རོ་ཁ་གདངས།༼ ཞར་བཀོད་གཉིས་ཡོད ༽

IMG_6588.JPG

གནམ་སའི་བར་གྱི་སྒོ་གླེགས་ཤིག་ལ།།
ལྕགས་ཀྱི་ཟྭ་ཆེན་སྲོག་གིས་བརྒྱབ་པས།།
ཡི་གེ་ཕྱེད་མའི་གཟུགས་ཤིག་ཁུར་ནས།།
ལོ་ཟླའི་བཞུས་ཁུ་བླུགས་ན་སྲ་མོ།།
ཚེ་ཡི་ཐག་པས་འཐེན་ཡང་བཙན་པོ།།
ང་ཡི་དབྱངས་ཀྱི་གྲེ་བ་བརྣངས་སོང་།།

མེ་ལོང་ནང་གི་རི་བོ་ཞིག་ལ།།
འོད་ཀྱི་དཀྲིས་མ་སུམ་རྐྱ་བྱས་ན།།
ལམ་གྱི་ཁ་ཡིག་ལྷབ་བེ་ལྷུབ་བེ།།
འཚོ་བའི་འདར་སྐད་ཚིག་ལ་བརྡབ་རྗེས།།
མཛེས་པའི་རོ་ལངས་བྱ་ན་ཆོག་པ།།
སྐྱོ་བའི་ཡན་ལག་བསྲིང་ན་ཆོག་གོ།

སྒེའུ་ཁུང་ཁ་ལ་འབྱར་བའི་རྣམ་ཤེས།།
འཆི་བའི་གར་ཞིག་འཁྲབ་པ་དེ་འདྲ།།
སྐར་མ་རེ་རེར་ཞེ་ཁར་བབས་ནས།།
གར་གྱི་སྟངས་སྟབས་གྲིབ་མར་བརྡར་བ།།
ཐོ་ཡིག་དཀར་བོ་དགུང་ལ་བཏགས་ནས།།
འོད་ཀྱི་ལམ་ལ་ལྟད་མོ་བྱ་འོ།།

མུན་པར་གློ་སྙིང་མཆིན་གསུམ་སྦྱར་ན།།
ཟླ་བའི་གཅེས་ཤིག་མེད་ལ་མ་རྙེད།།
སྐད་ཆ་རྡབ་རྡིབ་འོད་ལ་བསྲེས་ན།།
འཇའ་ཡི་སྣ་ཐག་རྒྱང་ལ་དྲུད་འགྲོ།།
རྨི་ལམ་ནང་གི་འཚོ་བ་ཟད་ནས།།
འཇམ་པོ་འདྲ་བ་དེ་ཡང་སྡུག་པོ།།

               ༢༠༡༥-༧-༣༠

              སྣང་བ་ཐེད་རོ་མ།

 

 

གཟུགས་དང་གྲིབ་མ་སོ་སོ་གར་ཚུལ་ལས།།
ཇ་དམར་ཧུབ་གང་གྲང་བའི་སླད་དུ་བྱོས།།
རླངས་བ་དེ་ཉིད་ཟིལ་བ་ཁྲོམ་ཁྲོམ་ཆགས།།
ཟིལ་བ་ཁྲོམ་ཁྲོམ་གཟུགས་མེད་ཁམས་སུ་ཆགས།།
གཞས་དབྱངས་སྲོག་ཏུ་ཞུགས་ན་ཞུགས་རན་འདུག།

ཕར་ནས་ཕར་ལ་བདའ་བའི་ཞེད་པ་ནི།།
ཡིད་ཀྱི་དགའ་མགུ་འཐིབས་པའི་ཡོལ་བ་ཞིག།
ཡོལ་བའི་ནང་གི་སྐད་ཆ་ཐེད་པོ་དག།
སྲིད་པའི་གར་ལ་བཏགས་ནས་མཛེས་པ་གླེང་།།
གང་ནས་རྡུལ་གྱི་ལག་པ་འཐམ་ཞིང་བསྡམས།།

ཁྱེད་ཀྱི་མདུན་དུ་བསྟར་བའི་འཆར་ཡན་དེ།།
སྣང་བའི་འབྲུག་དང་འཐིབས་པའི་སྤྲིན་གྱིས་ཟ།།
བར་ཐག་ཅིག་ལ་ཐིག་གི་ཕྲ་བཏབ་ན།།
དབྱར་དང་སྟོན་གྱི་བར་དུ་སྨུག་པ་རྩེན།།
འཇའ་དང་རླུང་བུའི་བར་ལ་རྩོད་པ་ཐོན།།

རྨི་ལམ་ནང་གི་སྦྲ་གུར་ཆུང་ཆུང་དུ།།
སྙན་པའི་དབྱངས་དང་མཛེས་པའི་ཚིག་རིས་ལྡེམ།།
ཤོག་བུའི་སྟེང་གི་འགུལ་རྣམ་གསོན་པོ་དེ།།
བརྡ་རྟགས་གཅིག་ནས་གཅིག་ལ་འཕྲོད་པ་འདྲ།།
མུན་པ་གཅིག་གིས་གཅིག་ནི་ཟོས་པ་འོ།།

                                ༢༠༡༥-༨-༢༡

               ཡི་གར་འོང་བའི་ན་བུན།

 

དཀར་ལ་སྲབ་པ་ཞིག་རི་འདབས་རྒྱུ་བ།།
སྤྲིན་པ་ཕང་ཕུང་གི་རྫི་བོ་ཡིན་འདྲ།།
ངག་འཇམ་གླུ་གཞས་ཀྱང་གཏོང་བཞིན་འདྲ་བས།།
འཇིག་རྟེན་ཕྱི་མ་ཞིག་ཡིད་ངོར་དོད་ཅིང་།།
མཛེས་སྣང་ཡན་པོ་དེ་འཁྱུག་པར་གྱུར་སོང་།།
ན་བུན་འཁྱམ་པོ་དེས་རྣམ་ཤེས་འཁྲིད་སོང་།།

ན་སྤང་འདྲེས་མཚམས་ཀྱི་སྔོ་བརླན་ཁུད་དུ།།
རླུང་བུའི་ལག་པ་ནི་ཚུར་ལ་འཐམས་ཤིང་།།
ཐ་སྙད་ཁ་ཤས་ལ་སྡེར་ཁ་བཤམས་ནས།།
རྨི་ལམ་འཕྲོ་མ་ལ་ཞེན་ཆགས་བཙལ་བ།།
དབུགས་རིང་ཐུ་མོ་ཞིག་གང་ལ་འཐིམས་དུས།།
རི་འདབས་ན་བུན་དེ་ཅི་ལ་འཁྲུལ་འགྲོ།

ཞེ་ལ་ན་བུན་ཞིག་གོག་ནས་འགྲོ་བ།།
ཞོགས་ཀའི་རླངས་པ་དེ་ཡིན་སྣང་འཆར་ལ།།
རླངས་པའི་གཟུགས་རིས་ལས་མཆེད་པའི་ཁ་དོག།
དུད་པ་སྔོ་ནག་ཅིག་ཨེ་ཡིན་འདྲ་བས།།
རི་འདབས་ལྷོད་ལྷོད་ཀྱིས་འགྲོ་བ་དེ་ནི།།
ཁ་དོག་སྔོ་ནག་གི་དབྱིབས་ཅན་མ་ཡིན།།

རང་བྱུང་ཁ་དབུགས་ཀྱི་སྟུག་ཚད་དེ་ཡིས།།
ཚོར་བའི་སྙིང་ཁམས་ཀྱང་བསིལ་བསིལ་བཏང་བྱུང་།།
སྐྱོ་གཞས་ཐན་ཐུན་གྱི་དབྱངས་རྟ་བོར་ནས།།
མུན་པ་ཐེད་པོ་དེ་གྲང་བ་ཚོར་བྱུང་།།
ཡིད་ཀྱི་གནམ་ངོ་ནི་འཐིབས་པ་མཐོང་བྱུང་།།
དབུགས་ངལ་ལྷོད་པོ་དེར་ཡག་མོ་གདའ་འོ།།

                           ༢༠༡༥-༨-༩

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོ་ཁ་གདངས།༼ ཞར་བཀོད་གཉིས་ཡོད ༽

2015-09-04 ཆར་ཐིགས། ཀློག་གྲངས། མཆན ཡོད།

IMG_6588.JPG

གནམ་སའི་བར་གྱི་སྒོ་གླེགས་ཤིག་ལ།།
ལྕགས་ཀྱི་ཟྭ་ཆེན་སྲོག་གིས་བརྒྱབ་པས།།
ཡི་གེ་ཕྱེད་མའི་གཟུགས་ཤིག་ཁུར་ནས།།
ལོ་ཟླའི་བཞུས་ཁུ་བླུགས་ན་སྲ་མོ།།
ཚེ་ཡི་ཐག་པས་འཐེན་ཡང་བཙན་པོ།།
ང་ཡི་དབྱངས་ཀྱི་གྲེ་བ་བརྣངས་སོང་།།

མེ་ལོང་ནང་གི་རི་བོ་ཞིག་ལ།།
འོད་ཀྱི་དཀྲིས་མ་སུམ་རྐྱ་བྱས་ན།།
ལམ་གྱི་ཁ་ཡིག་ལྷབ་བེ་ལྷུབ་བེ།།
འཚོ་བའི་འདར་སྐད་ཚིག་ལ་བརྡབ་རྗེས།།
མཛེས་པའི་རོ་ལངས་བྱ་ན་ཆོག་པ།།
སྐྱོ་བའི་ཡན་ལག་བསྲིང་ན་ཆོག་གོ།

སྒེའུ་ཁུང་ཁ་ལ་འབྱར་བའི་རྣམ་ཤེས།།
འཆི་བའི་གར་ཞིག་འཁྲབ་པ་དེ་འདྲ།།
སྐར་མ་རེ་རེར་ཞེ་ཁར་བབས་ནས།།
གར་གྱི་སྟངས་སྟབས་གྲིབ་མར་བརྡར་བ།།
ཐོ་ཡིག་དཀར་བོ་དགུང་ལ་བཏགས་ནས།།
འོད་ཀྱི་ལམ་ལ་ལྟད་མོ་བྱ་འོ།།

མུན་པར་གློ་སྙིང་མཆིན་གསུམ་སྦྱར་ན།།
ཟླ་བའི་གཅེས་ཤིག་མེད་ལ་མ་རྙེད།།
སྐད་ཆ་རྡབ་རྡིབ་འོད་ལ་བསྲེས་ན།།
འཇའ་ཡི་སྣ་ཐག་རྒྱང་ལ་དྲུད་འགྲོ།།
རྨི་ལམ་ནང་གི་འཚོ་བ་ཟད་ནས།།
འཇམ་པོ་འདྲ་བ་དེ་ཡང་སྡུག་པོ།།

               ༢༠༡༥-༧-༣༠

              སྣང་བ་ཐེད་རོ་མ།

 

 

གཟུགས་དང་གྲིབ་མ་སོ་སོ་གར་ཚུལ་ལས།།
ཇ་དམར་ཧུབ་གང་གྲང་བའི་སླད་དུ་བྱོས།།
རླངས་བ་དེ་ཉིད་ཟིལ་བ་ཁྲོམ་ཁྲོམ་ཆགས།།
ཟིལ་བ་ཁྲོམ་ཁྲོམ་གཟུགས་མེད་ཁམས་སུ་ཆགས།།
གཞས་དབྱངས་སྲོག་ཏུ་ཞུགས་ན་ཞུགས་རན་འདུག།

ཕར་ནས་ཕར་ལ་བདའ་བའི་ཞེད་པ་ནི།།
ཡིད་ཀྱི་དགའ་མགུ་འཐིབས་པའི་ཡོལ་བ་ཞིག།
ཡོལ་བའི་ནང་གི་སྐད་ཆ་ཐེད་པོ་དག།
སྲིད་པའི་གར་ལ་བཏགས་ནས་མཛེས་པ་གླེང་།།
གང་ནས་རྡུལ་གྱི་ལག་པ་འཐམ་ཞིང་བསྡམས།།

ཁྱེད་ཀྱི་མདུན་དུ་བསྟར་བའི་འཆར་ཡན་དེ།།
སྣང་བའི་འབྲུག་དང་འཐིབས་པའི་སྤྲིན་གྱིས་ཟ།།
བར་ཐག་ཅིག་ལ་ཐིག་གི་ཕྲ་བཏབ་ན།།
དབྱར་དང་སྟོན་གྱི་བར་དུ་སྨུག་པ་རྩེན།།
འཇའ་དང་རླུང་བུའི་བར་ལ་རྩོད་པ་ཐོན།།

རྨི་ལམ་ནང་གི་སྦྲ་གུར་ཆུང་ཆུང་དུ།།
སྙན་པའི་དབྱངས་དང་མཛེས་པའི་ཚིག་རིས་ལྡེམ།།
ཤོག་བུའི་སྟེང་གི་འགུལ་རྣམ་གསོན་པོ་དེ།།
བརྡ་རྟགས་གཅིག་ནས་གཅིག་ལ་འཕྲོད་པ་འདྲ།།
མུན་པ་གཅིག་གིས་གཅིག་ནི་ཟོས་པ་འོ།།

                                ༢༠༡༥-༨-༢༡

               ཡི་གར་འོང་བའི་ན་བུན།

 

དཀར་ལ་སྲབ་པ་ཞིག་རི་འདབས་རྒྱུ་བ།།
སྤྲིན་པ་ཕང་ཕུང་གི་རྫི་བོ་ཡིན་འདྲ།།
ངག་འཇམ་གླུ་གཞས་ཀྱང་གཏོང་བཞིན་འདྲ་བས།།
འཇིག་རྟེན་ཕྱི་མ་ཞིག་ཡིད་ངོར་དོད་ཅིང་།།
མཛེས་སྣང་ཡན་པོ་དེ་འཁྱུག་པར་གྱུར་སོང་།།
ན་བུན་འཁྱམ་པོ་དེས་རྣམ་ཤེས་འཁྲིད་སོང་།།

ན་སྤང་འདྲེས་མཚམས་ཀྱི་སྔོ་བརླན་ཁུད་དུ།།
རླུང་བུའི་ལག་པ་ནི་ཚུར་ལ་འཐམས་ཤིང་།།
ཐ་སྙད་ཁ་ཤས་ལ་སྡེར་ཁ་བཤམས་ནས།།
རྨི་ལམ་འཕྲོ་མ་ལ་ཞེན་ཆགས་བཙལ་བ།།
དབུགས་རིང་ཐུ་མོ་ཞིག་གང་ལ་འཐིམས་དུས།།
རི་འདབས་ན་བུན་དེ་ཅི་ལ་འཁྲུལ་འགྲོ།

ཞེ་ལ་ན་བུན་ཞིག་གོག་ནས་འགྲོ་བ།།
ཞོགས་ཀའི་རླངས་པ་དེ་ཡིན་སྣང་འཆར་ལ།།
རླངས་པའི་གཟུགས་རིས་ལས་མཆེད་པའི་ཁ་དོག།
དུད་པ་སྔོ་ནག་ཅིག་ཨེ་ཡིན་འདྲ་བས།།
རི་འདབས་ལྷོད་ལྷོད་ཀྱིས་འགྲོ་བ་དེ་ནི།།
ཁ་དོག་སྔོ་ནག་གི་དབྱིབས་ཅན་མ་ཡིན།།

རང་བྱུང་ཁ་དབུགས་ཀྱི་སྟུག་ཚད་དེ་ཡིས།།
ཚོར་བའི་སྙིང་ཁམས་ཀྱང་བསིལ་བསིལ་བཏང་བྱུང་།།
སྐྱོ་གཞས་ཐན་ཐུན་གྱི་དབྱངས་རྟ་བོར་ནས།།
མུན་པ་ཐེད་པོ་དེ་གྲང་བ་ཚོར་བྱུང་།།
ཡིད་ཀྱི་གནམ་ངོ་ནི་འཐིབས་པ་མཐོང་བྱུང་།།
དབུགས་ངལ་ལྷོད་པོ་དེར་ཡག་མོ་གདའ་འོ།།

                           ༢༠༡༥-༨-༩

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།