དགོས་དབང་གིས་སྙན་ངག་ལ་མ་བཅིངས་པར་བྲིས་པའི་སྐོར།

༡ ཁྱོད་ཀྱིས་ཡིག་སྒྱུར་སོགས་བྱས་ནས་གླ་ཆ་ལེན་གྱི་འདུག་པས་མི་འཐད་ཟེར་མཁན་ཞིག་གི་ལན་དུ།
གསེར་མགོ་བོ་ཙམ་རེ་ཡི་གེའི་ཡོན་དུ་ལེན་པ།།སྔོན་སྒྲ་སྒྱུར་མཁས་པའི་ཕྱག་སྲོལ་ངོ་མ་ལགས་ཤིང་།།ཐབས་དེ་ལ་བརྟེན་ནས་ལྟོ་གོས་ཚེགས་མེད་བསྒྲུབས་པ།།ཁོང་ལོ་པཎ་ཕལ་གྱི་འཚོ་བའི་མན་ངག་རང་ངོ་།།མིང་ཞུས་ཆེན་ཞུས་ཆུང་འབོད་པ་དེ་ཚོས།།གླ་ག་ཚོད་བླངས་པ་ཤེས་སུ་འདོད་ན།།སྐབས་དེ་ཡི་རྣམ་ཐར་ལམ་ཡིག་བཀླག་དགོས།།དུས་དེ་ཡི་དཀར་ཆག་སྣ་ཚོགས་བལྟ་དགོས།།སྤྱིར་འཇིག་རྟེན་ཁམས་ན་གླ་བ་དང་ནི།།གླ་སྟེར་མཁན་གཉིས་ལས་ཡོད་པ་མ་ཡིན།།དེ་གཉིས་ཀྱང་གོ་ས་བརྗེ་ཞིང་འགྲོ་བས།།ཐེར་ཟུག་པའི་གླ་བ་གྲུབ་ལེ་མ་ཡིན།།ཞེས་པའོ། །

༢ ཆོས་མི་ཤེས་པ་ཞིག་གིས་ཤེས་ཁུལ་བྱས་བྱུང་བར་ལན་བཏབ་པ།
ཆོས་མི་ཤེས་པས་ཆོས་ཤེས་པའི།།བློ་ཁ་བསྒྱུར་འདོད་ངལ་བའི་རྒྱུ།།ང་ནི་ཆོས་དོན་མི་ཤེས་མིན།།ཤེས་དྲགས་ཆོས་དྲེད་ཆགས་པ་འོ།།དེས་ན་ཆོས་སྒྲ་ཙམ་ཐོས་པས།།བདག་གི་རྩོད་ཟླ་འོང་བ་དཀའ།།དཀའ་བཞིན་རྩོད་པ་གད་མོའི་གནས།།ཕྱེ་ལེབ་མེ་ལྕེར་འཐབ་པ་འདྲ།།ཞི་བ་ལྷ་བཞིན་གཉིད་ནས་ནི།།ཚངས་དབྱངས་པ་བཞིན་འཁྱམས་ནས་ནི།།དགེ་ཆོས་ནང་བཞིན་སྨྱོས་ནས་ནི།།ང་རང་སངས་རྒྱས་ལག་རྩེར་དགོད།།ཅེས་པའོ། །

༣ ཁྱོད་རང་ནང་པའི་ཆོས་ལུགས་ལ་མཁས་ན་ཁྱོད་རང་ནང་པའི་ཆོས་ལུགས་ལ་དད་ངེས་ཟེར་མཁན་ཞིག་ལ་ཐད་ཀར་སྨྲས་པ།
མུ་སྟེགས་འདོད་ལུགས་ཤེས་པ་ཙམ་གྱིས།།མུ་སྟེགས་སྨྲ་བ་ཡིན་པ་མི་མཚོན།།མཚོན་ན་འཇམ་བཞད་ལྕང་སྐྱ་ཐུའུ་བཀྭན།།གྲུབ་མཐའ་སྨྲ་བ་ཐམས་ཅད་དེར་འགྱུར།།དེ་བཞིན་ནང་པའི་བསྟན་ལ་མཁས་གང་།།ནང་པ་ཡིན་འོས་རྟགས་ནི་མ་གྲུབ།།མུ་སྟེགས་ལུགས་འཛིན་ནང་གཞུང་བྱང་པས།།ནང་པ་ཚར་བཅད་ལོ་རྒྱུས་ཤིན་མང་།།མཁས་བྱའི་གཞུང་ནི་འགོག་མི་རུང་ན།།ས་པཎ་འཕྲོག་བྱེད་འགོག་པ་ཡ་ཆ།།ནང་པ་བཀག་པ་རྨོངས་པས་ཡིན་ན།།མུ་སྟེགས་བཀག་པའང་རྨོངས་པས་ཅིས་མིན།།ཡིན་ན་རྒྱན་དྲུག་ལ་སོགས་དེར་འགྱུར།།མིན་ན་ཕྱི་ནང་གང་ཡང་འགོག་རིགས།།ཤེས་ཀྱང་མི་ཞུགས་ཞུགས་ཀྱང་མི་ཤེས།།གཉིས་མིན་གཉིས་ཡིན་འདི་ལ་མུ་བཞི།།ཤེས་ཀྱང་མི་འཛིན་ང་དང་ནང་ཆོས།།ཞུགས་ཀྱང་མི་ཤེས་སྤྲུལ་གཟུགས་ཕལ་ཆེར།།གཉིས་ཡིན་སྔར་གྱི་མཁས་གྲུབ་སྐོར་ཞིག །གཉིས་མིན་དག་ནི་དམུ་རྒོད་ལ་མཆིས།།ཞེས་པའོ། །

༤ རྗེ་ཙོང་ཁ་པ་རླབས་ཆེན་རེད་ཟེར་བའི་མི་འགའ་དང་ཁ་བརྡ་བྱས་རྗེས་རང་བློར་ཐོ་བཏབ་པ།
རང་གིས་རླབས་ཆེན་ཡིན་ལུགས་མི་རྟོགས་པར།།གཞན་ཁར་བརྒྱུགས་ནས་རླབས་ཆེན་སྒྲོག་འདི་མཚང་།།ཧ་ཤང་ཚིག་འགའ་བཀོད་ནས་འདི་ཉིད་ནི།།རྗེ་ཡི་དྲང་ངེས་སུ་ཡོད་བརྗོད་ན་འང་།།བདེན་པར་རློམ་ཞིང་ཚིག་དེའི་ཆེ་འདོན་པའི།།སྐྱེ་བོ་འདི་དག་རླབས་ཆེན་གང་ནས་མཐོང་།།བརྗོད་བྱ་ཆོས་དང་རྗོད་བྱེད་ཆོས་སྐད་ཀྱིས།།བསྟན་བཅོས་རྩོམ་ལ་མི་འདྲ་མེད་པ་ཡིས།།སྟག་ལོའི་ཀུན་ཤེས་ནས་ཀྱི་རྗེ་འགོག་པའི།།རིགས་པ་དྲངས་ཏེ་རྗེ་ཉིད་འདི་གསུངས་ཞེས།།མངོན་སུམ་བསྙོན་ཡང་ངོ་སོ་བསྟོད་ཅེས་སུ།།ཐར་སྦྱར་འཁུན་བུ་འབྱིན་པ་ཁྱེད་ཅག་སུ།།ཞེས་པའོ། །

༥ དྲ་འབུ་འགར་གཤེ་གཤེ་དྲག་པོ་བཏང་བ།
བསྟན་པའི་དབང་ཕྱུག་པར་གཤམ་དུ།།བསྟན་པའི་སྒྲོན་མེ་ཞེས་སུ་འབྲི།།“དོན་རྒྱལ་མཚོ་ལྷོའི་ཁུལ་དཔོན་བསྡད།།མཐར་ཐུག་རྡོ་དུག་བསད་ཟེར”གླེང་།།དྲ་འབུ་འདི་ཚོར་ཅི་ཞིག་བྱུང་།།ཀླད་པའི་ནང་ལ་ཆུ་སོང་ངམ།།སྣ་ཁུང་ནང་ནས་ཁྲག་བཞུར་རམ།།རྣ་དོང་ཁ་རུ་རྣག་འཆོལ་ལམ།།ཟོག་སྨན་སྤར་རྒན་གང་འཐུང་ངམ།།ཁྱི་སྨྱོན་བརྒྱ་ཡིས་སོ་བཏབ་བམ།།མཚོ་ལྷོའི་སེང་ཕྲུག་ཟེར་བ་དེ།།སེང་རྡོར་རེད་ཅེས་ཁ་འབར་བཤད།།དེ་ཡིས་བྱས་དང་དེར་བྱས་པ།།ང་ཡིས་བྱས་དང་ངར་བྱས་བརྩི།།གཞན་ཡང་སེང་ཕྲུག་དབྱུག་གསར་དང་།།གངས་སེང་འབོད་སོགས་ངའི་ཁོངས་སྡུ།།སེང་གི་མིང་ཟུར་ཡོད་ཙམ་གྱིས།།ང་རུ་འགྱུར་ན་ཡར་དེད་ཀྱི།།མི་མཆོག་རྒྱལ་བ་སེང་གེ་ང་།།བར་དེད་ཆ་པ་ཆོས་སེང་ང་།།རིགས་པའི་སེང་ཆེན་བརྒྱད་ཀྱང་ང་།།མདོ་སྟོན་སེང་གེ་གྲགས་པ་ང་།།མི་ལ་རྡོ་རྗེ་སེང་གེ་ང་།།གོ་རམས་བསོད་ནམས་སེང་གེ་ཡང་།།ང་ལ་གོ་འམ་དྲན་འཆལ་ཚོགས།།འབྲུག་རྒྱལ་སེང་གེ་ང་ཡིན་ནམ།།ང་ནི་བློ་བཟང་སེང་གེ་འམ།།དུས་ཀྱི་སྔ་གཞུག་མི་དཔྱོད་ཅིང་།།ལོ་དང་ཚེས་གྲངས་མི་བསྡུར་བར།།སྤྱི་བྱེའི་གནད་རྣམས་མི་གོ་བའི།།མི་ལུས་ལུག་གི་བསམ་པ་ཅན།།མིག་ལྡན་ལོང་བའི་ས་ཆོད་ཅན།།དྲ་འབུ་འདི་ཚོར་ཅི་ཞིག་བྱ།།གཤེ་གཤེ་གཏོང་ལས་ཐབས་གཞན་ཅི།།ཞེས་པའོ། །

༦ ང་རྒྱལ་སྨྲ་བའི་མགོ་ཁུངས་དང་དེའི་རྒྱུན་ཕྱི་མ་ཕྱི་མ།
སྔོན་ཤཱཀ་ཐུབ་ཀྱིས་ནི་འཇིག་རྟེན་འདིར།།མི་ང་ཉིད་མཆོག་ཅེས་ཞལ་གྱིས་བཞེས།།དཔེ་དེ་ཡིས་ཡིན་ནམ་ཅི་ཡིས་ཏེ།།སྤྱིར་རྒྱ་བོད་མཁས་རྣམས་ཚུལ་འདིར་དགའ།།ས་པཎ་གྱིས་ཁོང་ཉིད་མ་གཏོགས་པའི།།བོད་མཁས་པ་གཞན་དག་གཟུགས་ཙམ་ཟེར།།རྗེ་བློ་བཟང་གྲགས་པས་ཁོང་འབའ་ཞིག །གངས་ལྗོངས་ཀྱི་སྙན་ངག་མཁན་དུ་བསྔགས།།སྲས་དགེ་ལེགས་དཔལ་བས་ཁོའི་ཕན་དུ།།སྨྲ་ཡ་མེད་སེང་གེ་མེད་ཅེས་བསྒྲགས།།མིང་ཡོངས་འཛིན་བློ་བཟང་དཔལ་ལྡན་དེས།།ཟླ་མེད་པའི་ཚངས་པའི་རལ་བ་ཡང་།།རྐང་གདན་དུ་བྱེད་ལ་མཐུ་རྫོགས་པ།།དེ་སུ་ཡིན་ཟེར་ན་ཁོ་ཡིན་ཟེར།།ཡུལ་རྡོ་སྦིས་འཁྲུངས་པའི་དགེ་བཤེས་དེས།།རྣོ་ཤེས་པ་རབ་ཀྱི་རྩེ་མོ་ལ།།རྒྱ་གང་ཆེར་འཁྱིལ་བའི་ཆུ་ཡིན་ཟེར།།ལྷ་འཇམ་དཔལ་དབྱངས་ཀྱི་ཐུགས་ཆགས་སའི།།བློ་གྲོས་ཉིད་ཡིན་ཞེས་གཟེངས་མཐོར་སྨྲས།།སྨད་ཨ་མདོའི་དགེ་འདུན་ཆོས་འཕེལ་གྱིས།།ཁོང་ཡིན་དག་འཛམ་གླིང་རབ་དཀོན་པའི།།ནོར་རིན་ཆེན་བུམ་པ་ཡིན་མོད་ཀྱང་།།བསོད་ཟད་པའི་བོད་མིས་བརླགས་སོང་བརྗོད།།འདི་ག་ནི་མཚོན་ཙམ་ལབ་པ་ཡིན།།ཆེས་ཞིབ་ཏུ་བྲིས་ན་རྫོགས་མཐའ་མེད།།རྒྱ་ནག་སོགས་མི་རིགས་མང་པོ་ཞིག །རང་དད་དང་རང་སྒྲོག་དགག་བྱར་བལྟ།།ལར་བོད་ཀྱང“རང་རློམ”སྨད་མོད་ཀྱང་།།“མཁས་པ་ཡི་ང་རྒྱལ”མི་འགོག་འདྲ།།རྩེད་མཚར་གྱི་ཚོད་དུ་འཛིན་པ་འདྲ།།ཕུལ་བྱུང་གི་རྒྱན་ལྟར་འབྲི་བ་འདྲ།།འོ་དེས་ན་བདག་ཀྱང་ཁ་ཕོ་ཆེ།།འབྲུག་བཞིན་དུ་འུར་བ་འགའ་རེ་ཡོད།།དོན་ལ་ནི་གནས་པ་མ་ཡིན་མོད།།སྔ་རབས་པའི་ཕྱག་སྲོལ་དེ་ག་ལགས།།ཞེས་པའོ། །

སྨན་དང་མེ་དང་དམ་རྫས་དང་།། ལེགས་པར་བཤད་སོགས་མང་མི་དགོས།།
རྟེན་འབྲེལ་ཙམ་གྱིས་ཆོག་པ་ཡིན།། མིག་ཏུ་གནམ་ས་ཤོང་ལྟར་ཡོང་།།
                                                                                                   སེང་རྡོར་གྱིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགོས་དབང་གིས་སྙན་ངག་ལ་མ་བཅིངས་པར་བྲིས་པའི་སྐོར།

2014-12-25 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།