ཨ་མདོའི་རྡུང་ལེན། སྤྱི་ཚོགས་དང་མཚམས་ཚིགས།

བྱམས་ཕྲུག 琼迈文学网 2020-11-03

བདུད་བྷེ། སྨྲ་བརྗོད།

  ངའི་གྲོགས་པོ་ཞིག་གིས་དེ་སྔོན་དེ་སྔོན་ཞིག་ལ་དེང་གི་སྐབས་ཨ་མདོ་ལ་རྡུང་ལེན་གྱི་ཆོལ་ཁ་ཞེས་བོས་ཀྱང་ཆོག་པ་འདྲ་ཞེས་ཀུ་རེ་རྩེད་མྱོང་། ཨ་མདོའི་ས་ཆར་རྡུང་ལེན་དར་ནས་ལོ་ནི་མང་པོ་འགོར་མེད་ན་ཡང་། དུས་ཡུན་འདིར་རྡུང་ལེན་གྱི་བརྩམས་ཆོས་ནི་འབོར་ཆེན་པོ་ཞིག་སླེབས་པས། རོང་འབྲོག་ས་ཆའི་རྩེད་དགའི་རྣམ་པ་གལ་ཆེན་ཞིག་ཏུ་གྱུར་ཅིང་། རྡུང་ལེན་པའི་རབས་དང་གཏན་ཆགས་ལྟད་མོ་བ། སྟེགས་བུ་འདྲ་མིན། ཚིག་དབྱངས་རྩོམ་མཁན་སོགས་ཆ་ལག་ཅི་རིགས་ཀྱང་ཞར་དང་ཞོར་དུ་གྲུབ། འདི་ཡང་བོད་ཀྱི་རྩོམ་རིག་དང་རི་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་དག་སྔར་ཡོད་ཀྱི་ཆ་ནས་དེང་རབས་སམ་རྣམ་པ་གཞན་ཞིག་ཏུ་ག་ལེར་འཕོ་བཞིན་པའི་སྐབས་བརྒྱུད་མྱོང་བའི་མི་སྐྱ་བརྗོད་ཡུལ་ནས་བརྗོད་མཁན་དུ་གྱུར་ཏེ་རང་གི་བའི་བསམ་སྤྱོད་དང་འཚོ་བ་སྣ་ཚོགས་གཞིར་བཟུང་ནས་སྨྱན་གྱི་སྟེགས་བུ་དང་ཁྱབ་སྒྲོག་གི་ལམ། དགའ་བས་དང་དུ་ལེན་མཁན་སོགས་བྱུང་བ་ལ་བརྟེན་ནས་སྒྱུ་རྩལ་གྱི་རྣམ་པ་དེ་ཉིད་དར་མགོ་ཚུགས་པའི་ལམ་བུ་ཇི་བཞིན་དུ་བརྒྱུད་ཡོད། ལམ་བུ་འདི་བཞིན་དུ་དེང་གི་ཆར་རྡུང་ལེན་ནི་སྣང་ཚུལ་གལ་ཆེན་ཞིག་དང་ལོ་རབས་ལྔ་བཅུ་བའི་རྗེས་ཀྱི་ཨ་མདོའི་ས་ཆར་དར་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་གྲུབ་པས། འདི་ཉིད་ཀྱང་སྤྱི་ཚོགས་དང་མིའི་བསམ་སྤྱོད་ཀྱི་གནས་སྟངས་སྣ་ཚོགས་ལ་འཇུག་བྱེད་ཀྱི་གྲུ་བོ་ཆེའམ་སྒེའུ་ཁུང་ལྟ་བུ་ཡིན་པ་ནི་གོར་མ་ཆག

དཔལ་མགོན། བཀྲ་ཤིས་སྒྲོལ་མ། བདུད་བྷེ།

  རྡུང་ལེན་གླེང་བའི་ཚེ་མ་གླེང་ཐུ་མེད་དུ་ཆགས་པའི་མི་བོ་ཆེ་ཞིག་ནི་བདུད་བྷེ་ལོས་ཡིན། ཁོང་གི་སྔོན་ལ་ཡང་རྡུང་ལེན་ལག་ལེན་བྱ་མཁན་ཡོད་ན་ཡང་། བྱས་རྗེས་ཆེ་ལ་ཤུགས་རྐྱེན་ཆེན་པོ་འཇོག་མཁན་སྔར་བཞིན་ཁོ་རང་ཆགས་ཡོད། ཁོ་བོའི་བསམ་པར་བདུད་བྷེས་མི་ཚེ་གང་བོར་རྡུང་ལེན་དར་དུ་བཅུག་པ་དང་། དར་བའི་རྩེར་བསྐྱལ་རྗེས་ཚེ་ཡི་འདུ་བྱེད་ཀྱང་བསྡུས་སོང་བ་ཞིག་ཏུ་བསམ། སྐབས་རེར། བོད་དུ་བདུད་བྷེ་དང་བདུད་བྷེ་མ་ཡིན་པ་སྟེ་རྡུང་ལེན་པ་ལ་རིགས་གཉིས་ལས་མེད་པར་ཡང་འདོད། ཁོང་གིས་ཚེ་གང་བོར་ཚན་པ་གསུམ་མམ་བཞིའི་ལུགས་ཅན་གྱི་ཡིད་འགྱུར་རྡུང་ལེན་དང་། དོན་གྱི་བྱུང་བ་བརྗོད་པའི་སྐོར། དམངས་གླུ། MIDIཡི་རམ་འདེགས་ལ་བརྟེན་པའི་གླུ་སོགས་ལུས་སྣ་ཚོགས་ཀྱི་ཐད་ནས་ལག་ལེན་བྱས་ཤིང་། ལུས་རེ་རེའི་ཐད་ནས་ཀྱང་སྙན་ཤ་སྟག་གི་བརྩམས་ཆོས་སྐོར་རེ་མཛུབ་མོ་ནང་འགུག་གིས་བརྩི་རྒྱུ་ཡོད་པ་ཞིག་ཤུལ་དུ་བསྐྱུར་ཡོད། མ་ཟད་ཉམས་འདྲ་མིན། བརྗོད་བྱ་འདྲ་མིན། དབྱངས་རྟ་འདྲ་མིན། རྣམ་པ་འདྲ་མིན། རོལ་ཆས་འདྲ་མིན་རྡུང་ལེན་རིག་གནས་ཀྱི་མཐོངས་ཆེན་པོ་འདིར་དྲངས་པས། རྡུང་ལེན་རང་ཉིད་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། གྲ་རྒྱས་གྲུ་ཡངས་སུ་ཡང་བཏང་བ་མ་ཟད། མི་རྣམས་ལ་རྡུང་ལེན་ཞེས་དུས་བདུད་བྷེ་ཡིད་ལ་ཤར་ཡོང་བ་དང་རྡུང་ལེན་ཞེས་དུས་དྲན་པ་ཞིག་ངང་གིས་འཁོར་ཡོང་བའི་བག་ཆགས་མཐུག་པོ་རེ་བཞག་ཡོད། འདི་ཡང་བདུད་བྷེའི་སྐྱེས་སྦྱངས་ཀྱི་ཤེས་ཡོན་ལས་གཞན། ཁོ་རང་འཚོ་མྱོང་སའི་སྤྱི་ཚོགས་དང་ཉན་མཁན་གྱིས་ཁོ་ལ་གར་སྟེགས་ཆེན་པོ་བསྐྲུན་པ་ཞིག་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་བསྐྲུན་པ་དེ་ལ་ཡང་རག་ལས།

  2016ལོའི་དཔྱིད་ཀ་ཞིག་སྟེ། སྨུན་སྤྲིན་བན་བུན་རེ་ཞིག་འཐིབས་བསྡད་པའི་ཕྱི་དྲོ་ཞིག་ལ་དྲ་ངོས་ནས་ཁོང་གྲོངས་ཟིན་པའི་གཏམ་གོ་བས་སེམས་ནི་བློང་བློང་བོར་གྱུར། དེ་དུས་གྲོགས་པོ་སྙན་ངག་པ་ཞིག་དང་པེ་ཅིང་གི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་ཅིང་། ཞག་དེར་སེམས་པ་ནི་ལྗིད་ཀྱིས་རབ་ཏུ་ནོན། ཁོང་གི་རྡུང་ལེན་མང་པོའི་ཚིག་དོན་བསྐྱར་མར་བསྐོར་བཞིན་ཡང་དང་ཡང་དུ་ཉན་ཞོར་ཕངས་སེམས་དང་སྡུག་ཡུས་སོགས་ཆང་དང་ཆང་ལ་སྤགས་ནས་བསྡད། དེའི་རྗེས་སུ་ཁོ་བོའི་སྙན་ངག་མེ་ལོང་གི་སློབ་ཁྲིད་ཀྱི་རྒྱན་གཅིག་གི་ཟུར་ལྟའི་དཔེར་བརྗོད་ལ་འདས་པོའི་《བྱ་ཞིག་ཡིན་ན་བསམ་བྱུང》ཞེས་པ་ཡང་བཀོད་ཅིང་། སློབ་སྐབས་རེར་རྒྱན་དེར་འཕྲད་ཚད་ལ་ཁོང་གི་རྡུང་ལེན་དེ་ཡང་སློབ་ཁང་ནས་གྲག་ཏུ་འཇུག་རྒྱུ་ནི་སྲོལ་རྒྱུན་ཞིག་ཏུ་གྱུར།

  བྱ་ཞིག་ཡིན་ན་བསམ་བྱུང་། །
      བྱེའུ་ཞིག་ཡིན་ན་བསམ་བྱུང་། །
      ཕ་ཡུལ་ས་ཐག་རིང་བོར། །
      འཕུར་རྒྱུ་བྱུང་ན་བསམ་བྱུང་། །

  བདུད་བྷེ་གཤེགས་པ་དང་བདུད་བྷེ་གླེང་བའི་ཚ་རླབས་ཤིག་ཀྱང་དུས་མཉམ་དུ་འཕྱུར། མ་ཟད་བདུད་བྷེའི་རྡུང་ལེན་བསྐྱར་ལེན་གྱི་ཚ་རླབས་ཤིག་ཀྱང་རིམ་བཞིན་བྱུང་ལ། དེང་གཞས་ཀྱི་རྣམ་པ་མང་པོས་ཁྲོ་ཁོའི་བདུད་འདུལ་རྡོ་རྗེ་དང་ཁོས་བརྩམས་པའི་རྡུང་ལེན་སོགས་རྒྱུ་ཆའམ་བརྗོད་བྱ་དྲངས་པ་མི་ཉུང་། ལྷག་པར་ཉིས་སྟོང་ལོའི་རྗེས་ནས་སྐྱེས་པའི་ལོ་ཆུང་དག་གི་ཁྲོད་བདུད་བྷེ་གླེང་མཁན་དང་འཚོལ་མཁན་ཀྱང་མང་དུ་འདུག ། ཁོ་ཚོས་བདུད་བྷེའི་གླུ་སྐད་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་ལོག་བྱེད་ཀྱི་ཟམ་མམ་བརྒྱུད་ལམ་ཞིག་ཏུ་བལྟས་འདུག །

  རྡུང་ངམ། དཀྲོལ་ལམ།

  ང་རང་ཨ་མདོའི་ཕྱོགས་ཀྱི་རོང་འབྲོག་གཉིས་དར་གྱི་ས་ཆ་ཞིག་ནས་འཚར་ལོངས་བྱུང་། སློབ་ཆུང་དུ་འགྲིམ་སྐབས་ཀྱི་ཉིན་ག་གེ་མོ་ཞིག་གི་ཕྱི་དྲོ། འཛིན་བདག་གིས་སློབ་ཐུན་རྗེས་མ་འཚོག་རྒྱུ་མིན་པ་དང་། དེའི་ཚབ་ལ་བརྙན་འཕྲིན་ནས་འོད་སྡེར་ཡག་པོ་ཞིག་སྟོན་རྒྱུ་ཡིན་པ་མ་ཟད། སྟོན་ས་ངེད་འཛིན་གྲྭའི་སློབ་ཁང་ཡིན་པས་མྱུར་མོར་གཙང་སྦྲ་བྱ་དགོས་པའི་བརྡ་བརྒྱབ། སློབ་གྲོགས་རྣམས་དེ་མུར་འུར་དིར་རེར་སོང་བ་དང་། དགའ་འབོད་དང་རྩེད་དགོད་ཀྱི་བར་ནས་རྐང་མགྱོགས་ལག་མགྱོགས་སྒོས་མདུན་ཅོག་དང་རྐུབ་སྟེགས་སོགས་ཕྱོགས་བཞིའི་གྱང་རྩར་དེད་དེ་བར་དཀྱིལ་སྟོང་བར་བཞག །སློབ་ཁང་གི་མདུན་དཀྱིལ་དུ་བརྙན་འཕྲིན་འཇོག་སའི་མདུན་ཅོག་གཅིག་བཞག་ནས་“གློག་བརྙན་ཁང་”ཆུང་ཆུང་ཞིག་བཟོས་པ་དང་། ཅུང་ཙམ་གྱི་རྗེས་ནས་འཛིན་གྲྭ་གཞན་པའི་འཛིན་བདག་དགེ་རྒན་དག་གིས་སློབ་མ་རྣམས་ཁྲིད་ནས་ངེད་ཚོའི་སློབ་ཁང་དུ་འཚོགས་ཤིང་ཚང་མ་གྲལ་བསྟར་སྒོས་ཙོག་རྗེས་སྨོན་པ་དང་རེ་འདུན་ཁྲི་སྟོང་གི་ཀློང་ནས་བརྙན་འཕྲིན་དངོས་སུ་སྒོ་ཕྱེས། དེ་དུས་བརྙན་འཕྲིན་ནས་བསྟན་པ་ནི་ཏག་ཏག་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་དང་པོ་རེད། གློག་འོད་ཁྲ་ཆིལ་དགུ་ཆིལ་གྱིས་བརྒྱན་པའི་གར་སྟེགས་སུ་རྡུང་ལེན་པ་མང་པོས་གཟིག་སྲམ་གྱི་པགས་པ་དང་། གོས་ཆེན་སྣ་ཚོགས་ཀྱིས་གཟབ་འཆོར་སྤྲས་ཏེ། འགྱུར་ཁུགས་ཅི་རིགས་ཀྱི་རྡུང་ལེན་མང་དུ་བླངས། དེ་ནི་ངའི་མི་ཚེའི་ཁྲོད་ཀྱི་བརྙན་འཕྲིན་ལྟ་ཐེངས་དང་པོ་དང་རྡུང་ལེན་ལ་ཉན་ཐེངས་ཀྱང་དང་པོ་ཆགས། ད་ལྟ་ཕྱིར་འདང་བརྒྱབ་ཚེ། གཟིག་སྲམ་གོས་ཆེན་སོགས་ཀྱི་ཤོམ་དང་འཇིལ་ལིར་བབ་པའི་སྐྲ་ལོ་རིང་པོ། ར་ཤེལ་གྱི་བརྙན་མིག ། གར་སྟེགས་སྟབས་བདེ་བོ། བརྙན་ལེན་འཕྲུལ་ཆས་དང་འོད་སྣ་ཚོགས་ལ་ཅུང་ཙམ་ལོབས་ཀྱིན་མེད་པའི་འཁྲབ་སྟོན་པ་སོགས་སྙིང་དུ་སྡུག་ཨང་བསམ།

  དེ་ནས་བཟུང་། རྡུང་ལེན་དང་འཕྲད་འདྲིས་མང་མང་ཙམ་བྱུང་། ཆུང་དུས་ངའི་ཞང་བོ་ལ་རྡུང་ལེན་ཞིག་ཡོད་པ་དེའི་སྟེང་ནས་དྲན་དྲན་ཚེས་གཅིག་ང་ཡིས་ཨ་མ་དྲན་ལྟ་བུའི་རྡུང་ལེན་དག་ཀྱང་ཅུང་ཙམ་སྦྱངས། རིམ་བཞིན་གཞུང་གཉེར་སློབ་གྲྭར་འགྲིམས་པ་དང་རྡུང་ལེན་སློབ་སྦྱོང་གི་རྒྱུན་ཀྱང་ཆད། ཡིན་ན་ཡང་། དབྱར་གནང་དང་དགུན་གནང་སོགས་སུ་ཁྱིམ་དུ་ལོག་ཐེངས་རེར་རྡུང་ལེན་ལ་ཉན་རྒྱུ་ཕལ་ཆེར་ཆད་མ་མྱོང་། ཁྱིམ་གྱི་གོ་ཁ་ནས་མེ་ཐལ་འདྲུད་ཞོར་སྒྲ་སྡུད་འཕྲུལ་ཆས་དཀྱིལ་ལ་བསྡུས་ཏེ་བཟའ་ཚང་གང་བོས་རྡུང་ལེན་དང་སྨན་བླའི་ཁ་ཤགས། སྐལ་བཟང་གྲགས་པའི་སྒྲུང་སོགས་ལ་ཉན་པ་དྲན་ཡོང་གི་འདུག དེ་ནི་བྱིས་དུས་ཀྱི་འཚོ་བ་སྣུམ་པོ་ཞིག །

  སྐབས་དེར། གེ་སར་སྒྲུང་དང་། རོགས་འཐེན། འདོགས་ར། ཁེད། རྣམ་ཐར་འཁྲབ་སྟོན། བཤད་པ་སོགས་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པ་མང་པོ་ལས་ཀྱང་རྡུང་ལེན་འདི་རྒན་གཞོན་དང་ཉིན་མཚན། མངོན་ལྐོག་གང་ལ་ཡང་ལྟོས་མི་དགོས་པར། འཇུག་བདེ་ལེན་བདེ། ལྟ་བདེ་ཉན་བདེ་ཞིག་ཡིན་པའི་ངོས་ནས་དམིགས་བསལ་དགའ་བསུ་ཞིག་ཐོབ་ཀྱིན་པ་མཐོང་། རིམ་བཞིན་ཡུལ་ཕྱོགས་མང་པོ་ནས་རྡུང་ལེན་པ་ང་ཡིན་ཁྱོད་ཡིན་མང་པོ་བྱུང་། དེ་དང་ཆབས་ཅིག་གངས་ལྗོངས་ཁུ་བྱུག་སྔོན་མོ་དང་། ཉི་མའི་བུ་རྒྱུད། དུང་གི་ཟླ་བ། གངས་ལྗོངས་པི་ཝང་དཀར་པོ། རྔ་ཡུལ་འཇོལ་མོ། རྨ་གླིང་གླུ་བ། ལ་རྒྱའི་གླུ་བ་སོགས་རྗེས་གྲུབ་བཏགས་མིང་ཀྱང་མང་དུ་བྱུང་ལ། འདི་དག་ལ་ཀུན་ལ་གྲགས་པ་དང་མང་མང་གི་མོས་མཐུན་ཡང་ཐོབ། རྡུང་ལེན་འདི་སྤྱིར་བཏང་རོང་ཕྱོགས་ལས་འབྲོག་ཕྱོགས་སུ་དར་ལ་རྡུང་ལེན་པ་ཡང་མོ་ལས་ཕོ་མང་། དོན་བརྗོད་ལས་ཡིད་འགྱུར་ཤུགས་ཆེ་བ་སོགས་ཧོབ་ཀྱིས་ཚོར་ཡོང་བའི་སྣང་ཚུལ་རེ་འགའ་ཡང་བྱུང་། མ་ཟད། དགེ་རྒན་དང་སློབ་མ་ལྟ་བུའི་རྡུང་ལེན་པའི་རབས་དང་ཁྲིད་རྒྱུན། མངའ་རིས་སྒྲ་བཟོ་སྐྲུན་དང་ཟབ་སྦྱོང་སོགས་ཀྱི་བྱེད་སྒོ། སྟག་ཆུའི་ལང་ཚོ་ལྟ་བུའི་རྡུང་ལེན་གྱི་ཚོགས་པ་སོགས་བྱུང་བས། རྡུང་ལེན་འདི་ཡང་དེང་མའི་མི་སྒེར་པའི་ལག་ལེན་ཞིག་ནས་རིམ་བཞིན་ཞུགས་ཚད་མང་ལ་ཡན་ལག་དང་ཉིང་ལག་མང་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་གྲུབ། དེ་དང་ཆབས་ཅིག་རྡུང་ལེན་པ་ཞེས་དུས་སྐྲ་རིང་པོ་ཅན་ཞིག འབྲོག་པ་ཞིག དགྱེ་སྒུར་དང་རྐང་སྟབས་སོགས་ཕལ་ཆེར་མེད་པ་ཞིག །གདོང་འཛུམ་དང་བཅས་ཉམས་སྟོན་རྒྱུ་གཙོར་བྱ་མཁན་གྱི་འཁྲབ་སྟོན་པའི་རིགས་ཤིག་ཏུ་འདོད་པའི་བག་ཆགས་རེངས་པོ་རེ་ཡང་མང་མང་གི་སེམས་ལབཞག་སོང་སྙམ།

              བརྙན་འཕྲིན་གྱིས་ང་ཚོར་ཅི་ཞིག་བྱས་སམ།

  ལོ་འདི་དག་གི་ལམ་བུར་ཕྱི་མིག་བལྟས་ཚེ། སྔ་དུས་ཀྱི་རྡུང་ལེན་མང་པོས་སྐད་དང་ངག་གཙོར་བྱས་ལ། ཉན་མཁན་དག་གིས་ཀྱང་སྙན་མི་སྙན། འགུག་བདེ་མིན། སྐད་ཡོད་མེད་སོགས་ཀྱིས་དཔྱད་པ་རྒྱག་དཔེ་ལ། རིམ་བཞིན་ཚིག་གི་ངོས་ཐད་ནས་དོ་སྣང་འབྱུང་མགོ་བརྩམས་ཤིང་། གླུ་ཚིག་གི་སྙིང་དོན་དང་ནང་གནས་ཀྱི་སྲོག་ལ་གོ་བ་བླངས་ཏེ། ཚིག་ཟབ་མིན་དང་རིགས་ཀྱི་ཞེན་པ་བསྟན་ཡོད་མེད་ཀྱིས་དཔྱད་པ་རྒྱག་རྒྱུ་ཞིག་དར། རིམ་གྱིས་རིམ་གྱིས་རོལ་ཆས་མང་པོའི་ཕོག་རྡེབ་དང་མཉམ་འདྲེས་གཙོར་བྱས་ལ། སོར་མོའི་འཁྱུག་ལུགས་དང་རྡུང་སྟངས་ཀྱི་རྩལ་དང་བཅས་པའི་སྤྱིའི་ཉམས་འདོན་སྟངས་ཤིག་ལ་དོ་སྣང་བྱ་བའི་འཕེལ་སྟངས་ཤིག་བརྒྱུད་སོང་སྙམ། འདི་ཡང་ང་རང་གི་ཚོར་བ་ཙམ།

  ཕུན་རབ་པ་བསྟན་འཛིན་དཔག་བསམ་གྱིས་བསྒྲིགས་པའི་རྡོ་རིང་བའི་ནང་མ་སྟོད་གཞས་ཀྱི་ཚིག་དང་། དགྲ་ལྷ་ཟླ་བཟང་དང་ཇོ་དཀར་སོགས་ཀྱི་སྒྲ་སྙན་སྐོར་གྱི་དེབ། དཔལ་མགོན། རྡོ་རེད། ཁྲི་ལུང་རྟོགས། རྔ་རྒོད་ཡོན་ཏན་སོགས་ཀྱི་རྡུང་ལེན་སྐོར་གྱི་དེབ། མཚོ་སྔོན་བརྙན་འཕྲིན་ཁང་གི་རྡུང་ལེན་འགྲན་སྡུར་སོགས་རྡུང་ལེན་རིག་གནས་ཀྱི་ཆ་ལག་མང་པོ་ཡོས་འབྲུ་ཟངས་མཐིལ་ནས་བཀད་པ་ལྟར་ཚ་ཚ་འུར་འུར་སྒོས་བྱུང་། དེ་བཞིན་དུ་གློག་བརྙན་དང་སྒྲུང་གཏམ། སྙན་ངག་དང་རི་མོ། བརྐོས་རིས་དང་ཞབས་བྲོ། གར་ཆུང་སོགས་སྒྱུ་རྩལ་གྱི་རྣམ་གྲངས་མང་པོས་ཀྱང་རྡུང་ལེན་རིག་གནས་རྒྱུ་ཆར་བྱས་པ་དང་། བརྗོད་གཞིར་བཏང་པ་སོགས་སྨྱན་འདྲ་མིན་གྱི་མཚོན་བྱ་ཞིག་ཏུ་ཡང་གྱུར་ཅིང་། སྤྱིར་བཏང་གི་དཔྱད་པ་ཐན་ཐུན་ནས་དཀའ་ཐུབ་རྒྱལ་ལྟ་བུས་འབུམ་རམས་པའི་དཔྱད་རྩོམ་གྱི་དཔྱད་བྱར་དྲངས་པ་སོགས་རྡུང་ལེན་ལ་བསམ་གཞིག་དང་དོ་སྣང་། དཔྱད་པ་རྒྱག་མཁན་མང་དུ་བྱུང་།

  ཨ་མདོའི་རྡུང་ལེན། འཕྲེད་གཞུང་དང་ཕྱི་ནང་།

  ཨ་མདོའི་རྡུང་ལེན་ཞེས་པ་དེང་མ་ཇི་ལྟར་དར་ཚུལ་ལ་འདང་རྒྱག་པའི་ཚེ། དེང་མ་ནས་ལག་ལ་སྒྲ་བཟུང་སྟེ་ཚན་པ་གསུམ་བཞི་ཅན་གྱི་ཚིག་ངག་ལ་སྐྱོར་རྒྱུའི་འཁྲབ་སྟོན་གྱི་རྣམ་པ་ཞིག་ལྟར་དར་བ་ལས། རོལ་ཆས་ངེས་པར་མན་ཐཱོ་ལེན་ཡིན་དགོས་པ་དང་། ཀློག་སྟངས་ངེས་པར་ཨམ་སྐད་ཡིན་དགོས་པའི་སྒྲིག་ལམ་གང་ཡང་མེད་སྙམ། དུས་ཀྱི་འགྱུར་བ་དང་བསྟུན་ནས་སྲོལ་རྒྱུན་ཆུང་ཆུང་རེ་ཡང་གྲུབ་པ་སྟེ། བདུད་བྷེ་དང་དཔལ་མགོན་སོགས་རྡུང་ལེན་པ་དག་གིས་བརྩམས་ཆོས་མང་པོ་འཕྲོ་རིམ་འཕྲོར་བཀྲམས་པ་དང་། འཐུས་ཚབ་ཀྱི་གླུ་ཡག་པོ་རེ་འགའ་ཡང་བྱུང་བ་དང་མཉམ་དུ། ཨ་མདོའི་རྡུང་ལེན་ཞེ་ན་འདི་ལྟ་བུ་ཡིན་པ་དང་། གན་ལྟ་བུ་ནི་ཨ་མདོའི་རྡུང་ལེན་མ་ཡིན་པ་ལྟ་བུའི་ངོས་འཛིན་དང་མཚན་མཚོན་འཇོག་ལུགས་རེ་ངང་ངམ་ཤུགས་ཀྱིས་གྲུབ་སོང་སྙམ། སྐབས་དེ་ཤེད་ལ། རྡུང་ལེན་འདི་ཡང་ས་ཁོངས་རང་བཞིན་གྱི་རིག་རྩལ་རྣམ་པ་ཞིག་གམ། ང་བརྒྱད་ལོའི་རྗེས་ཀྱི་མདོ་སྨད་ས་ཆའི་སྤྱི་ཚོགས་ཀྱི་ངོས་དང་མིའི་བསམ་སྤྱོད་མཚོན་བྱེད་ཅིག །ཡང་ན་དུས་སྐབས་དེར་ལག་ཆགས་པའི་མིའི་དྲན་པ་མཚོན་བྱེད་ཅིག་ཏུ་གྱུར་ནས་འདུག །ལོ་འདི་དག་ལ་རྡུང་ལེན་ལ་དཀྲོལ་ལེན་ཞེས་པའི་མིང་འདོགས་ཤིག་ཡི་གེ་བ་དག་གིས་སྦྱར་པ་དང་། འགྲན་སྡུར་སོགས་སུ་མངའ་རིས་སྒྲ་ལ་སྐར་མ་སྣོན་པ། རྡུང་ལེན་གྱི་བྱུང་བ་དང་འདས་པའི་སྐོར་གླེང་བྱའི་གྲལ་དུ་སླེབས་པ། སྔ་མའི་རོལ་ཆ་དེར་མན་ཐཱོ་ལེན་ཞེས་བཏགས་པ། རྡུང་ལེན་པ་དག་གི་སྐད་ངག་དང་ཆ་བྱད་ལ་མངའ་རིས་སྒྲ་མཛའ་བ་སོགས་ཀྱི་བྱེད་སྤྱོད་ཆུ་བུར་རྡོལ་བ་བཞིན་གང་ས་གང་དུ་བྱུང་བས། མངའ་རིས་སྒྲ་ཡང་ཨ་མདོའི་ཕྱོགས་སུ་གློ་བུར་དུ་ཁྱབ། རོལ་ཆའི་ངོས་ཀྱི་མཉམ་འདྲེས་ཤིག་ཀྱང་ལོ་འདི་དག་ལ་དར་སོང་བ་སྟེ། གྷེ་ཋར་དང་ཡཱོ་ཁི་ལེ་ལེ། གླིང་བུ། ལག་རྔ་སོགས་རྡུང་ལེན་པ་དག་གིས་ཉམས་སུ་བླངས། རོལ་ཆ་འདི་དག་དང་འགྲོགས་པའི་རྡུང་རྩལ་དང་ལུས་ངག་གི་ཉམས་སྟོན་སྟངས། དབྱངས་ཀྱི་རྟ། གླུ་ཚིག་རིགས་འདྲ་མིན་ཡང་རིམ་ཅར་དུ་བྱུང་ནས། རྡུང་ལེན་གྱི་མངའ་ཁོངས་རྒྱ་བསྐྱེད། དེ་དག་ལས་ཀྱང་མངའ་རིས་སྒྲ་དང་མན་ཐཱོ་ལེན་གཉིས་ལས་གམ་བེད་སྤྱོད་པ་སོགས་ཀྱི་ཐད་ནས་རྩོད་གཞི་ཆུང་ཆུང་རེ་ཡང་བྱུང་སོང་སྙམ་སྟེ། གང་རི་བྱ་ཡིན་པ་དང་གང་ཡུལ་བྱ་ཡིན་པ། ཉམས་སུ་ཇི་ལྟར་ལེན་མིན་སོགས། 

ལྷ་སའི་འོད་སྡེར་ཚོང་ཁང་ཞིག (2005) པར་བདགRonald Schwantz

  འདིའི་སྐོར་གྱི་སྣང་ཚུལ་ནི་སྐབས་འགའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་ལ་བལྟས་པས་ཀྱང་གསལ། སྐབས་དང་པོ་དང་གཉིས་པའི་མན་ཐཱོ་ལེན་ནས་སྐབས་བཞི་བ་དང་ལྔ་བའི་མངའ་རིས་སྒྲ། སྐབས་བདུན་པ་ལྟ་བུར་ཅུང་ཟད་ཞི་འཇགས་སུ་སོང་སྟེ་མན་ཐཱོ་ལེན་དང་མངའ་རིས་སྒྲ་གཉིས་ཆ་སྤྱོད་མཁན་བྱུང་བ་སོགས། རོལ་ཆ་འདི་གཉིས་ཀྱིས་ལོ་འདི་དག་རིང་རིག་གནས་སྟེང་གི་འདི་དང་ཕྱི། རོལ་ཆ་རང་སྟེང་གི་ལྗིད་དང་རྩུབ་སོགས་ཀྱི་ངོས་ནས་འགྲན་སྡུར་ལྟ་བུ་ཞིག་བྱས་བྱུང་། ལྷག་ཏུ་སྐབས་བདུན་པའི་འགྲན་སྡུར་ལྟ་བུར་སྐལ་བཟང་བཀྲ་ཤིས་སོགས་ཀྱི་མངའ་རིས་སྒྲའི་རྡུང་རྩལ་གྱིས་ང་ཚོ་མདུན་དུ་ཁྲིད་ནས་རྒྱང་རིང་གི་མཐའི་ཀློང་ཞིག་ཏུ་སྐྱེལ་བ་དང་། གུ་རུ་ཚེ་བརྟན་སོགས་ཀྱིས་མན་ཐཱོ་ལེན་གྱི་སྟེང་ནས་བདུད་བྷེའི་གླུ་བསྐྱར་དུ་བླངས་པས་ང་ཚོ་ཕྱིར་འཐེན་ཏེ་ལོ་ཟླའི་དྲན་པ་ཞིག་གི་ཁུག་ཏུ་བསྙལ་བ་སོགས་རོལ་ཆ་རང་རང་གི་གཟི་བག་དང་ཉམས་རྩལ་བསྟན། མ་ཟད་རྡུང་ལེན་ཚོགས་པ་དང་ནང་མ་སྟོད་གཞས་ལེན་མཁན་སོགས་ཀྱང་ཐེངས་འདིའི་འགྲན་སྡུར་དུ་བྱུང་བས་སྤྱིའི་ཆ་ནས་འཁྲུག་ཆ་དོད་ཙམ་བྱུང་། དེ་དང་ཆབས་ཅིག་ང་ཚོར་འདང་རྒྱག་རྒྱུ་ཡང་མང་ཙམ་བཞག་ཡོད་དེ། རྡུང་ལེན་ཞེས་པའི་ཚིག་རང་སྟེང་དུ་རོལ་ཆ་ལ་ཆ་རྐྱེན་བསྟན་ཡོད་མེད། ཨ་མདོའི་རྡུང་ལེན་གྱི་དཔེ་མཚོན་ལྟ་བུ་ལ་བདུད་བྷེ་དང་དཔལ་མགོན་སོགས་འཇོག་ན། གླུ་གང་དག་ཚབ་མཚོན་ཡིན་པ། ཨ་མདོའི་རྡུང་ལེན་ལ་དམིགས་སའི་ཉན་མཁན་དང་ཞབས་འདེགས་ཞུ་སའི་སྤྱི་ཚོགས་ཡོད་དང་མེད་པ། རོལ་མོ་ལ་མི་རིགས་ཀྱི་རང་བཞིན་ཟེར་བ་ཞིག་ཡོད་མིན། ཨ་མདོའི་རྡུང་ལེན་མ་འོངས་པར་གང་དུ་སོང་ན་འགྲིག་མིན་སོགས།

  གནད་དོན་འདི་རིགས་ལ་ལན་འདེབས་རྒྱུ་དཀའ་འམ་སླ་ཞེ་ན་སླ་ཡང་། འདང་བརྒྱབ་ན་ལན་བཏབ་ཀྱང་དོན་སྙིང་ཆེར་མེད་པ་འདྲ། དེ་ལ་རྒྱུ་མཚན་མང་པོ་ཡོད། དེ་ལས་གལ་ཆེ་བ་གཅིག་ནི་ཨ་མདོའི་རྡུང་ལེན་ད་ལྟ་ད་རུང་ཡིན་ན་ཡང་འཛིན་རྒྱུ་མེད་ལ་ཆོས་ཉིད་བཙལ་དུ་མེད་པ་ཞིག་ཏུ་གནས་པས་ཡིན། འདིའི་ངོས་ནས་ཨ་མདོའི་རྡུང་ལེན་ནམ་ཡང་འགྱུར་ལྡོག་ཅིག་གི་ཁྲོད་དུ་གནས་ཤིང་། དེང་གི་སྐབས་ལྷག་ཏུ་དཀྱོག་མཚམས་ཤིག་ཏུ་ཁེལ་འདུག་སྙམ། འདིའི་ཐད་ནས་དབུས་གཙང་ཕྱོགས་ཀྱི་ནང་མ་སྟོད་གཞས་ཀྱིས་བརྒྱུད་མྱོང་བའི་ལམ་བུ་དང་ཅུང་ཟད་བསྡུར་ཐབས་མེད། རྡུང་ལེན་དར་བའི་རྒྱུན་ཐུང་ལ་ལུགས་ཀྱི་སྲོལ་སྲབ། མི་བོ་ཆེ་ཉུང་ལ་ལུགས་སྣ་ཚོགས་ཀྱང་གྲུབ་མེད། འདི་ཡང་རྡུང་ལེན་པ་དག་གི་བློ་སྦྱོང་ལ་ཐད་ཀར་རག་ལས། ང་ཚོའི་རྡུང་ལེན་པ་མང་ཆེ་བས་ནི་རྡུང་རྐྱང་ལེན་རྐྱང་ཙམ་ལས། རྒྱུན་རིང་བོའི་ཟིང་ཆ་དང་གཏིང་ཟབ་པའི་ལས་འགུལ་སོགས་བསླངས་པ་མེད་པས་ན། འཕུར་མཆོངས་བྱས་ཚུལ་ཀྱང་བཤད་དཀའ། འོན་ཀྱང་། འདས་པའི་ལོ་འདི་དག་གི་རིང་ལ། རྣམ་དཔྱོད་དང་སྦྱངས་པ་ཆེ་བའི་རྡུང་ལེན་པ་རེ་འགའ་ཡང་བྱུང་དང་འབྱུང་གིན་པ་ནི་ཤིན་ཏུ་དགའ་འོས་པའི་གནས་སྟེ། ཐེངས་འདིའི་འགྲན་སྡུར་ལྟ་བུར། ཉམས་རྒྱག་སྟངས་དང་སྒྲ་རྡུང་སྟངས་སོགས་ཐད་ནས་མ་འདྲ་བ་ཁ་ཤས་མཐོང་། དེ་དག་ལས་སྐལ་བཟང་བཀྲ་ཤིས་ནི་དཔེ་མཚོན་ཞིག་སྟེ། ཁོའི་འགྱུར་བ་དང་ཉམས་གོང་བུ་གཅིག་ཏུ་གྱུར་པའི་རྣམ་པ་དང་། སོར་རྩེ་འཁྱུག་པའི་རྡུང་རྩལ་གྱིས་ལྟད་མོ་བར་ཨ་མདོའི་རྡུང་ལེན་གྱི་གཏེར་སྒོ་གཞན་ཞིག་ཕྱེས་ཤིང་རྒྱང་རིང་གཞན་ཞིག་བསྟན། འདི་ནི་དགའ་འོས་པའི་དོན་ཞིག་སྟེ། རྡུང་ལེན་ཀྱང་ཚིག་ནས་དབྱངས་དང་། ཕྱིའི་ཉམས་ནས་ནང་སེམས་ལ་ཕྱོགས་བཞིན་པའི་རྟགས་ཤིག་མཐོང་། ང་ཚོས་ད་རུང་ཡང་མུ་མཐུད་ནས་ཚིག་ལ་དོན་བརྗོད་འཇུག་པ་དང་། ནང་སེམས་ཕྱིའི་ཉམས་ལ་བསྲེས་པ། རྡུང་རྩལ་ཐད་ནས་ཀྱང་ཞིབ་ཆར་འགྲོ་ཅི་ཐུབ་ཀྱིས་སོར་ལུགས(Fingerstyle)ལྟ་བུར་ཡང་ཚོད་ལྟ་བྱས་ཏེ། ལུགས་དང་རིགས་སྣ་ཚོགས་བྱུང་དུ་འཇུག་རྒྱུ་གལ་ཆེ་བསམ།

སྒྲ་སྙན་(རྡུང་ལེན)གློག་བརྙན་དུ་སླེབས་པ།

  དེ་ལ་ཁ་ཅིག་ན་རེ། རྡུང་ལེན་ནི་ངེས་པར་མན་ཐཱོ་ལེན་གྱིས་ལེན་དགོས་ཟེར། དེ་ལ་ངེས་པ་མེད་དེ། རྡུང་ལེན་དང་མན་ཐཱོ་ལེན་གཉིས་དེང་ཐོག་དུས་དང་སྐབས་འགྲིག་ནས་འཕྲད་ཅིང་། བདུད་བྷེས་དར་བའི་རྩེར་བསྐྱལ་པས་མན་ཐཱོ་ལེན་གྱིས་དམིགས་བསལ་ཨ་མདོའི་ས་ཆར་བག་ཆགས་ཡག་པོ་བཞག་པ་མ་གཏོགས། མངའ་རིས་སྒྲ་དེང་མ་ནས་མ་བདམས་པ་ཞིག་མིན། རོལ་མོ་དང་གཞས་ཀྱི་རིགས་གང་ཡིན་ན་ཡང་། སྤྱིར་བཏང་གི་མཚམས་ཚིགས་འཇོག་དུས་རོལ་ཆས་དང་དབྱངས་རྟ། ཚིག་དང་སྒྲིག་གཞི། དམིགས་སའི་ཉན་མཁན་སོགས་ཕྱོགས་མང་པོ་ནས་རིགས་བགར་བ་མ་གཏོགས་རོལ་ཆས་རྐྱང་པའི་སྟེང་ནས་འཇོག་པ་ཕལ་ཆེར་མེད། དེ་བས་ཨ་མདོའི་རྡུང་ལེན་དུ་མངའ་རིས་སྒྲ་བྱུང་བ་ལ་འགལ་ཆ་ཅི་ཡང་མེད། ཡང་ཁ་ཅིག་ན་རེད། རྡུང་ལེན་ནང་མངའ་རིས་སྒྲ་བེད་སྤྱད་ཚེ། རྡུང་སྟངས་ཀྱང་ངེས་པར་དབུས་གཙང་ལྟར་བྱེད་དགོས་ཟེར། དེ་ལ་ཡང་ངེས་པ་མེད་དེ། སྐབས་འདིར་ང་ཚོས་རྡུང་ལེན་ཞེས་པ་རོལ་མོའི་རིགས་ཤིག་ལ་གོ་བ་ལས་ལེན་རྟ་ཙམ་དང་རོལ་ཆས་ཙམ། འདས་ཟིན་གྱི་དྲན་པ་ཙམ། མི་གཅིག་གཉིས་ཤིག་གིས་ཚད་གཞི་བྱས་པའི་སྒྱུ་རྩལ་ཙམ་ལ་མི་གོ ། དེ་ལྟར་ན་རྡུང་ལེན་འདི་ལ་ཡང་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་ཤིག་གྲུབ་ནས་ཡོད་པ་དཔེར་ན། རྡུང་ལེན་གྱི་ཚིག་གི་དོན་མདོ་སྨད་ཆོལ་ཁའི་མིའི་འཚོ་ཚིས་དང་འབྲེལ་བ། དབྱངས་རྟ་དང་འགྲོས་རྡེབ་སོགས་བདུད་བྷེ་དང་དཔལ་མགོན་སོགས་རྡུང་ལེན་པ་སྔ་མ་དག་གམ་མི་མང་མང་གི་དྲན་ངོགས་ཀྱི་བག་ཆགས་དང་མཐུད་ཐུབ་པ། རྡུང་སྟངས་ཡང་དེ་སྔའི་རྡུང་སྲོལ་དང་རྦད་དེ་ཁ་ཁར་མ་སོང་བ་ཞིག །ཆ་ལུགས་དང་ཆས་གོས། ཚིག་གི་སྒྲ་སོགས་སྤྱིར་བཏང་ཨམ་སྐད་ཀྱི་སྒྲ་འབྱིན་སྟངས་རྨང་གཞིར་བྱས་པ་ལྟ་བུའི་སྲོལ་རྒྱུན་ཆུང་ཆུང་རེ་ཆགས་འདུག་ན་ཡང་། འདི་དག་ཨ་མདོའི་རྡུང་ལེན་གྱི་མཚམས་ཚིགས་སམ་ཁྱད་ཆོས་འབའ་ཞིག་ཏུ་ནི་བརྩི་མི་རིགས། འོ་ན་འཕེལ་རྒྱས་གཏོང་ཕྱོགས་ཀྱང་གོང་གི་སྲོལ་རྒྱུན་ཆུང་ཆུང་འདི་དག་རྨང་གཞིར་བྱས་པ་ཞིག་ངེས་པར་ཡིན་དགོས་པར་འདོད། དེ་ལ་དཔེར་ན་ཐེངས་འདིའི་འགྲན་སྡུར་ཁྲོད་ཀྱི་དཔལ་ཆེན་རྡོ་རྗེ་ལྟ་བུ། ཁོས་བླངས་པ་དག་ལ་ཁྱད་ཆོས་གོང་ལྟར་མེད་པས་ཨ་མདོའི་རྡུང་ལེན་དུ་འཇོག་དཀའ། དཔྱད་པ་རྒྱག་སྐབས་ཀྱང་ནང་མ་དང་སྟོད་གཞས་ལྟ་བུའི་ཁྱབ་ཁོངས་ནས་ཡག་བཙོག་བཤད་པ་ལས་མེད། འདིའི་ཐད་ནས་རྡུང་ལེན་པ་དག་གིས་བོད་(མི་རིགས་གཞན་པ་)ཀྱི་ས་ཆ་སོ་སོའི་ཡུལ་ལུང་གོམས་གཤིས་དང་བསམ་སྤྱོད། རིག་གནས་ཀྱི་མངོན་སྟངས་དང་སྒྱུ་རྩལ་གྱི་རྣམ་པ། ལྷག་པར་ཡང་རོལ་ཆས་འདྲ་མིན་ལ་སྦྱོང་རྒྱུ་གལ་ཆེ། ང་རང་གི་སེམས་ལ་ཡང་ད་ལྟའི་རྡུང་ལེན་གྱིས་ངེས་པར་དོལ་བོའི་གཞས་ནང་གི་དོན་བརྗོད་པའི་སྤྲོས་བརྗོད་ཀྱི་ཐབས་དང་། སྟོད་གཞས་ནང་གི་རྡོག་རྩལ། ནང་མའི་འཁྲུག་གཞས་ཀྱི་རྟ་སོགས་རོལ་མོའི་ཆ་ལག་གམ་སྒྲིག་གཞི་ལ་ངེས་པར་སློབ་སྦྱོང་དང་ཚུར་ལེན་བྱ་དགོས་པར་འདོད། འདི་དག་གི་ངོས་ནས་རྒྱ་ཆུང་ངུས་འགེབས་པ་དང་ཚད་ཤིང་ཁ་ཤས་བཟོས་ནས་རྡུང་ལེན་མཚན་ཉིད་པ་འདི་རེད་ཅེས་གཏན་ཁེལ་བྱ་བ་སོགས་གང་ཡིན་ཡང་རྡུང་ལེན་འཕེལ་རྒྱས་ལ་མི་ཕན་པས། གནད་དོན་འདི་རིགས་སྤྱི་ཚོགས་ཀྱི་འགྱུར་བ་དང་ཉན་མཁན་གྱི་དགོས་མཁོ་ལ་སྒོ་བསྟུན་པ་ལས་མེད།

བླ་བྲང་དུ།   དུས་རབས་གོང་མའི་ལོ་རབས་སུམ་ཅུ་པ།  པར་བདག་མི་གསལ།

  སྐབས་གཉིས་པ་དང་གསུམ་པ་ལྟ་བུར་གསར་རྩོམ་རྡུང་ལེན་མང་ལ་དེ་དག་ཀྱང་རིམ་བཞིན་གྲགས་ཅན་དུ་གྱུར་པ་དང་། རིམ་བཞིན་ནམ་ཐེངས་འདིའི་འགྲན་སྡུར་ལྟ་བུར་སྔ་མའི་རྡུང་ལེན་གྲགས་ཅན་བསྐྱར་ལེན་བྱས་པ་མང་ལ། གསར་བུ་གསར་མོ་དག་གིས་རྡུང་ལེན་གསར་རྩོམ་ཐད་ནས་དཀའ་ཁག་མང་དག་ཡོད་དུས་ཤིག་ལ་ཁེལ་འདུག་ལ། ལོ་འདི་འགའི་རྡུང་ལེན་ཆེད་སྒྲིག་དང་རྐྱང་གཞས་སོགས་ལ་བལྟས་པས་ཀྱང་རྡུང་ལེན་གྲགས་ཅན་དུ་གྱུར་པ་ཉུང་། འདི་དག་ལས་ཀྱང་ང་ཚོའི་རྡུང་ལེན་གྱི་མུ་མཐུད་འཕེལ་རྒྱས་ལ་རྣམ་དཔྱོད་མཐུན་རྐྱེན་ཨ་འཛོམས་དགུ་འཛོམས་བྱས་ཡོད་པའི་རྡུང་ལེན་པ་མང་དུ་བྱུང་ནས། རྡུང་ལེན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་ལམ་ཁ་གསར་པར་ཚོད་ལྟ་བྱ་བ། རྡུང་ལེན་གྱི་རྒྱང་རིང་གསར་པ་སྟོན་པ་སོགས་ལ་ཤ་འབད་རུས་འབད་བྱ་དགོས་པའི་དུས་ཤིག་ལ་ཁེལ་ཡོད་པ་ཡང་རྟོགས་ཐུབ། དེ་ལྟར་མིན་ཚེ། སྐད་དང་ཡི་གེ་རྒྱུད་འཛིན་བྱེད་དང་མི་རབས་ཀྱི་དྲན་པ་མཐུད་བྱེད། ཚོར་བ་བདེ་སྡུག་བཏང་སྙོམས་ཅི་རིགས་སྟོན་བྱེད་ཅིག་ནས་ལམ་ལ་ཆས་ཡོང་བའི་རྡུང་ལེན་རིག་གནས་འདི། དེང་གི་ཆར་རོང་འབྲོག་གི་ལས་གཉེར་མཁན་ཇེ་ཉུང་དུ་འགྲོ་བཞིན་པ་དང་། ལོ་ཆུང་ཚོ་སློབ་གྲྭར་འགྲོ་ཐལ་ཆེ་བ་སོགས་ཀྱི་རྐྱེན་པས་འདི་ག་རོལ་མྱོང་དང་མཛད་སྤྱོད་བྱ་མཁན་ཇེ་ཉུང་དུ་ཆགས་འགྲོ་བའི་ངེས་པ་ཡང་མཆིས། འོན་ཀྱང་འདས་པའི་ལོ་འདི་འགའི་སྣང་ཚུལ་ལ་བལྟས་ཚེ། རོལ་མོའི་གཞུང་དང་རྡུང་རྩལ་ལ་ངེས་པར་འཇུག་དགོས་པའི་ངེས་ཤེས་ཤིག་རྡུང་ལེན་པ་དག་ལ་ཆགས་ཡོད་པ་དང་། རྡུང་ལེན་གྱི་གར་སྟེགས་སུ་མི་གསར་པ་དང་གསར་པ་མུ་མཐུད་དུ་སླེབས་ཀྱིན་པ་སོགས་ལས་ང་ཚོའི་རྡུང་ལེན་གྱིས་ཀྱང་དབྱར་ལྗོངས་གསར་པ་ཞིག་བསུས་ཡོང་བའི་ལྟས་འདུག །དེ་ལ་རྡུང་ལེན་འདི་ཉིད་སྔོག་འདོན་དཔྱིས་ཕྱིན་པ་ཞིག་བྱས་ཏེ། དོན་བརྗོད་རིང་མོའི་རྡུང་ལེན་དང་། རྡུང་ལེན་གྱི་མཉམ་སྒྲོག་རོལ་མོ། སྒྲའི་སྒ་དང་མདའ་སོགས་ཀྱང་སྒྲ་ཁུངས་བྱས་པའི་རྡུང་སྟངས་སོགས་ནང་དོན་དང་རྣམ་པ། སྒྲིག་གཞི་དང་ཚོར་བ།ཉམས་སྟོན་ལུགས་སྣ་ཚོགས་ཚོགས་ཀྱི་རྡུང་ལེན་བརྩམས་ཆོས་མང་ཙམ་འབྱུང་བར་རེའོ། །

རྩོམ་ཁུངས། མཆོད་མེ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་མདོའི་རྡུང་ལེན། སྤྱི་ཚོགས་དང་མཚམས་ཚིགས།

2020-11-03 བྱམས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།