འབྲོག་མོ།


ཞོགས་པའི་སྐྱ་རེངས་ཁ་ཚུབ་ནས་ལྷུང་དུས།།
གོས་ཚར་རྙིང་ཧྲིལ་སྐ་རགས་དེ་སྡོམ་ཞོར།།
སྦྲ་ནག་སྒོ་བྱང་ཆོན་ཐག་ལ་འཕེན་མཁན།།
སྐྲ་ལོ་ལྷས་པའི་རྩྭ་ཐང་གི་འབྲོག་མོ།།



དཀྱིལ་ཀྲུང་སུམ་ཐབ་གོར་མོ་ཡི་ནང་ལ།།

འོང་བ་སྐམ་པོའི་མེ་ཁ་དེ་གསོས་པས།།
དུད་ཞགས་དཀར་པོ་ཁ་ཚུབ་ལས་མཆེད་དུས།།

འཛུམ་དཀར་རྒོད་པའི་འབྲོག་མོ་དེ་དགའ་བ།།



གསོམ་དཀར་ཆུ་ཟོ་རྐེད་རྒྱབ་ལ་ཁུར་ནས།།
དངུལ་གྱི་ཐོམ་བུ་ཕྱག་སོར་གྱིས་བཟུང་དེ།།

ཆུ་བོ་དྭངས་མོའི་ལང་ཚོ་དེ་བཅུ་མཁན།།

རྩྭ་ཐང་འབྲོག་མོའི་གོམ་སྟབས་དེ་ཡག་པ།།



ཐུལ་དཀར་འབྲི་མོའི་ལག་ཟུང་གཉིས་དམ་དུ།
།
ཆུ་མིག་དགུ་མདུད་ལག་ཐག་གྱིས་བསྡམས་ནས།།

ནུ་བཞིའི་འོ་མ་ཤག་ཤག་ཏུ་འཇོ་མཁན།།

ལྷས་རའི་འབྲོག་མོའི་རོལ་དབྱངས་འདི་སྙན་པ།།

ཟས་མཆོག་སྦྲང་དཀར་རྩམ་པ་ཡི་ནང་ལ།།

བཅུད་ལྡན་འབྲི་མར་སེར་བོ་དེ་འཕངས་ནས།།

ཡང་བརྒྱན་འཕྱུར་དཀར་སྐར་ཚོགས་དེ་གཏོས་པས།།
གཡང་ཁྱིམ་འབྲོག་མོའི་ཟས་སྐལ་དེ་ཞིམ་པ།།

སྤྲིན་དཀར་འདྲེས་པའི་གཡང་དཀར་ལྷན་རྩེན་ཞིང་།།

རི་གླུ་སྙན་མོ་ཁོད་ཡངས་ལ་འཕུར་བས།།

སྟག་ཤར་གཞོན་ནུའི་སེམས་ཁོང་ལ་འཛུལ་མཁན།།

ཕྱུགས་རྫི་བུ་མོ་རྩྭ་ཐང་ན་མཛེས་པ།།



ཉི་མ་རི་བོའི་ཕ་རོལ་ལ་ཆས་ཏེ།།
ནོར་ནག་རྐང་བཞི་ལྷས་རྭ་ལ་བསྐྱིལ་ནས།།

གོ་ཁ་གྲུ་བཞིར་ལྷན་གཅིག་ཏུ་འཛོམས་སྐབས།།
ཁྱིམ་བདག་འབྲོག་མོའི་ཁ་ཚིག་དེ་འཇམ་པ།།



དུང་ཟླ་དཀར་བོ་མཁའ་དབྱིངས་སུ་ཤར་ནས།།

ཟླ་ཐིག་དཀར་བོ་ཁ་ཚུབ་ལས་འཚེར་དུས།།

མར་སྒྱེད་འོང་ཁའི་འགྲམ་ངོགས་ན་གཉིད་པས།།
རྩྭ་ཐང་འབྲོག་མོའི་རྨི་ལམ་དེ་ཞིམ་པ།།



ལ་གཞས་སྙན་མོ་མཚན་ངོགས་ན་རྒྱུ་དུས།།
འདྲེས་པའི་་རོགས་ལོ་་སླེབས་རན་ལ་སྒུག་པས།།
དམར་ཆུང་སེམས་པ་ལྷོག་ལྷོག་ཏུ་འགུལ་པས།།

དུང་ཤ་ཉེ་བའི་སྦྲ་ནང་གི་འབྲོག་མོ།།



སྒོ་ཁྱིའི་ཟུག་སྐད་རི་ཀླུང་ལ་ཁྱབ་ནས།།

སྟག་ཤར་གཞོན་ནུ་རུམ་ཁ་ལ་འཛུལ་བས།།

འཇམ་གཉེན་ལང་ཚོ་ཕན་ཚུན་ལ་འཁྱུད་དུས།།

འབྲོག་གི་བུ་མོ་ཤ་རྩ་དེ་འཇམ་པ།།



འབྲོག་ནས་ཡོང་བའི་འབྲོག་ཕྲུག་ངའི་སེམས་ལ།།
འབྲོག་མོ་ཞིག་གི་སྣང་བརྙན་དེ་ཤར་བས།།

གློག་ཀླད་གྲུ་བཞིའི་མཐེབ་གནོན་གྱི་སྒང་ལ།།

སེམས་ལ་དྲན་པ་ཤར་མར་ཏུ་ཕབ་ཡིན།།

       

༢༠༡༣་༥་༥ཉིན་རང་ཤག་ནས་བྲིས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་མོ།

2013-06-19 སོག་མདའ། ཀློག་གྲངས། མཆན ཡོད།


ཞོགས་པའི་སྐྱ་རེངས་ཁ་ཚུབ་ནས་ལྷུང་དུས།།
གོས་ཚར་རྙིང་ཧྲིལ་སྐ་རགས་དེ་སྡོམ་ཞོར།།
སྦྲ་ནག་སྒོ་བྱང་ཆོན་ཐག་ལ་འཕེན་མཁན།།
སྐྲ་ལོ་ལྷས་པའི་རྩྭ་ཐང་གི་འབྲོག་མོ།།



དཀྱིལ་ཀྲུང་སུམ་ཐབ་གོར་མོ་ཡི་ནང་ལ།།

འོང་བ་སྐམ་པོའི་མེ་ཁ་དེ་གསོས་པས།།
དུད་ཞགས་དཀར་པོ་ཁ་ཚུབ་ལས་མཆེད་དུས།།

འཛུམ་དཀར་རྒོད་པའི་འབྲོག་མོ་དེ་དགའ་བ།།



གསོམ་དཀར་ཆུ་ཟོ་རྐེད་རྒྱབ་ལ་ཁུར་ནས།།
དངུལ་གྱི་ཐོམ་བུ་ཕྱག་སོར་གྱིས་བཟུང་དེ།།

ཆུ་བོ་དྭངས་མོའི་ལང་ཚོ་དེ་བཅུ་མཁན།།

རྩྭ་ཐང་འབྲོག་མོའི་གོམ་སྟབས་དེ་ཡག་པ།།



ཐུལ་དཀར་འབྲི་མོའི་ལག་ཟུང་གཉིས་དམ་དུ།
།
ཆུ་མིག་དགུ་མདུད་ལག་ཐག་གྱིས་བསྡམས་ནས།།

ནུ་བཞིའི་འོ་མ་ཤག་ཤག་ཏུ་འཇོ་མཁན།།

ལྷས་རའི་འབྲོག་མོའི་རོལ་དབྱངས་འདི་སྙན་པ།།

ཟས་མཆོག་སྦྲང་དཀར་རྩམ་པ་ཡི་ནང་ལ།།

བཅུད་ལྡན་འབྲི་མར་སེར་བོ་དེ་འཕངས་ནས།།

ཡང་བརྒྱན་འཕྱུར་དཀར་སྐར་ཚོགས་དེ་གཏོས་པས།།
གཡང་ཁྱིམ་འབྲོག་མོའི་ཟས་སྐལ་དེ་ཞིམ་པ།།

སྤྲིན་དཀར་འདྲེས་པའི་གཡང་དཀར་ལྷན་རྩེན་ཞིང་།།

རི་གླུ་སྙན་མོ་ཁོད་ཡངས་ལ་འཕུར་བས།།

སྟག་ཤར་གཞོན་ནུའི་སེམས་ཁོང་ལ་འཛུལ་མཁན།།

ཕྱུགས་རྫི་བུ་མོ་རྩྭ་ཐང་ན་མཛེས་པ།།



ཉི་མ་རི་བོའི་ཕ་རོལ་ལ་ཆས་ཏེ།།
ནོར་ནག་རྐང་བཞི་ལྷས་རྭ་ལ་བསྐྱིལ་ནས།།

གོ་ཁ་གྲུ་བཞིར་ལྷན་གཅིག་ཏུ་འཛོམས་སྐབས།།
ཁྱིམ་བདག་འབྲོག་མོའི་ཁ་ཚིག་དེ་འཇམ་པ།།



དུང་ཟླ་དཀར་བོ་མཁའ་དབྱིངས་སུ་ཤར་ནས།།

ཟླ་ཐིག་དཀར་བོ་ཁ་ཚུབ་ལས་འཚེར་དུས།།

མར་སྒྱེད་འོང་ཁའི་འགྲམ་ངོགས་ན་གཉིད་པས།།
རྩྭ་ཐང་འབྲོག་མོའི་རྨི་ལམ་དེ་ཞིམ་པ།།



ལ་གཞས་སྙན་མོ་མཚན་ངོགས་ན་རྒྱུ་དུས།།
འདྲེས་པའི་་རོགས་ལོ་་སླེབས་རན་ལ་སྒུག་པས།།
དམར་ཆུང་སེམས་པ་ལྷོག་ལྷོག་ཏུ་འགུལ་པས།།

དུང་ཤ་ཉེ་བའི་སྦྲ་ནང་གི་འབྲོག་མོ།།



སྒོ་ཁྱིའི་ཟུག་སྐད་རི་ཀླུང་ལ་ཁྱབ་ནས།།

སྟག་ཤར་གཞོན་ནུ་རུམ་ཁ་ལ་འཛུལ་བས།།

འཇམ་གཉེན་ལང་ཚོ་ཕན་ཚུན་ལ་འཁྱུད་དུས།།

འབྲོག་གི་བུ་མོ་ཤ་རྩ་དེ་འཇམ་པ།།



འབྲོག་ནས་ཡོང་བའི་འབྲོག་ཕྲུག་ངའི་སེམས་ལ།།
འབྲོག་མོ་ཞིག་གི་སྣང་བརྙན་དེ་ཤར་བས།།

གློག་ཀླད་གྲུ་བཞིའི་མཐེབ་གནོན་གྱི་སྒང་ལ།།

སེམས་ལ་དྲན་པ་ཤར་མར་ཏུ་ཕབ་ཡིན།།

       

༢༠༡༣་༥་༥ཉིན་རང་ཤག་ནས་བྲིས།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།