལོང་དང་རྩིབས་མ་ལྟར་གཤར་བའི་ཐ་སྙད་ལ་འདྲི
འོན་ཀྱང  བུ་མོ
བདག་གི་ཀུན་སྤྱོད་ལས་གྲོལ་བའི  ཤ་ཁྲག་གི་མདུན་དུ
ཁྱོད་ཀྱང་མགྲོན་པོ་ཞིག་གོ།

                     6/4/1999 གཙོས།

 

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།