ཁ།

མི་གཅིག་ཡིན་ཡང་ཁ་གཅིག་ཡིན་པའི་ངེས་པ་མེད། །
མི་གཉིས་ཡིན་ཡང་ཁ་གཉིས་ཡིན་པའི་ངེས་པ་མེད། །
མི་དང་ཁ་གཉིས་བར་གྱི་འབྲེལ་བ་ཟབ་ཙམ་ཡོད། །
མི་སྐད་ཁ་ནས་བཤད་ཀྱང་མི་ཁོག་མིས་མ་ལོན། །

ཁ་ནས་སྐད་ཆ་མང་པོ་བཤད་ཀྱང་ཁ་ཡི་ལས། །
ཁ་ནས་ལོ་རྒྱུས་མང་པོ་གླེང་ཡང་ཁ་ཡི་རྒྱན། །
ཁ་ནས་འཚོ་བ་ཇི་ལྟར་གླེང་ཡང་ཁ་ཙམ་ཡིན། །
ཁ་ནས་བཤད་པ་སེམས་དང་འབྲེལ་བ་དེ་ཙམ་མེད། །

ཁ་ནས་ཇི་ལྟར་རྩོད་ཀྱང་བདེན་པ་ཁ་ན་མེད། །
ཁ་ནས་ཇི་ལྟར་བཤད་ཀྱང་ཁ་འདི་ངལ་བའི་རྒྱུ། །
ཁ་ནི་ཉེས་ཅན་ཁ་མཆུའི་བོགས་མ་ཡིན་འགྱུར་ལ། །
ཁ་ཡི་ཉེས་པ་ཁ་ཙམ་མིན་པས་ཁ་འདིར་ཟོན། །

ཁ་དང་ཁ་ཡི་བར་ལ་རྫུན་དང་གཡོ་སྒྱུ་མང་། །
ཁ་དང་ཁ་ཡི་བར་ནས་འཁྲུག་དང་རྩོད་གཞི་མང་། །
ཁ་དང་ཁ་ཡི་བར་ནས་སེམས་དང་མི་གཤིས་བརླགས། །
ཁ་དང་ཁ་ཡི་བར་ནས་ཡོད་ཚད་རིམ་བཞིན་བརླགས། །

ཁ་དང་ཁ་ཡི་བར་ནས་དགེ་སློབ་མཛའ་མཐུན་བཙུགས། །
ཁ་དང་ཁ་ཡི་བར་ནས་གོང་འོག་ཟམ་པ་བཙུགས། །
ཁ་དང་ཁ་ཡི་བར་ནས་བཟའ་ཚང་ཁ་ཐོར་སོང་ ། །
ཁ་དང་ཁ་ཡི་བར་ནས་དྲང་བདེན་རིམ་བཞིན་ཡལ། །

ཁ་དང་ཁ་ཡི་བར་ནས་དཀྲོག་གཏམ་བཟོས་པ་མང་། །
ཁ་དང་ཁ་ཡི་བར་ནས་ཡིད་ཆེས་བརླགས་པ་མང་། །
ཁ་དང་ཁ་ཡི་བར་ནས་རིག་གནས་བརླགས་པ་མང་། །
ཁ་དང་ཁ་ཡི་བར་ནས་དུས་ཚོད་བརླགས་པ་མང་། །

ཁ་དང་ཁ་ཡི་བར་ལ་གསང་བ་མང་པོ་ཡོད། །
ཁ་དང་ཁ་ཡི་བར་ལ་ངོ་ལྤགས་མང་པོ་ཡོད། །
ཁ་དང་ཁ་ཡི་བར་ནས་ཞབས་འདྲེན་ཞུས་པ་མང་། །
ཁ་དང་ཁ་ཡི་བར་ནས་སེམས་པ་བརླགས་པ་མང་། །

ཁ་ཡི་འོས་འགན་སྐད་ཆ་ཡོད་ཚད་བཤད་རྒྱུ་མིན། །
ཁ་ཡི་འཇོན་ཐང་དཀར་པོ་ནག་པོར་བཟོ་རྒྱུ་མིན། །
ཁ་ཡི་བསྟོད་ཡུལ་ཁ་མཁས་ཚིག་སྙན་ཀླད་སྟོང་མིན། །
ཁ་ནི་བདེན་པའི་སྐད་ཆ་བཤད་རྒྱུའི་ལག་ཆ་ཡིན། །

ཁ་ནས་བདེན་པའི་སྐད་ཆ་བཤད་ན་ཁ་འདི་བཟང་། །
ཁ་ནས་བཤད་པའི་སྐད་ཆ་ལག་བསྟར་བྱས་ན་ལེགས། །
ཁ་དང་ཁ་ཡི་བར་ལ་སྐད་ཆ་ཉུང་ན་དགའ། །
ཁ་ལ་བདག་པོ་རྒྱབ་ན་རང་གཞན་ཀུན་ལ་ཕན། །

ཁ་ནས་མང་པོ་བཤད་ཀྱང་སེམས་ཀྱི་སྐད་ཆ་ཡིན། །
ཁ་ནས་མང་པོ་བཤད་ཀྱང་སེམས་ཀྱི་བསམ་ཚུལ་ཡིན། །
ཁ་ནས་མང་པོ་བཤད་པ་སྐད་ཆ་གཅིག་པུ་མིན། །
ཁ་ནས་བཤད་པར་ཕྱིར་རྟོག་བྱས་ན་ཁ་ཙམ་མིན། །

                                                  2015-04-16

                                                                                    རྩོམ་སྒྲིག་པ། དབང་མོ།

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ།

2016-01-27 གངས་ཆར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།